འཇིགས་པ་མེད་པའི་རྒྱལ་མཚན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »འཇིགས་པ་མེད་པའི་རྒྱལ་མཚན།
འཇིགས་པ་མེད་པའི་རྒྱལ་མཚན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-02-18ལྟ་ཀློག (6241)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འཇིགས་པ་མེད་པའི་རྒྱལ་མཚན།

རྨ་དུག་ལྕེ།

རྨ་ཆེན་གངས་རི་གྲགས་སྙན་ཅི་ཙམ་ཆེ་ཡང་།།

དད་པས་བློས་བསླངས་བྱས་པའི་ཞིང་ཁམས་ཙམ་ཞིག།

རྨ་ཆུ་སྔོན་མོར་སྒྲོ་བཏགས་ཅི་ཙམ་བྱས་ཀྱང་།།

གཤེར་གཟུགས་ཕུང་པོ་བསགས་པའི་དལ་འགྲོས་ཙམ་ཞིག།


འོན་ཀྱང་རྨ་ཡུལ་རྭ་རྒྱའི་སྐྱེས་མཆོག་གང་ཉིད།། 

ཤེས་རབ་འོད་ཀྱིས་འབར་བའི་ཉི་ཟླ་གཉིས་ཡིན།། 

ལོང་བ་ཁྲི་འབུམ་ཁྲོད་ཀྱི་འཇིག་རྟེན་མིག་ཡིན།།

དམ་པའི་མཚན་སྙན་མེད་པའི་མགོན་དང་སྐྱབས་ཡིན།


སངས་རྒྱས་བྱང་སེམས་སྟོང་གི་སྤྲུལ་བ་མ་ཡིན།།

མགོ་ལོག་རྟ་བོར་ཐང་གི་འབྲོག་ཕྲུག་ཅིག་ཡིན།།

དབང་ལུང་བོད་ལ་བཙོང་བའི་ཚོང་བ་ཞིག་མིན།།

སྤྲི་ཆུར་ནུབ་ལ་འདྲེན་པའི་སྲོལ་འབྱེད་ཅིག་ཡིན།།


བདེ་གསང་འཇིགས་གསུམ་སློབ་་པའི་དབྱུག་འཛིན་ཞིག་མིན།།

སུམ་རྟགས་དག་གསུམ་སློབ་པའི་སྙུག་འཛིན་ཞིག་ཡིན།།

ང་རྒྱལ་སྒང་དབུགས་ཞོན་པའི་གླེན་ནག་ཅིག་མིན།།

གར་འགྲོ་འཛུམ་གྱིས་བསུ་བའི་གྲྭ་རྐྱང་ཞིག་ཡིན།།


"ང་ནི་འཇིག་རྟེན་འདི་ན་མཆོག་"ཅེས་མ་གསུངས།།

"ས་སྟེང་འདི་ན་ང་"ཞེས་ཁ་ཕོ་མ་བསྒྲགས།།

ས་འོག་དར་ཐག་བརྒྱུད་ནས་ཆོ་ལོ་མ་བླངས།།

ས་ཆེན་ལྷག་བསམ་དཀར་པོའི་འོད་ཀྱིས་བཀང་ཡོད།།


གསེར་སྲང་ཕུལ་ནས་བླ་སྤྲུལ་མིང་སྟོང་མ་ཉོས།།

འཕོ་བ་བཙོངས་ནས་རྟ་ནོར་ལུག་ཁྱུ་མ་ཉོས།

ཀ་ཁ་ག་ངའི་ལམ་བུ་གཙང་མ་བརྒྱུད་ནས།། 

གངས་ཅན་ཁ་བའི་ལྗོངས་ལ་འོད་སྣང་བསྐྲུན་ཡོད།། 


ཁ་བཏགས་དཀར་པོ་ལྟ་བུའི་ལྷག་བསམ་གཙང་མ།།

