རླབས་ཆེ་བའི་ཨ་མ་ཞིག་གི་བྱམས་བརྩེའི་ལག་ལེན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རླབས་ཆེ་བའི་ཨ་མ་ཞིག་གི་བྱམས་བརྩེའི་ལག་ལེན།
རླབས་ཆེ་བའི་ཨ་མ་ཞིག་གི་བྱམས་བརྩེའི་ལག་ལེན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-05ལྟ་ཀློག (6975)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རླབས་ཆེ་བའི་ཨ་མ་ཞིག་གི་བྱམས་བརྩེའི་ལག་ལེན།
འབའ་སྣང་གྲོལ་གྱིས་དོན་བསྒྱུར་བྱས། 

    རླབས་ཆེ་བའི་ཨ་མ་ཞིག་གིས་དབྱི་སི་ལན་གྱི་ཁྲིམས་རར་འདུས་པའི་མི་རྣམས་ཧ་ལས་སུ་བཅུག་ཅིང་།  ཁོ་མོའི་བྱམས་བརྩེ་ནི་ཧ་ཅང་གནད་འགག་གི་སྐབས་སུ་འཛམ་བུ་གླིང་གི་མི་ཡོངས་ཀྱི་སེམས་ངོར་འཕྲོས་ནས་ཡིད་འགུལ་ཐེབས་སུ་བཅུག 


    ༢༠༡༤ལོའི་ཟླ་༤ཚེས༡༧ཉིན་གྱི་སྔ་དྲོར་དབྱི་སི་ལན་གྱི་བྱང་ཕྱོགས་གྲོང་ཁྱེར་ནཱོ་ཁྲ་ཧི་རུ་མི་རྣམས་འུར་འུར་ཟིང་ཟིང་ངང་མི་ལོ་ཉེར་བཞི་ལ་བུད་མ་ཐག་པའི་སྐྱེས་པ་པཱ་ལ་ལི་ལ་སྐེ་བསྒགས་སྲོག་ཁྲིམས་གཅོད་པའི་ཁྲིམས་རར་འདུས། 

   པཱ་ལ་ལི་ཁོང་ལ་སྲོག་ཁྲིམས་གཅོད་དགོས་པའི་རྒྱུ་མཚན་ནི་ཁོང་ལོ་བཅུ་བདུན་ལ་བུད་པའི་ལོ་དེར་ཁོ་རང་གིས་མི་གཞན་དང་འཐབ་འཛིང་ཐེངས་གཅིག་བྱས་ཤིང་།  དེ་དུས་རང་ཉིད་དང་འདྲ་བའི་ན་གཞོན་ཞིག་ཡ་ང་དང་སྙིང་རྗེ་མེད་པར་འཆི་ལམ་ལ་དེད་པས་ཡིན་ནོ།།ལོ་བདུན་འགོར་བའི་དེ་རིང་ད་གཟོད་ལག་དམར་པཱ་ལ་ལིས་ལ་སྐེ་བསྒགས་སྲོག་ཁྲིམས་གཅོད་པའི་ཁྲིམས་ར་འཚོགས་ཤིང་།     སྲོག་ཁྲིམས་གཅོད་སྟངས་ནི་ཕྱོགས་གཉིས་ཀྱི་མི་དང་ལྟད་མོ་བ་རྣམས་ཁྲིམས་རར་འཚོགས་པའི་དབུས་ནས་ལག་དམར་པཱ་ལ་ལི་སྟེགས་བུ་ཞིག་གི་སྟེང་ལ་འབུད་དུ་བཅུག་ནས་སྐེ་ལ་ཐ་གུ་བརྒྱབ་ནས་ཐ་གུའི་སྣེ་མོ་གནམ་ལ་བཏེགས་རྗེས།  ད་གཟོད་ཁོ་རང་གིས་བསད་པའི་ན་གཞོན་དེའི་ཨ་མ་ཡོང་ནས་རྐང་འོག་གི་སྟེགས་བུ་བླངས་ནས་རང་ཤི་རྒྱག་ཏུ་འཇུག་པ་དེ་རེད།

ལག་དམར་པཱ་ལ་ལིའི་ཨ་མ་ལགས་ནི་རང་གི་བུ་ཕྲུག་ལ་སྲོག་ཁྲིམས་གཅོད་པ་མཐོང་ནས་སེམས་ཀྱིས་མ་བཟོད་པར་དྲན་པ་འཐོར་ནས་རང་དབང་མེད་པར་ཐང་ལ་འགྱེལ་ཡོད་པ་རེད།

