པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་རྗེས་སུ་དྲན་པའི་གདུང་དབྱངས་སོ་སྐྱེས་སྙིམ་པའི་མེ་ཏོག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་རྗེས་སུ་དྲན་པའི་གདུང་དབྱངས་སོ་ས
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་རྗེས་སུ་དྲན་པའི་གདུང་དབྱངས་སོ་སྐྱེས་སྙིམ་པའི་མེ་ཏོག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-03-10ལྟ་ཀློག (3839)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚུངས་མེད་འགྲོ་བའི་འདྲེན་པ་ཆེན་པོ་གངས་ཅན་བསྟན་འགྲོའི་སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་༧ཆོས་ཀྱི་རྒྱལ་མཚན་མཆོག་ཉིད་རྗེས་སུ་དྲན་པའི་གདུང་དབྱངས་སོ་སྐྱེས་སྙིམ་པའི་མེ་ཏོག

འཇུ་སྐལ་བཟང་།
རྣམ་དཀར་ཤེ་མོང་ས་ཡིས་མ་ནོན་བྱེད་པོའི་ཕྱག་རྒྱ་གྲོལ་བ་ལས།།
ཏི་སེའི་རི་ཕྲེང་གངས་ཀྱི་གཤོག་ཆེན་མཁའ་ལ་འཕགས་པའི་རླབས་ཀྱི་རྩེ།།
སྣང་མཐའི་ཟློས་གར་དམར་སེར་འོད་ཀྱིས་འཁྱུད་པ་ཐོབ་པའི་གདུགས་ཡངས་པོ།།
མཆོག་གི་གདུལ་བྱ་འཕགས་པའི་གདུང་སྲས་དགའ་བའི་དཔལ་དུ་གནམ་གྱིས་བྱིན།།

མགོན་མེད་མགོན་མཛད་དང་པོའི་ཐུགས་དམ་སྒྲིབ་གཉིས་བཅོམ་པའི་ཐུགས་ལས་ལྡང་།།
དུས་ཀྱི་གཡོ་སྐྱོམ་རི་ཚོགས་འཐབ་པ་འཇིགས་མེད་སྤོབས་པས་གོམ་པ་གཞལ།།
བདེན་ཚིག་རལ་གྲིའི་རྣོ་སོ་ཁྲི་ཕྲག་ལོག་ལམ་ཁྲོས་པའི་གདོང་ལ་གཟིར།།
མི་ལོ་ཕྲག་བཅུའི་མུན་ཁོང་སེང་སྐྱོ་མེད་སྤྱོད་པའི་འོད་ཀྱིས་བྱུགས།།

འཇིགས་པ་གྲི་རྩེའི་འཕྲང་ལས་ཐོན་པའི་ཉམ་ཐག་རྐང་བའི་ཁྲག་རྒྱུན་ལ།།
བརྩེ་ཆེན་རླུང་ཤུགས་དྲག་ཏུ་བསྡུས་པས་སྙིང་རྗེའི་ཆུ་ལོན་རལ་བའི་རླབས།།
བཏང་སྙོམས་ཚད་མེད་རྒྱ་ཡིས་མ་ཐུབ་རྒྱལ་བའི་སྤྱན་ཆབ་ས་ལ་འཇོ།།
རང་གི་འཁོར་འབངས་ལག་པའི་མཐིལ་དུ་བྱ་མས་བོར་བའི་བུ་བཞིན་བླངས།།

བྱང་ཆེན་སྟོང་གི་སྙིང་རྗེས་མ་ཟིན་དུས་མཐའི་དམུས་ལོང་ཁྱུར་སྡེབ་པ།།
དངངས་སྐྲག་ལག་པ་བྲང་ལ་རྡེག་ཅིང་བྲེད་ཤས་བརྣངས་བའི་རི་དྭགས་སྙིང་།།
མི་འཇིགས་སྐྱབས་ཀྱི་ར་བར་སྙོལ་བྱེད་དབུས་གཙང་ཆོས་སྡེ་བཞད་པའི་མཁར།།
མཛད་ཡངས་ལི་ཁྲིའི་འོད་རྒྱ་གྲོལ་བས་གངས་རིའི་གྲོང་ཁྱེར་ཚོན་དུ་སྦངས།།

