མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་མཚོ་ལྷོ་ཁུལ་དུ
མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-02-21ལྟ་ཀློག (4843)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་ཀྱི་ལོ་སར་ཇ་སྟོན།

   དེ་རིང་ནི་སྤྱི་ལོ༢༠༡༧ལོའི་སྤྱི་ཟླ༢ཚེས༢༡ཡིན་ལ།  རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་འདི་དང་སྟབས་བསྟུན་ནས་ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་མཚོ་ལྷོ་ཆབ་ཆའི་གཡུ་འབྲུག་གསོལ་མགྲོན་ཁང་ཆེན་མོར་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་ཀྱིས་ལོ་སར་ཇ་སྟོན་ལ་རོལ།  གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོར་སློབ་མཐར་ཕྱིན་པའི་གསེར་ཆེན་རྫོང་ཁོ་ནའི་སློབ་བུ་དག་གིས་གྲུབ་པ་ཡིན་ལ།  ཐེངས་འདིའི་འདུ་འཛོམས་ནི་སྐབས་གཉིས་པའི་དགྱེས་འཛོམས་དེ་ཆགས་ཡོད་ཅིང་། ཐེངས་འདིར་སློབ་བུ་ཉི་ཤུ་ལྷག་འཛོམས་ཤིང་འབྱུང་འགྱུར་ཁེ་ལས་དང་འབྲེལ་བའི་སྤྱི་ཕན་གྱི་བྱ་བ་ཇི་ལྟར་བསྒྲུབ་དགོས་པའི་སྐོར་ལ་གླེང་མོལ་བྱས། ཇ་སྟོན་སྟེང་དུ་སྤྲུལ་ཀུན་བཟང་ཉི་མ་མཆོག་གིས་ཐོན་མིའི་སློབ་ཚོགས་ཀྱི་འབྱུང་འགྱུར་བྱ་བའི་བྱེད་ཕྱོགས་ལ་བཀའ་སློབ་གནང་བ་དང་།  སློབ་ཚོགས་ཀྱི་ཚོགས་གཙོ་སྤྲེལ་ཉི་མ་རྒྱལ་མཚན་དང་། དྲུང་ཡིག་པ་རྟ་ནག་བཟོད་པ་གཙོས་ཚོགས་མི་ཡོངས་ནས་རང་ཉིད་ཀྱི་བསམ་ཚུལ་བཤད་ཅིང་བགྲོ་གླེང་ལྷུག་པོར་གནང་སྟེ། འབྱུང་འགྱུར་མ་དངུལ་མཉམ་བསྡུས་ཀྱིས་མཉམ་ལས་ཁེ་ལས་ཀྱི་ཕྱོགས་ལ་གོམ་པ་སྤོ་བའི་གྲོས་ཐག་བཅད། ཐེངས་འདིའི་ལོ་སར་ཇ་སྟོན་གྱི་འགྲོ་སོང་ཚང་མ་སྤྲེལ་ཉི་མ་རྒྱལ་མཚན་ལགས་ནས་བཏང་བ་དང་། འདི་ལོའི་དབྱར་ཟླ་དྲུག་པའི་ནང་དུ་སློབ་ཚོགས་ཀྱི་འདུ་འཛོམས་སྐབས་གསུམ་པ་དེ་མཚོ་སྔོན་པོའི་འགྲམ་དུ་འཚོགས་རྒྱུར་ཐག་བཅད།

ཚོགས་ཞུགས་སློབ་མའི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ།  རྟ་ནག་ལུང་རིགས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rohv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས་པ།   སྤེལ་མཁན།:  གཡུ་ཨ་གར། སྤེལ་དུས:2017/2/22
སྔགས་པ་དེ་སུ་རེད།
  མཚོ་ལྷོའི་གསེར་ཆེན་རྫོང་གི་ཐོན་མིའི་སློབ་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས་པ།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2017/2/22
ཧ་ཅང་བཟང་གི།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23522035
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།