འཚོ་བའི་རྒྱུན་ཤེས་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »འཚོ་བའི་རྒྱུན་ཤེས་སྐོར།
འཚོ་བའི་རྒྱུན་ཤེས་སྐོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-02-27ལྟ་ཀློག (8267)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཚོ་བའི་རྒྱུན་ཤེས་སྐོར།

༡  དྲི་བ། ཟ་མ་ཟོས་རྗེས་འཛེམ་བྱ་གང་དག་ཡོད།

ལན།  མི་མང་ཆེ་བ་ཟ་མ་ཟོས་མ་ཐག་ཤིང་ཏོག་ཟ་བར་གོམ་ཡོད་མོད་འདི་ནི་མི་ལེགས་ཏེ། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཅིག་ནས་གཉིས་བར་ཞི་མི་ཐུབ་པས་དེ་མ་ཐག་ཤིང་ཏོག་ཟོས་ན་ཞི་མི་ཐུས་ལ། དེ་ལྟར་ཡུན་རིང་དུ་བྱིན་ན་ཕོ་བའི་ནད་རིགས་མང་པོ་འབྱུང་ངོ་། ། ༢ ཟ་མ་ཟོས་མ་ཐག་ཇ་འཐུང་ན་ཨེ་འགྲིག ༣ ཟས་རྗེས་ཇ་འཐུང་ན་ཟ་ཞི་བར་གནོད་ཅིང་། སྒོང་དཀར་སོགས་ལུས་གསེང་དུ་འཐུམ་པར་བར་ཆེད་བྱེད་པས་ཡུན་རིང་ངུ་བྱིན་ན་འཚོ་བཅུད་ལྕགས་ཉམས་ནས་ཁྲག་ཉུང་བ་བར་གྱུར་སླ། ༤ ཟས་རྗེས་ལུས་ཁྲུས་ན་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་འགྲོ་ངེས་ཤིང་ཕོ་བའི་ནང་གི་ཁྲག་གི་རྒྱུ་བར་གནོད་པ་ཐེབ་ཏེ་ཟས་ཞི་བར་གེག་བྱེད་དོ། །  ༥ མི་མང་ཆེ་འགྲངས་ཆེ་བ་དང་སྐད་རག་དང་དོར་ཆབ་ཇེ་སློད་དུ་བཏང་བར་གོམ་ཡོད། ཡིན་ནའང་དེས་ཕོ་སྨད་དུ་ལུགས་ནས་ཕོ་བའི་གནས་ཇེ་དམར་འགྲོ་བས་རྒྱུན་དུ་དེ་ལྟར་བྱས་ན་ཕོ་བར་ནད་འབྱུང་སླ། ༦ ཁ་དཔེར། ཟས་རྗེས་གོམ་བརྒྱ་སོང་ན་ལོ་བརྒྱ་ཐུབ་ཅེས་བཤད་སྲོལ་ཡོད་མོད། དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་ཏེ་ཟས་རྗེས་འཁྱམས་འཁྱམས་སུ་སོང་ན་སྙིང་གི་ནུས་པ་ཉམས་ནས་ཁྲག་རྩ་མཁྲེགས་པོ་གྱུར་འགྲོ་ལ། གོང་བཞིན་ཕོ་བར་ནད་འབྱུང་ངོ་། ། ༧ ཟས་རྗེས་གླུ་གར་རྩེན་པར་དགའ་བ་དག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཟས་རྗེས་གླུ་གར་རྩེས་ན་གོང་ནས་བཤད་པའི་རྒྱུ་མཚན་ལྟར་ཕོ་བའི་གནས་མར་བབས་པས་ཕོ་བར་ནད་འབྱུང་ངོ་། ། ༨ ད་དུང་རྒྱུ་དུ་བྲེལ་ཚིབ་ཀྱིས་གང་སར་རྒྱུ་བཞིན་པའི་ཁྱེད་ཀྱིས་ངེས་པར་དུ་དོ་སྣང་བྱ་དགོས་པ་ཞིག་ནི་ཟ་མ་ཟོས་མ་ཐག་རླངས་འཁོར་བཏང་ན་ཉན་ཁ་ཧ་ཅང་ཆེ། རྒྱུན་མཚན་ནི་ཟ་མ་ཟོས་རྗེས་དུས་ཡུན་ངེས་ཅན་ཞིག་གི་རིང་དུ་ཟས་དེ་དག་ཞི་དགོས་ཤིང་ཟས་ཞི་བའི་སྐབས་ཁྲག་མང་ཤས་ལུས་ཀྱི་ཆ་གཞན་ལས་ཀླད་པར་རྒྱུ་མི་ཐུབ། དེ་བས་སྐབས་དེའི་རིང་དུ་ཀླད་པ་ཅུང་དབ་དུབ་ཀྱི་རྣམ་པར་ནས་ཡོད། དེས་ན་རླངས་འཁོར་དང་ནན་ཏན་དགོས་པའི་བྱ་དངོས་གང་ལ་འཇུག་ཀྱང་ཡང་དག་པར་འོང་དཀའ་ལ་ནོར་འཛོལ་བྱུང་བའི་ཉན་ཁ་ཧ་ཅང་ཆེའོ། །

