གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་སྐབས་དྲུག་པའི་<<གནའ་གཏམ་སྲིད་པ་རྒན་པོ་>>ཞེས་པའི་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་སྐབས་དྲུག་པའི་<<གནའ་གཏམ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་སྐབས་དྲུག་པའི་<<གནའ་གཏམ་སྲིད་པ་རྒན་པོ་>>ཞེས་པའི་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-18ལྟ་ཀློག (5409)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་སྐབས་དྲུག་པའི་<<གནའ་གཏམ་སྲིད་པ་རྒན་པོ་>>ཞེས་པའི་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

   ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་ཚོགས་སྐབས་རང་སློབ་གླིང་གི་སྐབས་དྲུག་པའི་<<གནའ་གཏམ་སྲིད་པ་རྒན་པོ་>>ཞེས་པའི་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་སྤེལ། སློབ་དོན་ཁང་གིས་གཙོ་སྒྲུབ་བྱས་ཏེ་སློབ་བུ་དབང་ཆེན་མཚོ་དང་རིག་བྱེད་སྒྲོལ་མ་གཉིས་ཀྱིས་མདོ་འཛིན་བྱས། དམའ་འབྲིང་དང་སློབ་ཆུང་གཉིས་ཀྱི་འཛིན་གྲྭ་རེ་ནས་མི་གཉིས་རེ་བཅས་ཁྱོན་བསྡོམས་སློབ་མ་ཉེར་དྲུག་བྱ་འགུལ་འགྲན་སྡུར་ལ་ཞུགས། སློབ་གཙོ་གཡོན་གཞིའི་ཡུལ་ལྷ་མཆོག་གིས་སྲིད་པའི་གནའ་གཏམ་ནི་འཚོ་བའི་རྒྱུན་ཤེས་དང་། འཚོ་བའི་ལག་ཆ་ཡིན་པས་གནའ་གཏམ་ཡང་ཤེས་དགོས་པའི་ཐོག་མའི་གཏམ་བཤད་ཀྱང་། རང་སློབ་གྲྭའི་གླུ་མ་དབང་མོས་གླུ་གཞས་བཏང་།    ཐེངས་འདིའི་བྱ་འགུལ་འགྲན་སྡུར་ཁྲོད་སློབ་གཙོ་ཡུལ་ལྷ་ལགས་དང་། རྒན་བཀྲ་ཤིས་ཚེ་རིང་། རྒན་འཇམ་དཔལ་རྣམ་འཇོམས། རྒན་རྟ་མགྲིན་ཚེ་རིང་། དཀར་མོ་ཡེ་ཤེས་སོགས་ཀྱིས་དཔྱད་འདེམས་བྱས། བོད་ཀྱི་གནའ་གཏམ་<<ཁྲག་གིས་བརྫུས་པའི་ཁུག་མ།>><<བདག་གི་ཨ་མ་མིག་གཅིག་ལས་མེད། >>ཅེས་པ་དང་རྒྱའི་གནའ་གཏམ་<<石壕吏>><骑驴的父子>> སོགས་སྐད་རིགས་གཉིས་ཀྱི་འཁྲབ་བཤད་གནའ་གཏམ་ཉེར་དྲུག་ཁྲོད་སློབ་མ་སངས་རྒྱས་མཚོ་དང་ཚེ་འཚམས། པ་སངས་གསུམ་ལ་ཨང་དང་བོའི་བྱ་དགའ་ཐོབ། ཡེ་ཤེས་སྐྱིད། འབྲུག་མཚོ། གུ་རུ་སྒྲོལ་མ་གསུམ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། ལྷུན་འགྲུབ་མཚོ། ཡེ་ཤེས། ཤེས་རབ་དུང་མཚོ་གསུམ་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་འཛིན་གྲྭ་གསུམ་ལ་ཕུལ་བྱང་གི་བྱ་དགའ་གནང་། སློབ་དོན་ཁང་གི་གཙོ་འགན་པ་རྒན་བཀྲ་ཤིས་ཚེ་རིང་མཆོག་གིས་དཔྱད་འདེམས་དགེ་རྒན་ཚོས་ཚབ་བྱས་ཏེ་དགེ་སློབ་དྲུག་བརྒྱ་ལྷག་ལ་གནའ་གཏམ་དང་གནའ་གཏམ་འཁྲབ་བཤད་ཀྱི་ཉམས་འགྱུར་དང། ལྷག་པར་དམའ་འབྲིང་རིམ་པའི་འཁྲབ་བཤད་གནའ་གཏམ་གྱི་བརྗོད་བྱས་སྤྱི་ཚོགས་ཀྱི་འཚོ་བ། དངོས་ཡོད་སྣང་བརྙན་མངོན་ཐུབ་ཅེས་པ་དང་རྗེས་མར་སྐབས་བདུན་པའི་བྱ་འགུལ་ཡང་ཇེ་རྒྱས་ཇེ་ལེགས་དང་གཟབ་རྒྱས་ངང་སྤེལ་དགོས་པའི་རེ་བ་བཏོན་ཏེ་གནའ་གཏམ་གྱི་བྱ་འགུལ་མཇུག་བསྡུས་སོ།།


ཐེངས་འདིའི་དཔྱད་འདེམས་པའི་དགེ་རྒན་རྣམས། 

དགེ་སློབ་ཡོངས་ཀྱིས་གནའ་གཏམ་ལ་ཉན་བཞིན་པའི་ཡུལ་དངོས།

འཁྲབ་སྟོན་གྱི་ཡུལ་དངོས།

བྱ་དགའ་ཨང་དང་བོ་ཐོབ་པའི་སློབ་མ་སངས་རྒྱས་མཚོ།

དགེ་རྒན་རྣམ་པས་བྱ་དགའ་གནང་བཞིན་པ།

གནའ་གཏམ་སྲིད་པ་རྒན་པོ་ཞེས་པའི་འགྲན་སྡུར་གྱི་ཚོགས་ར།


སློབ་གཙོ་མཆོག་གིས་བྱ་དགའ་གནང་བཞིན་པ།


བྱ་དགའ་ཐོབ་ཟིན་པའི་འགྲན་ཞུགས་སློབ་མའི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་དཀར་མོ་ཡེ་ཤེས་ཀྱིས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། omes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528248
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།