པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིའི་དབུ་འབྱེད་མཛད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིའི་དབུ་འབྱེད་མཛ
པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིའི་དབུ་འབྱེད་མཛད་སྒོ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2017-03-11ལྟ་ཀློག (6606)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིའི་དབུ་འབྱེད་མཛད་སྒོ།
Beijing Thonmi Culture Sevice Ltd. Inauguration Ceremony:

北京托弥文化发展有限公司开业典礼


   སྤྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིའི་སྒོ་དངོས་སུ་འབྱེད་རྒྱུ་ཡིན། པེ་ཅིན་ཐོན་མིའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་སི་ནི་ཕུགས་བསམ་གྱི་ཕྱོགས་སུ་འགྲོ་བཞིན་པའི་བོད་ཀྱི་ན་གཞོན་གསུམ་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་མཉམ་དུ་བསྒྲུབས་པ་ཞིག་ཡིན། དེ་ལྟར་སྒྲུབ་པའི་དམིགས་ཡུལ་ནི་མི་ངོ་དཀར་ནག་འཚོ་བ་ལས་རང་ཉིད་ནས་འགོ་བརྩམ་རྒྱུའི་འཆར་གཞི་འཐེན་ཞིང་། ལྷག་པར་སྐབས་ཐོབ་ཀྱི་ཁེ་ཕན་ཙམ་ལ་བརྟེན་ནས་བསྡད་ཚེ་འཁོས་ཀ་ཞན་པའི་འུ་ཅག་ལ་ཕན་པ་དཀའ་བས་ན་རང་གི་རིག་གནས་ལ་བརྟེན་ཏེ་ཁེ་ལས་གཉེར་ཆོག་པའི་བག་ཆགས་ཤིག་བསྐྲུན་འདོད་པ་དང་གཅིག  རང་གི་རྐང་ལག་གི་འགུལ་སྐྱོད་དང་ཀླད་པའི་ནུས་ཤུགས་ལ་བརྟེན་ནས་འཚོ་བ་རོལ་འདོད་པ་དང་གཉིས།   དཔལ་འབྱོར་ཁོ་ན་དོན་དུ་གཉེར་འདོད་པ་ཙམ་མ་ཡིན་པར་སྒྲ་ཡངས་པའི་དབང་དུ་བྱས་ན་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་ཆེད་དང་། བོད་ཀྱི་སྐད་ཡིག་ཉམས་དམས་སུ་འགྱུར་བཞིན་པའི་སྐྱོ་གར་འདི་དུས་རབས་ཀྱིས་ང་ཚོའི་མཐོང་ལམ་དུ་བསྟན་ཡོང་ཚེ་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་ཕྱི་ནང་ཀུན་ལ་བོད་སྐད་ཡིག་དར་རྒྱས་ཇེ་ཚོགས་སུ་གཏོང་ཆེད་དང་བོད་ཀྱི་པར་སྐྲུན་གྱི་ཐད་ལ་སྔར་ལས་ལྷག་པའི་ནུས་པ་ཞིག་འདོན་པར་འདོད་པ་དང་། ལེགས་ལམ་དུ་སོང་ཚེ་ལས་ཀ་ཤོར་བའི་བོད་ཀྱི་ལོ་ཆུང་དག་ལ་རང་རང་གི་འཇོན་ནུས་དང་འཚམ་པའི་གསར་བཏོད་དང་སྐྱེད་སྲིང་། ལས་གནས་ཀྱི་གར་སྟེགས་ཤིག་བསྐྲུན་འདོད་པ་དང་གསུམ་མོ། ། 
  ལས་ཀའི་རྣམ་གྲངས་ལ། ང་ཚོས་རྒྱལ་སྤྱིའི་གཅིག་གྱུར་ཚད་རིམ་སྒྲིག་གཞིའི་ཐོག་ནས་ཆེས་གསར་ཤོས་ཀྱི་པར་སྒྲིག་མཉེན་ཆས་དག་བེད་སྤྱད་དེ་དཔེ་དེབ་སྒྲིག་སྦྱོར་དང་དཔེ་དེབ་ཇུས་འགོད། དཔར་སྐྲུན། ཞུ་དག  རྟགས་མ་ཇུས་འགོད། བོད་ཡིག་གི་མཉེན་ཆས་གསར་བཟོ།  དཔེ་བསྡུར།  གསུང་འབུམ་དག་སྒྲིག  བརྙན་སྒྲིག་སྦྱོར། སྒྲ་སྒྲིག་སྦྱོར། དྲ་ལམ་ཁྱབ་བསྒྲགས། དེ་མིན་ང་ཚོས་འགྲིམ་འགྲུལ་སྟབས་བདེ་བཟོ་ཆེད་དྲ་ལམ་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཞིང་། འདི་ནས་བསྐུར་དགོས་པ་ཅི་ཡོད་ཞིང་ཆེན་སོ་སོའི་ཁུལ་རིམ་པར་སྐྱེལ་འདྲེན་བྱ་ཆོག 
   Beijing Thonmi Culture Promotion Ltd Thonmi Culture Service Ltd will be inaugurated on 12th march. It is run by three young Tibetans collaboratively. We primarily aimed to initiate the start up to encourage other youngsters about our own culture. Secondly to live a life with our own effort. All in all, it is not only for a financial profit but also protect our culture. 
    As the Tibetan language is diminishing, we are determined to improve publishing service to the best of our ability. If our goal is achieved, we are ready to create a platform where Tibetan youth are empowered with creativity. 
  Service: By using internationally standardized layout software, designing, publishing, editing and logo making services are offered. Creating new Tibetan software, comparing text, editing works, audio editing, online promotion. Also, for the convenience of online customers, delivery service is also available to respective provinces. 
   北京托弥文化发展有限公司将在3月12日于北京隆重开业 北京托弥文化发展有限公司是由三位富有理想的藏族青年创立的。创立公司的最终目的是让藏族人认识到通过自己的努力让梦想变为现实,让藏族人明白不能只注重眼前微小的利润,应该开扩自己的视野,用博大精深的民族文化开创伟大的事业,其一,让藏族人依靠自己的体力与脑力自给自足。其二,发展经济,保护藏民族文化的发展,解决藏民族语言逐渐消失的现象,提高国内外藏民族印刷与出版的水平和销量。其三,如能力允许公司会培养部分藏族青年,解决藏族人的就业问题。 
   经营范围:按照国际标准,设计、印刷、校改各类文本、设计品牌,编写各类藏文软件,校对各类全集,并装订成册,录制,编辑,上传相关视频、音乐及讲座,且会在网上发布广告,让大量的人知道藏民族文化的博大精深。 此外,本公司可以将各类产品发往各个省用以满足广大的消费者,同时宣扬藏民族文化。
འབྲེལ་གཏུག་བྱེད་གནས། གསེར་གུར།     15701525455    ཨ་མདོ་ཉི་མ།    15001194993

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526538
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།