༣ དྲི་བ།  བསྲེས་ཏེ་ཟ་མི་རུང་བའི་ཟས་རིགས་གང་དག་ཡོད

ལན། ༡ ཞོག་མངར་དང་སྒོ་ང་བསྲེས་ཏེ་ཟོས་ན་ཁོག་རུལ། ༢ ཞོག་མངར་དང་ལྡུམ་སྒོང་བསྲེས་ན་ཞན་པ་ལོག ཁོག་བཤལ། འཁྲིས་རྡོ་འབྱུང་།  ༣ ལུག་ཤ་དང་སྐྱུར་ཁུ་བསྲེས་ན་སྙིང་ནད་འབྱུང་། ༤ ལབ་ཟེར་དང་སྐྱུར་ཁུ་དཀར་པོ་བསྲེས་ན་མཆིན་པར་གནོད། ༥ ལྷོ་ཀུབ་དང་ལུག་ཤ་བསྲེས་ན་ཀླད་པར་གནད། གློ་བ་སྐྲངས།  ༦ མོག་རོ་དང་ལ་ཕུག་བསྲེས་ན་པགས་ནད་འབྱུང་། ༧ ངང་ལག་དང་ཆུ་ཀུབ། ཧ་མའི་ཀུ་བ་བཅས་བསྲེས་ན་མཁའ་མར་གནོད། ཁྲག་མངར་རྒྱས། ༨ ཚོད་བནག་དང་སྲན་ཞོ་བསྲེས་ན་འཚོ་རུསབཅུད་ལ་གནོད། སྐེ་དང་སྐད་པའི་ལྷི་ལག་ལའང་གནོད། ༩ ལབ་སེར་དང་ལ་ཕུག་བསྲེས་ན་ནད་འགོག་གི་ནུས་པ་ཉམས། ཁྲག་ཞན་གྱི་ནད་འབྱུང་། 