མི་ཚོགས་ཀྱི་ཞེ་འཁོན་དང་གདུང་སེམས་འདྲེས་མའི་མིག་ཟུང་རིག་རིག་གི་ཁྲོད་ནས་རང་གི་བུ་ཕྲུག་གསོད་པའི་ལག་དམར་གྱི་སྟེགས་བུའི་སྟེང་དུ་ཨ་མ་ཞིག་གློ་བུར་དུ་གྲོང་ངེར་བུད་ཅིང་།  བལྟས་ཚོད་ལ་ཧ་ཅང་ཞེ་འཁོན་ཚ་བའི་ངང་ལག་དམར་གྱི་སྐྱེས་པ་དེ་ལ་འགྲམ་ལྕག་ཚ་བེར་བ་ཞིག་བཞུས།
འོན་ཀྱང་སྐབས་དེའི་གཤེད་མ་དང་མི་ཚོགས་རྣམས་རང་རང་གི་མིག་ཟུང་ལའང་ཡིད་མི་ཆེས་ཤིང་བློ་ཡུལ་འདས་པ་ཞིག་ལ།   ཨ་མ་དེས་རང་གི་བུ་ཕྲུག་གདུག་རྩུབ་ངང་གསོད་པའི་ལག་དམར་གྱི་རྐང་འོག་གི་སྟེགས་བུ་བླངས་ནས་རང་ཤི་རྒྱག་ཏུ་འཇུག་པ་ལྟ་ཅི།རླབས་ཆེ་བའི་བྱམས་བརྩེ་ངང་ལག་ཟུང་འཇམ་པོས་ལག་དམར་སྐེ་ལ་བརྒྱབ་པའི་ཐ་གུའི་ཨ་ལོང་ལས་ལག་དམར་གྱི་མགོ་བོ་ཕྱི་ལ་བླངས་སོང་།

རང་གི་བུ་ཕྲུག་གསོད་པའི་ལག་དམར་དེའི་སྲོག་བསྐྱབས་རྗེས་རླབས་ཆེ་བའི་ཨ་མ་དེ་གདུང་སེམས་དང་བཅས་ཁ་ཕྱིར་འཁོར་ནས་ངུས་སོང་། 


འཆི་བའི་འཇིགས་སྐྲག་ལས་ཐར་བའི་ལག་དམར་པཱ་ལ་ལི་དེ་མ་ཐག་རླབས་ཆེ་བའི་ཨ་མ་དེའི་མདུན་དུ་བརྒྱུགས་ནས་པུས་མོ་ས་ལ་བཙུགས་ཏེ་ཨ་མ་ལགས་ཀྱི་རྐང་བ་ལ་ཡང་ཡང་འོ་བྱས་ཤིང་ཕྱག་འཚལ།  

ཕྱོགས་གཉིས་ཀྱི་ཨ་མ་ཕན་ཚུན་འཐམ་ནས་གནས་ཚུལ་སྔ་ཕྱི་ལ་གདུང་སེམས་མཉམ་བསྐྱེད་གནང་།
  མཐར་རང་གི་ལག་དམར་སྲོག་ཐར་གཏོང་བའི་རླབས་ཆེ་བའི་ཨ་མ་དེས་བཤད་རྒྱུར།  ང་རང་ཨ་མ་ཞིག་གི་ངོས་ནས་རང་གི་བུ་ཕྲུག་བསད་པའི་སྡུག་བསྔལ་མགོ་ལ་ལྷུང་མྱོང་བ་རེད།  དེ་བས་ངས་ཨ་མ་ཞིག་ལ་ཡང་བསྐྱར་སྡུག་བསྔལ་འདི་འཁུར་དུ་འཇུག་མི་འདོད་ཟེར། གོང་གི་དངོས་བྱུང་གསར་འགྱུར་འདིས་ཨ་མའི་བྱམས་བརྩེ་ལ་མཐའ་མེད་ཅིང་།   དོན་དམ་པའི་བྱམས་བརྩེ་ནི་ཨ་མའི་བྱམས་བརྩེ་ཉིད་ཡིན་པ་ང་ཚོར་ར་སྤྲོད་གནང་ཡོད་དོ།། 
                   གསར་འགོད་པ། འབའ་སྣང་གྲོལ་གྱིས་རྒྱ་ཡིག་གི་༼རང་རྒྱལ་གྱི་མིའི་རྩོམ་ཡིག་གནད་བསྡུས༽ཞེས་པའི་འཕྲིན་སྟེགས་ལས་བསྒྱུར།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540833
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།