སྲིད་པའི་ཕུན་ཚོགས་བག་མེད་འཐེན་འཁྱེར་མདའ་ཆེན་འཐབ་པའི་རྣོ་དབལ་ལ།།
ཟིན་མནོན་སྤོབས་པ་ཁོང་ནས་བདོ་བ་སྤྱན་རས་གཅིག་གིས་འབུར་ཚུགས་སུ།།
བལྟ་བའི་དཔའ་གདེང་རིམ་གྱིས་གསོ་བྱེད་གསེར་གྱི་མཆིལ་མ་བདུད་རྩིའི་རོ།།
ཁ་ལ་ལྡུད་པ་ལུགས་ཀྱི་བསླབ་བྱས་རྒུད་པའི་དར་ཆེན་ས་ལས་བསླངས།།

རྒྱལ་བའི་གདུང་འཚོབ་འགྲོ་བའི་ཉི་མ་འཛམ་གླིང་ཆོས་ཀྱི་མངའ་བདག་ཆེ།།
ཟེར་ཕྲེང་རྣོན་པོའི་མུ་ཁྱུད་དང་བཅས་དུས་ཀྱི་རྒུད་པ་གསོ་བའི་སླད།།
བོད་ཀྱི་མཁའ་ལ་ཡུད་ཙམ་འཛུམ་པ་ལས་འབྲས་སྤྱོད་པའི་བདེན་སྟོབས་ཙམ།།
གཞན་དུ་སྐལ་བ་ཡོངས་སུ་བཅོམ་ལ་གྲུ་འཛིན་མགོན་པོ་སྙིང་རྗེས་རྡུགས།།

གངས་རིའི་དུམ་བུ་མཚོ་ལ་ཆད་པས་ངུད་མོའི་དབྱངས་ཆེན་རྐང་སྟབས་འཁྱོར།།
མྱ་ངན་ལག་པས་རྟ་གདོང་རི་བོའི་འགྲམ་པའི་ལྡེབས་ལ་ཤུགས་ཀྱིས་རྡེག།
ཉི་ཟླ་ཡལ་བའི་གནམ་སྟོང་མཁའ་ལ་བོད་ཀྱི་ལས་དབང་སྐྱོ་བའི་གླུས།།
དུས་རབས་རིང་མོ་བསྐྱལ་བའི་མྱ་ངན་སླར་ཡང་དྲན་པའི་སྟེགས་བུར་བསླངས།།

འོད་ཀྱིས་ཟ་བའི་མུན་པའི་གནམ་མཐའ་ལས་ཀྱིས་འཛད་པའི་རེ་ལྟོས་དང་།།
ལུགས་གཉིས་བདེན་པའི་ཐ་ཚིག་གཅིག་ལ་ལྟོགས་གྲིར་སྐྱེལ་བའི་གླེན་ཚུགས་ཀྱིས།།
མགོན་པོ་གང་གིས་བཏོད་པའི་ལམ་སྣེར་སོམ་ཉི་མེད་པར་འགྲེང་བྱེད་ན།།
རེ་བའི་མྱུ་གུ་ས་ལས་ལྡང་བྱེད་བྱིན་རླབས་དྲོན་མོའི་ཕ་ཕོགས་སྩོལ།།

   ཅེས་པའང་བསྐུལ་ངོར་སྙུག་ཐོགས་གྱི་ན་བ་འཇུ་སྐལ་བཟང་དུ་འབོད་པས་གུས་པར་བྲིས་པའོ།།
མཁོ་སྤྲོད་པ་སེར་སྐོར་འཇམ་ཚེ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532837
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།