དྲི་བ། ཟས་རིགས་གང་དག་བསྲེས་ཏེ་ཟོས་ན་བཟང་།

ལན།  ༡ སྲན་ཞོ་དང་གསེར་ཤ་རྐང་རིང་བསྲེས་ན་ཁྲག་ཤད་མཐོན་པོ་ཅན་དང་། ཀླད་པའི་ཁྲག་རྩ་སྲ་མཁྲེགས་སུ་གྱུར་བ། གཅིན་ཀ་ར་ཅན། ཚོ་ཤ་རྒྱས་པ་རྣམས་ཀྱི་ཟས་མཆོག་ཡིན་ནོ། ། ༢ སྲན་ལེབ་དང་ཞོག་ཁོག་བསྲེས་ན་ཀླད་པ་ལྷང་འཇགས་བྱེད་ནུས་ཤིང་། ཟས་ཞི་ཕར་ཕན། རྒྱུ་ནད་དང་ཞན་པ་ལོག་པ། ཁོག་བཤལ་བ་སོགས་སུའང་ཕན་ནོ། ། ༣ ལྡུམ་སྒོང་དང་སྐྱ་ཚོད་བསྲེས་ན་ཕོ་བ་མི་བཟང་བ་དང་མི་ཞི་བ། ཁྲག་ཤད་རྒྱས་པ་བཅས་ལ་ཕན་ཞིང་ཁྲག་སྙོམ་པར་ཧ་ཅང་ཕན། ༤ སིལ་སྔོན་དང་སྦུག་ཚོད་བསྲེས་ན་ཁྲག་རྒྱས་པ་དང་མགོ་ན་བ། སྐྲངས་པ་བཅས་ལ་ཕན་ཞིང་གཅིན་ཀ་ར་སྔོན་འགོག་བྱེད་པའི་ནུས་པའང་ཡོད་དོ། །  ༥ མོག་རོ་དང་གླང་རྔ་བསྲེས་ན་མི་ཞི་བ། ཁྲག་མཐོ་བ་དང་ཁྲག་མི་སྙོམ་པ། གཅིན་ཀ་ར་ན་བ། སྙིང་རྩར་ནད་ཡོད་པ་དག་ལ་ཕན། ༦ རྡོ་ལུ་མ་དང་ཁ་ཀུབ་བསྲེས་ན་ངལ་དུབ་སེལ་བ་དང་ཀླད་ཁྲག་ལ་ཕན། ༧ གླང་ང་དང་སྒོག་སྨྱུག་བསྲེས་ན་ཚ་བ་སེལ་ཞིང་དུག་སེལ། ཁྲག་རྒྱུག ཁྲག་ཤད་འགོག ༨ སྒོ་ང་དང་ཁ་ཀུབ་བསྲེས་ན་རུས་པ་དང་སོ། ཁྲག་རྩ་བཅས་ཀྱི་བདེ་ཐང་ལ་ཕན་ཞིང་ཕོ་བ་ན་བ། མིག་ན་བ། དྲོད་འཁྱག་ཤོར་བ། བྱིས་པ་དག་བཤལ་བ་དང་ཞན་པ་ལོག་པ་སོགས་ལ་ཕན། ༩ མོག་དཀར་དང་མོག་རོ་བསྲེས་ན་མཁལ་མ་དང་ལུས་སྟོབས་རྒྱས། གློ་བར་ཕན། 

དྲི་བ། ཐ་མག་གིས་གནོད་པ་ཅི་ཞིག་ཡོད་དམ།

ལན།  ཐ་མག་གི་པ་ཧ་ཅང་མང་། ལྷག་པར་དུ་ཐ་མག་གི་ནང་དུ་ཐ་དུག་(尼古丁)ཡོད་པས་མི་ལུས་ལ་གནོད་པ་ཧ་ཅང་ཆེ།  ཐ་མག་རྐང་གཅིག་གི་ནང་དུ་ཡོད་པའི་ཐ་དུག་གིས་ཙི་གུ་གཅིག་གསོད་ནུས་ཤིང་ཐ་དུག་ཁེ་ཉེར་ལྔ་ཡིས་གཡག་གཅིག་གསོད་པའི་ནུས་པ་ཡོད།  ཐ་མག་ལ་ལོབ་སླ་བའི་རྒྱུན་མཚན་ཡང་ཐ་དུག་གི་རྐྱེན་གྱིས་ཡིན།  ཐ་མག་སོ་སོའི་ནང་དུ་ཡོད་པའི་ཐ་དུག་གི་ཚད་མི་འདྲ་མོད། ཐ་མག་རྐང་གཅིག་གི་ནང་དུ་ཐ་དུག་ཧོའོ་ཁེ་གཅིག་ཡོད་པ་ལྟར་བརྩིས་ན་ཐ་མག་རྐང་སྟོང་གཅིག་ལ་ཧོའོ་ཁེ་སྟོང་གཅིག་ཡོད་ཅིང་། དེས་ན་མི་ཞིག་གིས་ཉིན་རེར་ཐ་མག་རྐང་བཅུ་འཐན་པའི་དབང་དུ་གཏང་ན་ལོ་རེར་ཐ་མག་རྐང་སུམ་སྟོང་དྲུག་བརྒྱ་འཐེན་གྱིན་ཡོད། དེ་ལས་ཁེ་དྲུག་བརྒྱ་མེས་གནོད་སྐྱོན་ཐེབ་ནས་ནུས་པ་ཉམས་པའི་དབང་དུ་བྱས་ཀྱང་ཁེ་གསུམ་ང་ཚོའི་ཁོག་ཏུ་འགྲོ་བཞིན་ཡོད་པ་སྨྲོས་མེད་རེད། དེ་ལྟར་བྱས་ཀྱང་ཐ་མག་ལོ་སུམ་བཅུའི་རིང་དུ་འཐེན་ཡོད་པའི་མི་ཞིག་གི་ཁོག་ཏུ་ཐ་དུག་ཁེ་དགུ་བཅུ་འཐེན་ཟིན། ཡིན་ནའང་ཟ་མ་དང་སྨན་རིགས་སོགས་རྐྱེན་གཞན་པའི་དབང་གིས་ཐད་ཀར་འཆི་ལམ་དུ་མ་སོང་མོད། འོན་ཀྱང་དེ་གིས་དཀྲན་ནད་དང་ཁྲག་ནད་སོགས་ནད་གཞི་མང་པོ་སློང་གིན་ཡོད་པས་ད་བར་མཚན་རིག་པ་དག་གིས་ཐ་མག་རྐང་རེས་ཚེ་སྐར་ས་གསུམ་གྱིས་ཇེ་ཐུང་དུ་འགྲོ་བཞིན་ཡོད་ཅེས་སྒྲགས་པའང་ཅོར་ཚོད་མིན་པ་ཤེས་དགོས་སོ། །

