གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསུམ་བརྒྱད་བུད་མེད་དུས་ཆེན་དང་འབྲེལ་བའི་སྲོལ་རྒྱུན་བཟོ་རྩལ་འགྲན་སྡུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསུམ་བརྒྱད་བུད་མེད་དུས་ཆ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསུམ་བརྒྱད་བུད་མེད་དུས་ཆེན་དང་འབྲེལ་བའི་སྲོལ་རྒྱུན་བཟོ་རྩལ་འགྲན་སྡུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-10ལྟ་ཀློག (5509)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསུམ་བརྒྱད་བུད་མེད་དུས་ཆེན་དང་འབྲེལ་བའི་སྲོལ་རྒྱུན་བཟོ་རྩལ་འགྲན་སྡུར།

       ༢༠༡༧ ལོའི་སྤྱི་ཟླ་༣ པའི་ཚེས་༨ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་བུད་མེད་དུས་ཆེན་ཉིན་རང་སློབ་གླིང་གི་བུད་མེད་ལྷན་ཚོགས་ཀྱི་གཙོ་འགན་པ་རྒན་སྒྲོལ་དཀར་ལགས་ཀྱིས་གཙོ་སྒྲུབ་བྱས་ནས་སྲོལ་རྒྱུན་བཟོ་རྩལ་འགྲན་སྡུར་སྤེལ། སློབ་གཙོ་གཡོན་གཞིའི་ཡུལ་ལྷ་མཆོག་གིས་དུས་ཆེན་འདིའི་དགོས་གལ་ངེས་ཟིན་དགོས་པའི་སྐུལ་མའི་གཏམ་བཤད་དང་། སློབ་དོན་ཁང་གི་གཙོ་འགན་པ་རྒན་བཀྲ་ཤིས་ཚེ་རིང་མཆོག་གིས་ཀྱང་རྗེས་མ་བུད་མེད་དུས་ཆེན་འདི་སྲུང་བརྩིའི་བྱ་འགུལ་གཟབ་རྒྱས་ངང་སྤེལ་དགོས་པའི་རེ་བ་བཏོན། བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་རྒན་བཀྲ་ཤིས་ཚེ་རིང་དང་། རྒན་ལྷ་མོ་མཚོ། སློབ་བུ་ཡེ་ཤེས་ཆོས་སྒྲོལ། སློབ་བུ་བདེ་ཆེན་བཅས་ཀྱིས་རྟེན་འབྲེལ་གྱི་གླུ་གཞས་བཏང་བར་མ་ཟད། སློབ་བུ་དབང་ཆེན་སྒྲོལ་མས་མཛེས་སྡུག་གི་ཨ་མ་ཞེས་པའི་སྙན་ངག་གྱེར། ཐེངས་འདིའི་བཟོ་རྩལ་ཐོན་རྫས་ལ་སྒྲོ་བ་དང་སྒྱེ་མོ། ཤིང་སྒ། སླེ་བོ། འུར་ཆ། གློ་གཟར། གཙག་གྲུབ་ཀྱི་ཐང་ག མ་ནི་འཁོར་ལོ་སོགས་མཆིས། འགྲན་ཞུགས་པ་གཙོ་བོ་འཛིན་གྲྭ་སོ་སོའི་སློབ་མ་དང་། དགེ་བཟོ་བ་བཅས་ཞུགས། ཐེངས་འདིའི་འགྲན་སྡུར་ཁྲོད་ཤན་འབྱེད་པ་སློབ་གཙོ་ཡུལ་ལྷ་དང་། རྒན་བཀྲ་ཤིས་ཚེ་རིང་། རྒན་པོ་བྷེ་བྷེ། སྤྱི་གཉེར་ཆེན་མོ་ཨ་ཁུ་ལྷ་རྒྱལ་སོགས་ཀྱི་བདམས་ཐོན་ལྟར། གསུམ་གཅིག་འཛིན་གྲྭ་ལ་ཨང་དང་བོ་དང་། གསུམ་གཉིས་འཛིན་གྲྭ་ཨང་གཉིས་པ། སློབ་རིམ་བཞི་བ་ཨང་གསུམ་པ། སློབ་རིམ་དྲུག་པ་ཨང་བཞི་བ། ལྔ་གཉིས་འཛིན་གྲྭ་ལ་རྟིང་སྐུལ་བྱ་དགའ་དང་། གཞན་དགེ་བཟོ་བ་ལའང་བྱ་དགའ་བསྩལ་པར་མ་ཟད། དགེ་བཟོ་བ་བུད་མེད་ཡོངས་ལ་དུས་ཆེན་ལག་སྐྱེས་ཕུལ་ཏེ་བྱ་འགུལ་མཇུག་བསྡུས་སོ།།

ཤན་འབྱེད་པས་དབྱེ་ཞིབ་བྱེད་བཞིན་པ།

ཐེངས་འདིར་འགྲན་བསྡུར་ལ་ཞུགས་པའི་སློབ་བུ་རྣམས།

སློབ་བུ་དག་གི་བཟོ་རྩལ་ཐོན་རྫས།

སློབ་བུ་དག་གི་བཟོ་རྩལ་ཐོན་རྫས།

སློབ་བུ་དག་གི་བཟོ་རྩལ་ཐོན་རྫས།

བྱ་དགས་ཐོབ་ཟིན་པའི་འཛིན་གྲྭ་ལྔ།

བུད་མེད་དགེ་རྒན་རྣམས་ཀྱི་མཉམ་པར།

སློབ་མ་ཡེ་ཤེས་ཆོས་སྒྲོན་གྱིས་གཞས་གཏོང་བ།

གསར་འགྱུར་མཁོ་སྤྲོད་པ། པད་དཀར་འབངས་ཀྱིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23668196
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།