ཁ་བཤད་ལག་ལེན་ནུས་པའི་སྙིང་སྟོབས་ཆེན་པོ།།

ཁ་བའི་བུ་རྒོད་གང་གི་མཛད་རྗེས་རེ་རེ།། 

ཁ་ལྕེ་འདི་ཙམ་ཞིག་གིས་བརྗོད་ཐབས་བྲལ་སོང་།།


ཁ་མིག་གཤིན་པོར་གདང་བའི་བླ་སྤྲུལ་ནི་མིན།།

ཁ་ནས་མི་མང་ཟེར་བའི་དཔོན་ངན་དེ་མིན།།

ཁ་བའི་ཡུལ་གྲུ་ཞིག་གི་ལས་དབང་ཆེད་དུ།།

ཁ་བའི་སྐྲ་ལོ་བནབས་འདི་ཅི་འདྲའི་བརྗིད་ཨང་།།


ལམ་སྔགས་སྙན་བརྒྱུད་གདམས་ངག་ཁྲི་མ་འབུམ་ལས།།

ཁྱེད་ཀྱི་སློབ་ཚན་གཅིག་གི་འཆར་འགོད་ཟབ་ལ།།

བླ་སྤྲུལ་འབུམ་གྱི་ཐུགས་སྨོན་སྐྱབས་འཇུག་དག་ལས།།

ཉིད་ཀྱི་ལམ་སྟོན་བཀའ་སློབ་གཅིག་གིས་ཆོག་ཨང་།།


ལྷག་བསམ་ཟབ་མོ་ཞིག་གི་བྱིན་རླབས་ངོགས་ནས།།

ཀ་ཁའི་གླུ་དབྱངས་སྙན་མོ་ཕྱོཊ་བཞིར་མཆེད་ཅིང་།།

བགྲང་བྱ་ཁྲི་ཕྲག་རིང་གི་རྨོངས་པའི་འཁྱག་ཀླུང་།།

གཟན་ཤམ་ཐ་རྐྱང་ཞིག་གི་དྲོད་ཀྱིས་བཞུས་ཡོད།།


ཤིང་ནགས་བསྲེགས་ནས་ལྷ་ལ་དངོས་གྲུབ་མ་ཞུས།།

མཚོ་གཏེར་སྦས་ནས་དྭངས་གཙང་མཚེ་འུ་མ་བརྫད།།

ཛམ་ལྷ་ཆུ་ལ་སྦངས་ནས་གླེན་རྟགས་མ་བསྟན།།

འབྲི་འོ་ནུབ་ལ་དྲངས་འདི་གདམས་ངག་ཅིག་ཡིན།། 


དམྱལ་ཁམས་འཇིགས་རབས་གླེང་ནས་གཞན་མགོ་མ་བསྐོར།།

རྟོགས་པ་མཐོ་མདོག་བྱས་ནས་རང་མགོ་མ་གཡོགས།། 

མུན་ནག་ཁད་ཀྱིས་འཐིབས་པའི་སེམས་ཁམས་དག་ལ།།

ཤེས་རིག་མེ་ཆེན་སྦར་འདི་བཀའ་དྲིན་ཆེ་འོ།། 


བརྟན་བཞུགས་འབུལ་བའི་ལྟ་གྲུབ་རིང་ནས་དོར་མོད།། 

ཁྱེད་ཉིད་བརྟན་པར་བཞུགས་རེ་སྙིང་ལ་བསྐོས་ཡོད།།

དཀོར་གཟན་སྤྲུལ་སྐུ་སྟོང་གི་ཚེ་དང་སྲོག་ལས།། 

ང་ལ་ཁྱེད་ཉིད་མཁོ་ཨང་དགེ་རྒན་དམ་པ།། 

རྩོམ་པ་པོ་རྨ་དུག་ལྕེ།

སློབ་གསོ་བ་ཆེན་མོ་ཁོང་གི་གཏམ་བཤད་ཅིག་ལ་ཉན་རྗེས་ལས་ཀའི་ཞོར་ནས་གོ་སླ་བའི་ཚིག་འགའ་ཡི་གེར་བཀོད་པ།

03/02/2017


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532977
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།