དྲི་བ།  ཆང་གིས་གནོད་པ་གང་དག་ཡོད་དམ།

ལན།  ཆང་གིས་མཆིན་པ་ལ་གནོད་པ་ནི་ཚང་མས་ཤེས་པའི་རྒྱུན་ཤེས་ཤིག་ཡིན་མོད། ཆང་གིས་ད་དུང་ཀླད་ནད་རིགས་སྣ་ཚོགས་ཐེབ་ཅིང་ཁྲག་ནད་རིགས་ལའང་གནོད། དེ་ཙམ་གྱིས་མ་ཚད་ཆང་ནི་འཁྲུག་རྩོད་ཀྱི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན་ཏེ།རྒྱལ་སྤྱི་ཉན་འཁོག་ཁང་གི་ཁྱབ་སྒྲགས་བྱས་པ་ལྟར་ན་ལོ་རེའི་འཁྲུག་རྩོད་གྱི་དབང་དུ་ཤི་པའི་མི་ལས་བརྒྱ་ཆའི་ལྔ་བཅུ་ང་བདུན་ཆང་གིས་རྐྱེན་བྱས་པ་ཡིན་པར་བསྒྲགས། གཞན་ད་དུང་ཆང་ནི་འགྲུམ་འགྲིལ་བདེ་འཇགས་ཀྱི་གེག་གཙོ་བོ་ཞིག་ཀྱང་ཡིན་ཏེ་ལོ་རེའི་འགྲུམ་འགྲིལ་གནད་སྐྱོན་གྱིས་རྐྱེན་ལམ་དུ་སོང་བའི་མི་གྲངས་ཕལ་ཆེར་ཁྲི་བཅུ་གྲངས་ཡོད་པ་ལས་བརྒྱ་ཆའི་བརྒྱད་བཅུ་ཆང་རྗེས་རླངས་འཁོར་བཏང་པས་ཡིན་པར་གྲགས་སོ། །

དྲི་བ།   ཁ་པར་གྱིས་བདེ་ཐང་ལ་གནོད་དམ།

ལན།  ཁ་པར་གྱིས་བདེ་ཐང་ལ་ཧ་ཅང་གནོད་དེ་ཁ་པར་གྱི་འཕྲོ་རླབས་ཀྱིས་ཀླད་དཀྲན་འབྱུང་ལ་ལུས་ཀླད་པའི་ཕྲ་འབུ་དང་ལུས་ཀྱི་ཕྲ་འབུ་མང་པོ་གསོད།  དེ་བས་མལ་ཁར་ཁ་པར་སྔས་འགྲམ་དུ་འཇོག་པ་དང་དུས་ཡུན་རིང་པོའི་རིང་ཁ་པར་བཏང་བར་འཛེམ་དགོས།  ཁ་པར་གྱི་འོད་རླབས་ཀྱིས་མིག་ལ་ཧ་ཅང་གནོད་པས་ཡུན་རིང་པོར་ཁ་པར་གཡེང་བའང་འཛེམ་དགོས། 

