དཔྱད་རྩོམ་སྐོར་གྱི་གཏམ་བློ་གསལ་དགའ་བའི་མེ་ཏོག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »དཔྱད་རྩོམ་སྐོར་གྱི་གཏམ་བློ་གསལ་དགའ་བའི་མེ་ཏོག
དཔྱད་རྩོམ་སྐོར་གྱི་གཏམ་བློ་གསལ་དགའ་བའི་མེ་ཏོག
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2017-03-03ལྟ་ཀློག (7129)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 དཔྱད་རྩོམ་སྐོར་གྱི་གཏམ་བློ་གསལ་དགའ་བའི་མེ་ཏོག


                               རྩོམ་པ་བོ། རྒྱ་གྲོལ།                              

སྙན་ངག་འགྱུར་བའི་གླུ་དབྱངས་ཏེ། །

ལྷུག་རྩོམ་དལ་བའི་ཁ་བརྡ་ཡིན། །

དཔྱད་རྩོམ་རྣམ་དཔྱོད་རང་མདངས་ཏེ། །

མཁས་པ་དགྱེས་པའི་སྐྱེས་བཟང་ཡིན། ། 


བློ་དང་ལྡན་ན་དཔྱད་རྩོམ་གྱིས། །

མ་རིག་མུན་པ་བསལ་བར་བྱེད། །

སྔོན་ཆད་གང་གིས་མ་ཤེས་པ། །

ཆེད་དུ་དཔྱོད་པ་དཔྱད་རྩོམ་ཡིན། ། 


གཞན་གྱིས་ཡང་ཡང་གླེང་བ་དག །

དཀྱུས་སུ་བསྒྲིགས་པ་དཔྱད་རྩོམ་མིན། །

དེ་ཡིས་རྨོངས་པ་མི་བསལ་ན། །

དཔྱད་རྩོམ་འབྲི་བའི་དགོས་པ་ཆུང་། ། 


དེང་འདིར་རང་གི་བསམ་དོན་ལ། །

ལུང་དང་རིགས་པའི་སྒྲུབ་བྱེད་འཚོལ། །

དེ་ནི་རང་གི་དགོས་མཁོ་ལས། །

དཔྱད་པ་གཏོང་བའི་རང་ཚུགས་བོར། ། 


དཔྱད་བྱའི་འབྲས་བུ་དགོས་པ་གཙོ། །

དཔྱོད་པའི་གཞི་ལ་ཡིག་ཚང་གཙོ། །  

དཔྱོད་པའི་ཚུལ་ལ་ལུང་རིགས་གཙོ། །

དཔྱོད་ལྡན་དག་ལ་གཟུ་བོ་གཙོ། །  


ཚིག་དང་བརྗོད་པ་མ་གྲིམ་ན། །

ནམ་སྟོང་རིང་མོའི་ཁ་བརྡ་འདྲ། །

དཔྱད་བྱ་ལེགས་པོ་མ་འདེམས་ན། །

བྱེ་མར་གསེར་དངུལ་འཚོལ་བ་འདྲ། ། 


དཔྱད་བྱ་སྤྱི་ལས་བྱེ་བྲག་བཟང་། །

མཚན་གྱིས་བརྗོད་བྱ་མཚོན་ན་བཟང་། །

གཞུང་ལ་ཚིག་ཉོག་མེད་ན་བཟང་། །

མཆན་ལ་གསལ་ཁ་བཏོད་ན་བཟང་། ། 


དཔྱད་གཞི་ཚགས་སུ་མ་ཆུད་ན། །

རུ་འདྲེན་དཔའ་བོ་ལག་རྡུམ་འདྲ། །

ཞིབ་འཇུག་གནད་དུ་མ་བཟུང་ན། །

དཔྱད་གཞི་ཕྱོགས་བསྒྲིགས་བྱས་པ་འདྲ། ། 


དཔྱད་པ་གཟུ་བོར་མ་གནས་ན། །

རང་གི་བསམ་དོན་སྒྲུབ་པ་འདྲ། །

དཔྱད་གཞི་ཐང་མར་མ་བརྡལ་ན། །

ལོང་བས་ཚོད་འཛིན་བྱེད་པ་འདྲ། ། 


ལུང་འདྲེན་གསལ་དུ་མ་བཏོན་ན། །

གཞན་གྱི་ནོར་བུ་རྐུ་བ་འདྲ། །

དཔྱད་པའི་སྤྱི་བསྡོམས་མ་བྱུང་ན། །

དཔྱད་ཀྱང་འོལ་ཚོད་ལུས་པ་འདྲ། ། 


གཞན་གྱི་ནོར་བ་མ་བསལ་ན། །

གང་འཐོབ་ཧབ་ཐོབ་བྱེད་པ་འདྲ། །

རང་གི་སོམ་ཉི་མ་བཀྲོལ་ན། །

མལ་ནས་རྨི་ལམ་འགྲིམ་པ་འདྲ། ། 


ལོ་རྒྱུས་དཔྱད་ན་ཡིག་རྙིང་གཙོ། །

དམངས་སྲོལ་དཔྱད་ན་བཅར་འདྲི་གཙོ། །

སྤྱི་ཚོགས་དཔྱད་ན་རྟོག་ཞིབ་གཙོ། །

ཀུན་ལ་རིགས་པས་དཔྱད་པ་གཙོ། ། 


འོལ་ཚོད་བྱས་ན་སྙིང་བོ་འབོར། །

གཡམ་ལ་རྒྱུགས་ན་རང་ཚུགས་ཤོར། །

རིས་སུ་ལྷུང་ན་བློ་མིག་བསྒྲིབ། །

དཔྱད་གཞི་མེད་ན་རང་འདོད་ཙམ། ། 


སྲེག་བཅད་བརྡར་བའི་རང་མདངས་ལྟར། །

ཐག་གཅོད་མ་སྔ་དཔྱད་དེ་ལོངས། །

དཔྱད་དང་མ་དཔྱད་ཚུལ་གཅིག་ན། །

ད་དུང་དཔྱད་པ་སོ་ན་གནས། །

རྩོམ་ཁུངས། ཤེས་རབ་གཡང་མཛོད་ཁང་། 

2017-03-02 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དཔྱད་རྩོམ་སྐོར་གྱི་གཏམ་བློ་གསལ་དགའ་བའི་མེ་ཏོག   སྤེལ་མཁན།: གཞོན་ཚང་འཇིགས་མེད། སྤེལ་དུས:2017/3/3
ཚིག་བཅད་ཀྱི་ལམ་ནས་དཔྱད་རྩོམ་ཇི་ལྟར་འབྲི་ཚུལ་ལེགས་པར་གསུངས་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533637
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།