ཤེས་རིག་གླིང་དུ་འགྲོ་དགོས་ཡོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ཤེས་རིག་གླིང་དུ་འགྲོ་དགོས་ཡོད།
ཤེས་རིག་གླིང་དུ་འགྲོ་དགོས་ཡོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-12ལྟ་ཀློག (3735)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རིག་གླིང་དུ་འགྲོ་དགོས་ཡོད།


ཁ་བའི་བམ་ཁ་ཇི་ལྟར་མཐུག་ན་ཡང་།།

ཙག་སེར་ཁ་ཆར་ཇི་ལྟར་རྒོད་ཀྱང་རུང་།།

ལས་དང་རིག་པས་བསྐྱེད་པའི་ཤེས་རིག་གླིང་།།

འོད་ཀྱི་གོང་བུར་བསྒྲུབ་ཕྱིར་འགྲོ་དགོས་ཡོད།།


ཕྱི་ནང་འགལ་རྐྱེན་ཕྲ་རགས་མང་ཡང་རུང་།།

རང་གི་འོས་སྐལ་མང་བོ་ཤོར་ཡང་ཆོག །

གངས་རིའི་དབུགས་རྒྱུན་མཐུད་སའི་ཤེས་རིག་གླིང་།།

མི་ཉམས་གོང་འཕེལ་གཏོང་ཕྱིར་འགྲོ་དགོས་ཡོད།།


གོ་ཐོབ་མཚན་སྙན་ལེན་རྒྱུ་མེད་ཀྱང་ཆོག །

རྒྱུ་འབྱོར་ལོངས་སྤྱོད་ཐོབ་རྒྱུ་ཉུང་ཡང་རུང་།།

མི་ཚེའི་ཕྱེད་ཀ་ཟད་སའི་ཤེས་རིག་གླིང་།།

སྐྱིད་སྡུག་མཉམ་མྱོང་བྱེད་ཕྱིར་འགྲོ་དགོས་ཡོད།།


ཕ་ས་ཕ་ཡུལ་སྤྲོ་ལ་སྐྱིད་ཀྱང་ཆོག།

མི་ཡུལ་ལུང་བར་དྲན་གདུང་མོད་ཀྱང་རུང་།།

བོད་ཕྲུག་གཙང་མ་འཛོམས་སའི་ཤེས་རིག་གླིང་།།

མིང་དོན་མཚུངས་པར་བསྒྲུབ་ཕྱིར་འགྲོ་དགོས་ཡོད།།

རྔ་བ་ནས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་བསྐྱོད་སྐབས་ཁ་བས་ལམ་ཁ་བཀག་ནས་འགྲོ་དཀའ་བར་གྱུར་བས་རང་གིས་རང་ལ་སེམས་གསོ་དང་ཀུ་རེའི་ཚུལ་དུ་ལྡོང་ཡོན་ཏན་རྒྱ་མཚོས་བྲིས།༢༠༡༧-༣-༡༢ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23529551
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།