དྲི་བ།  དུས་ལྟར་མ་གཉིད་ན་གནོད་པ་གང་དག་ཡོད།

ལན། དེ་མ་ཞིག་ཉིན་རེར་དུས་ཚོད་བདུན་ཙམ་ངེ་པར་དུ་གཉིད་དགོས་ཏེ། དུས་ལྟར་མ་གཉིད་པའམ་གཉིད་མ་འདང་ན་བསམ་གཞིག་ནན་མོ་བྱེད་མི་ཐུབ་ཅིང་སེམས་རང་སར་གནས་མི་ཐུབ་པ། བྱ་དངོས་དག་ལ་ཐག་གཅོད་དང་ཚོར་ཤེས་ཀྱི་ནུས་པ་ཉམས་འགྲོ་བས་སོ། །

དྲི་བ། སྐྱུར་གྱིས་ཕན་པ་ཅི་ཞིག་ཡོད་དམ།

ལན། ཟས་སྐྱུར་མོའི་རིགས་ཟོས་ཚེ་ཁོག་པ་དུག་སེལ་པའི་ནུས་བ་ལྡན།དཔེར་ན།སྐྱུར་ཁའི་རིགས་སོགས་བཏུང་ན་ཟས་འཇུ་ཐུབ་པ།རྒྱུ་མ་དང་ཕོ་བ་ལ་ཟས་འཇུ་སྟོབས་ཀྱི་བྱེད་ནས་ལྡན།དེ་ཡིས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཟས་དུག་སོགས་ཕྱིར་ཕུད་གཏོང་ཐུབ།སྐྱུར་དྲི་བྲོ་བའི་ཟས་རིགས་གིས་མཚེར་བ་གསོ་ཐུབ།མིང་ལ་ཟས་རིགས་གི་ནད་དུག་འགོག་པའི་ནུས་ཤུགས་ཡོད།

དྲི་བ།     གློ་དུག་ཕོག་ཚེ་ནད་རྟགས་གང་དག་ཡོད།

ལན། ༡ ཕྱི་པགས་མདོག་སྐྱ་སྐྱ་དང་ནག་སྐྱར་འགྱུར་བ། ༢ གཅིན་འགག་པ། ༣ སེམས་སྐྱོ་སླ་བ། ཁྲག་འཁོར་དཀའ་བ།རླུང་ལོང་སླ་བ།     

དྲི་བ།    གློ་དུག་སེལ་ཐུབ་པའི་ཐབས་གང་དག་ཡོད།

ལན། ༡ ལ་ཕུག་ནི་གློ་དུག་སེལ་ཐུབ་པའི་ཟས་རིགས་ཞིག་ཡིན། ༢ ལུག་མཉེ་ཇེ་མཐོ་སོང་ཚེ་གློ་དུག་སེལ་ཐུབ་པའི་ནུས་ཤུགས་ལྡན། ༣ གློ་དུག་སེལ་བའི་གསང་མིག་གནོན་པ།         ༤ དངུལ་ཆུ་བཞིར་བ་ལས་དུག་སེལ་བ།  ༥ དབུགས་གཏིང་ནས་འབྱིན་པ་ལས་དུག་སེལ།

