འཛམ་གླིང་གི་མཁས་པ་གྲགས་ཅན་འགའི་ལེགས་བཤད་ཕྱོགས་བསྡུས་ལས་དཔེ་ཀློག་སྐོར་གླེང་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »འཛམ་གླིང་གི་མཁས་པ་གྲགས་ཅན་འགའི་ལེགས་བཤད་ཕྱོགས་བསྡུས་ལས་དཔེ་ཀ
འཛམ་གླིང་གི་མཁས་པ་གྲགས་ཅན་འགའི་ལེགས་བཤད་ཕྱོགས་བསྡུས་ལས་དཔེ་ཀློག་སྐོར་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-17ལྟ་ཀློག (2008)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཛམ་གླིང་གི་མཁས་པ་གྲགས་ཅན་འགའི་ལེགས་བཤད་ཕྱོགས་བསྡུས་ལས་དཔེ་ཀློག་སྐོར་གླེང་བ།

                                                 དཔེ་ཀློག
དཔེ་དེབ་ལེགས་པོ་ཞིག་ལྟ་ཀློག་བྱས་པ་དེ་མི་ཡ་རབས་ཅན་མང་བོ་ཞིག་དང་གཏམ་གླེང་བྱས་པ་དང་མཚུངས།
                                   ༼ཧྥ་རན་སེའི་མཚན་ཉིད་རིག་པ་མཁས་ཅན་༽ ཏི་ཁར།

གླེན་རྟགས་བྱ་བ་སྣ་ཚོགས་ཉིན་ལྟར་དཔེ་དེབ་ཡག་པོ་ཞིག་བལྟས་པའི་ཤུགས་རྐྱེན་འོག་མེ་ལ་བསྲེགས་པ་ལྟར་རིམ་བཞིན་མེད་པར་གྱུར་ཏོ།།
                                              ༼ཧྥ་རན་སེའི་རྩོམ་པ་པོ༽ ཡུས་ཀུའོ་ཡིས།

 ངས་དཔེ་དེབ་ཇི་ཙམ་ལྟ་ཀློག་བྱས་པ་དེ་ཙམ་གྱིས་ང་དང་འཛམ་གླིང་གི་བར་ཐག་གཏང་ཐུབ་པ་དང་། ངའི་འཚོ་བ་ཡང་དེ་བས་འོད་སྟོང་ལྡན་པ་དང་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་གྱི་འདུག
               ཀའོ་ཨེར་ཅིས།

ཞིབ་འཇུག་བྱ་རྒྱུའི་གནད་དོན་ལ་གཞིགས་ཏེ་ངེས་པར་ཏུ་ཆེས་ཕུན་སུམ་ཚོགས་པ་དང་། གཏིང་ཟབ་པ། ཡང་དག་པ་བཅས་ཀྱི་སྒོ་ནས་གནད་དོན་དེ་རིགས་རྒྱས་བཤད་ཁ་གསབ་བྱ་ཐུབ་པའི་དཔེ་དེབ་གདམ་དགོས།
                     ༼སུའུ་ལེ་ཉིན་གྱི་སློབ་གསོ་མཁས་ཅན༽ཁེ་ལུའུ་ཕུ་སི་ཁ་ཡས།

དཔེ་དེབ་ཇི་ཙམ་ལྟ་ཀློག་བྱས་པ་དེ་ཙམ་གྱིས་ཁོག་པ་སྟོང་བ་ཡིན་པའི་ཚོར་སྣང་ཡོང་།
                                                ༼དབྱིན་ཇིའི་སྙན་ངག་མཁས་ཅན༽ཞོས་ལེ་ཡིས།

དཔེ་དེབ་ལྟ་ཀློག་མ་བྱས་ཚེ་དངོས་འབྲེལ་གྱི་སློབ་གསོ་འཐོབ་མི་ཐུབ། དུས་མཚུངས་དབྱེ་འབྱེད་ཀྱི་ནུས་པའང་ལྡན་མི་སྲིད།