དྲི་བ། ཟླ་མཚན་རྒྱུན་ལྡན་མ་ཡིན་པ་ལ་ནད་དུག་གང་ལ་ཕོག་ཡོད་པ་ཡིན།

ལན། ཟླ་མཚན་ཇེ་ཉུང་ལ་འགྲོ་བ་དང་ཟླ་མཚན་ཡོང་རྒྱུ་དུས་ཡུན་ཐུང་བ་ཟླ་མཚན་ལ་ཁ་དོག་མེད་པ།ཟླ་མཚན་མེད་པར་གྱུར་བ་སོགས་ཡིན་ན་མཁའ་མའི་བདེ་ཐང་ཧ་ཅང་མི་བཟང་བ་ཡིན།གལ་ཏེ།མཁའ་མ་ལ་ནད་དུག་ཕོག་ཡོད་ན།  ཁྲག་ཤེད་ཇེ་ཉུང་ལ་འགྲོ་བ་རེད།

དྲི་བ། ཆུ་སྐྲན་ཅི་ལྟར་བྱུང་བ་རེད།

ལན།ཁོག་པའི་ནང་གི་ཟས་རིགས་རྣམས་མར་བབས་ཚེ་དུག་ལ་སོགས་པ་རིལ་བུར་གྱུར་ནས་བཅུད་ལྡན་པའི་ཟས་རིགས་རྣམས་མར་འབབ་པའི་ནུས་ཤུགས་ཆུང་བར་ཆུ་སྐྲན་བྱུང་བ་རེད།

དྲི་བ། མན་འགྲམ་ལ་རྨ་འབུད་པའི་རྒྱུ་མཚན་ཅི།

ལན།མན་འགྲམ་ལ་རྨ་འབུད་པ་དེ་ནི་ཁོག་པའི་ནང་གི་དུག་སེལ་བ་མ་འདངས་བས་དུག་ཚང་མ་ཕྱི་རུ་བུད་པའི་མན་འགྲམ་ལ་རྨ་བུད་པ་རེད།

དྲི་བ། ངལ་དུབ་སོགས་བྱུང་སླ་བའི་རྒྱུ་མཚན་ཅི།

ལན།ངལ་དུབ་བྱུང་སླ་ན་ལུས་ཕུང་སྟེང་གི་དུག་ཚང་མའི་ཕོ་བའི་ནུས་ཤུགས་ཕྱིར་འཕྲོག་པ་ཡིན་པས་ཕོ་བའི་ནུས་པ་ཇེ་ཞན་དུ་འགྲོ་བའི་ངལ་དུབ་བྱུང་བ་དང་གཉིད་འདོད་པ།སྒྱུད་ལུག་ཆེ་བ།རྐང་ལག་ལ་ནུས་ཤུགས་མེད་པ་སོགས་ཡིན།

དྲི་བ། ཟས་རིགས་གང་གིས་དུག་སེལ་ཐུབ།

ལན། ཏུང་ཀྭ་ཡིན།ཏུང་ཀྭ་མིའི་ཕོ་བ་བརྒྱུད་ནས་མཁའ་མའི་ནང་དུ་སོང་རྗེས་གཅིན་ཇེ་མང་ལ་སོང་རྐྱེན།ཁོག་པའི་ནང་དུ་དུག་སེལ་ཐུབ་པར་དུས་ཚོད་གཏན་ཁེལ་བྱས་ནས།ཏུང་ཀྭ་གདུ་བ་དང་ཡང་ན་བརྔོས་ནས་ཟ་དགོས།

དྲི་བ། ཕོ་བར་དུག་སེལ་ཐུབ་པའི་ཟས་རིགས་གང་ཡིན།

ལན།རྩྭ་སྨན་ཡིན།རྩྭ་སྨན་གྱིས་མིའི་དོན་ལྔ་སྣོད་དྲུག་ལ་ཕན་ཐོག་པར་རྒྱུན་དུ་རྩྭ་སྨན་རྒྱུན་འཐུང་བྱས་ན་ཁོག་པའི་ནང་གི་དུག་སེལ་ཐུབ་པའི་ཕན་པ་ཧ་ཅང་ཆེ།ཀ་ར་དཀར་བོ་དང་རྩྭ་སྨན་བསྲེས་ནས་འཐུང་བའི་སྨན་དེས་ཕོ་བའི་དུག་སེལ་ཐུབ་པར་མ་ཟད་ཕོ་བའི་ནུས་ཤུགས་ཇེ་མཐོར་འགྲོ་བའི་ཕན་པ་ཡོད།

 རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd6j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497606
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།