                                        ༼ཨུ་རུ་སུའི་བསམ་བློ་མཁས་ཅན་དང་རྩོམ་པ་པོ༽ ཧོར་ཚན་གྱིས།

    དཔེ་མཛོད་ཁང་ནས་ང་ལ་ཡུན་རིང་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་ཐོབ་བྱུང་བ་དང་ངའི་ཤེས་ཡོན་མང་དུ་འགྲོ་ཐུབ་པ་བྱུང་། ངས་ཉིན་ལྟར་དཔེ་མཛོད་ཁང་ནས་སློབ་སྦྱོང་ཆུ་ཚོད་གཉིས་ཙམ་བྱེད་ཀྱི་ཡོད། ཐབས་ལམ་འདི་སྤྱད་དེ་རང་ཉིད་དེ་སྔ་ཐོབ་པའི་གོ་སྐབས་མ་བྱུང་བའི་སློབ་གསོ་གཏིང་ཟབ་པ་དེ་རིགས་ཁ་གསབ་གང་འཚམས་བྱ་ཐུབ་པ་བྱུང་།           
                       ༼ཨ་རིའི་ཆབ་སྲིད་མཁས་ཅན་དང་ཚན་རིག་མཁས་ཅན༽ཧྥུ་ལན་ཁེ་ལིན་གྱིས།

ངའི་དགེ་མཚན་མཐའ་དག་དཔེ་དེབ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ཡང་ངས་དཔེ་དེབ་ལྟ་ཀློག་བྱེད་པའི་དུས་སུ་ང་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་སྤྲོ་བ་རབ་ཏུ་འཕེལ་བའི་དགའ་སྤྲོ་མང་བོ་ཞིག་ཡོང་ཐུབ།        
           ༼གུང་གཞོན་ཚོགས་པས་ཚོགས་མིར་གང་བྱ་དགོས་མིན་གྱི་རེ་བ་བཏོན་པ༽ཀའོ་ཨེར་ཅིས།

ངས་དཔེ་དེབ་ལྟ་ཀློག་བྱས་པ་བརྒྱུད་ཤེས་ཡོན་འཚོལ་བསྡུད་ཐུབ་མོད། འོན་ཀྱང་ངེས་པར་བསམ་གཞིགས་བྱས་ཏེ་འབྲུ་རྡོག་དང་ཕུབ་མ་ཁག་སོ་སོར་དབྱེ་ཐུབ་པ་བྱ་དགོས།
    
                                                              ༼དབྱིན་ཇིའི་རྩོམ་པ་པོ༽ཧྥུ་ལི་སི་ཐེས།

དཔེ་དེབ་གདམ་རྒྱུ་ནི་གྲོགས་པོ་བསྒྲིགས་དང་འདྲ་བས་གཟབ་ནན་བྱ་དགོས། གང་ཡིན་ཞེ་ན།  རང་གི་གོམས་གཤིས་ལ་དཔེ་དེབ་ཀྱིས་ཤུགས་རྐྱེན་ཐེབས་པ་དེ་གྲོགས་པོ་ལས་གཞན་པ་མེད་པས་སོ།།                       
                                                                                ཧུ་ཏེས།

དཔེ་དེབ་ནི་དུས་ནམ་ཡང་ཉེ་འཁོར་གྱི་གྲོས་འདྲི་གཞི་བྱེད་ས་ཞིག་ཡིན།  དེས་རྣམ་ཀུན་རང་ཉིད་ལ་མཁོ་བའི་ཤེས་བྱ་རྣམས་སྤྲད་ཐུབ་པ་མ་ཟད། རང་ཉིད་ཀྱི་བློ་འདོད་ལྟར་གྲོས་འདྲི་བྱེད་པའི་ཁ་གྲངས་ཡང་སྐོར་བསྐྱར་སྐོར་བྱ་ཆོག
                             ༼ཨ་རིའི་དངོས་ཁམས་རིག་པ་མཁས་ཅན༽ཁའེ་ལེས།

འཚོ་བར་དཔེ་དེབ་མེད་ན་འཇིག་རྟེན་ལ་ཉི་འོད་མེད་པ་དང་འདྲ། བློ་གྲོས་ལ་དཔེ་དེབ་མེད་ན་བྱེའུར་གཤོག་སྒྲོ་མེད་པ་དང་འདྲའོ།།
                                                                       ཤིག་སེ་པིར་གྱིས།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865442
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号