སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་གཟེངས་བསྟོད་མཛད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི
སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་གཟེངས་བསྟོད་མཛད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-02-06ལྟ་ཀློག (5261)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་གཟེངས་བསྟོད་མཛད་སྒོ།

    ༢༠༡༧ ལོའི་སྤྱི་ཟླ་༢པའི་ཚེས་༥ཉིན་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རུག་ཆེན་འབྲོག་ཨུ་ཁང་གིས་སྡེ་བའི་ནང་གི་སློབ་ཆེན་སློབ་མ་ཁ་ཤས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་༢༠༡༦ལོའི་ཆུང་འབྲིང་སློབ་མའི་མཇུག་རྒྱུགས་ཀྱི་རྒྱུགས་འབྲས་སྤྱི་སྡོམ་དང་།  ༢༠༡༦ལོར་བྱ་དགའ་ཐོབ་པའི་ཆུང་འབྲིང་སློབ་མའི་གཟི་བརྗིད་དཔང་ཡིག་སོགས་ཕྱོགས་བསྡུས་བྱས་ཏེ་སྐབས་དང་པོའི་ཆུང་འབྲིང་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་མཛད་སྒོ་དབུས་ལུང་སུམ་མདོ་རུ་བསྡུས།  ཐེངས་འདིའི་བྱ་དགའི་མཛད་སྒོར་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དར་རྒྱས་གཙོས་རྭ་རྒྱ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འཐུས་ཚབ་མི་སྣ་དང་། རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ན་བཞུགས་པའི་སྡེ་བའི་དགེ་སློང་རྒན་པ་ཁ་ཤས།  གཞན་སྡེ་བའི་འགོ་ཁྲིད་རྒན་པ་དང་ལས་ཁུངས་སོ་སོ་ནས་ཕྱག་ལས་གནང་བཞིན་པའི་སྡེ་བའི་ལས་བྱེད་པ།  དེ་མིན་སློབ་མ༢༠༠ལྷག་དང་སློབ་མའི་ཁྱིམ་བདག་སོགས་མཛད་སྒོ་ལ་ཞུགས་ཡོད།  ཐེངས་འདིའི་བྱ་དགའི་རྣམ་གྲངས་ལ་ཐོག་མར་བྱིས་སློབ་ཁང་དང་སློབ་ཆུང་། སློབ་འབྲིང་དང་མཐོ་འབྲིང་བཅས་ཀྱི་སློབ་གྲོགས་ཡོངས་ལ་སྐུལ་མའི་ལེགས་སྐྱེས་ཕུལ་བ་དང་དེ་རྗེས་སྐར་འབྲས་སྤྱི་སྡོམ་བྱས་ཏེ་སྐར་འབྲས་ཀྱི་མཐོ་དམན་ལྟར་ཨང་རིམ་བཀར་ནས་བྱ་དགའ་གནངས་བར་མ་ཟད། གཞན་ལོ་གཅིག་རིང་གི་སློབ་མ་རེ་རེའི་སློབ་སྦྱོང་ཐད་ཀྱི་གཟི་བརྗིད་དཔངས་ཡིག་གི་མང་ཉུང་བསྡུར་ནས་བྱ་དགའ་གནངས་སོ།།     ཚོགས་ཐོག་ཏུ་སུ་ཆེན་འབྲོག་ཨུ་ཁང་གི་ཏང་གཙོ་མཁས་གྲུབ་དང་སྡེ་དཔོན་སྙན་གྲགས།  གཞན་རྨ་ཆེན་རྫོང་སློབ་གསོ་ཅུའུ་ཡི་བོད་ཡིག་ཁྲིད་དཔྱོད་ཀྱི་འགན་ལེན་པ་དབང་ཆེན་སྟོབས་རྒྱལ་སོགས་ཀྱིས་བྱ་འགུལ་འདི་སྤེལ་དོན་གྱི་དམིགས་ཡུལ་གཙོ་བོ་སྡེ་བ་དང་ས་གནས་ཀྱི་སློབ་གསོ་འཕེལ་རྒྱས་ཐད་ལ་ནུས་པ་ཅུང་ཙམ་རེ་འདོན་པར་དམིགས་ཏེ་བསྒྲུབ་པ་སོགས་བྱ་འགུལ་གྱི་ནང་དོན་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གནང་རྗེས་རྒྱལ་ཁ་དང་གཟི་བརྗིད་ཀློང་ནས་མཇུག་བསྡུས།


ན་ཆུང་སློབ་མ་རྣམས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཚོགས་རའི་ཟུར།

རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དར་རྒྱས་ཀྱིས་སློབ་གྲོགས་རྣམས་ལ་སྐུལ་མའི་བྱ་དགའ་གནང་བའི་རྣམ་པ།

སུ་རུག་ཆེན་འབྲོག་ཨུ་ཁང་གི་ཏང་གཙོ་དང་སྡེ་དཔོན་གྱིས་སློབ་མ་རྣམས་ལ་བྱ་དགའ་སྟེར་བའི་བཞིན་པ།


ཁྱིམ་བདག་གིས་རང་ཉིད་ཀྱི་བྱིས་པའི་བྱ་དགའ་ལེན་པར་གཟབ་ནན་ཀྱིས་གཟིགས་བཞིན་པ།


བྱ་དགའ་ཐོབ་པའི་སློབ་གྲོགས་དང་གདན་ཞུའི་སྐུ་མགྲོན་ཡོངས་ཀྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། རྨ་གཞུང་བཙན་སྲས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་གཟེངས་བསྟོད་མཛད་སྒོ།   སྤེལ་མཁན།: སྒོ་བསྟན་པའི་རྒྱལ་མཚན། སྤེལ་དུས:2017/2/6
འཕེལ་རྒྱས་ཀྱི་རྩ་བ་དཔལ་འབྱོར་ཡིན་ལ་དཔལ་འབྱོལ་རྩ་བ་ནི་སློབ་གསོ་ཡིན།སློབ་གསོ་ཡག་པོ་ཞིག་བསྒྲུབ་ན་དེ་ནི་མི་རིགས་ཀྱི་ལ་རྒྱ་དང་ཁྱིམ་ཚང་གི་བདེ་སྐྱིད་ཡིན།རྒྱ་ནག་གི་དཔེ་གཞུང་ཆེན་མོ་བསླབ་ཆེན་ལས་གནམ་འོག་གི་རྩ་བ་ནི་རྒྱལ་ཁབ་དང་།རྒྱལ་ཁབ་ཀྱི་རྩ་བ་ནི་ཁྱིམ་ཚང་ཡིན།ཁྱིམ་ཚང་གི་རྩ་བ་ནི་མི་ཡིན།མི་རེ་རེའི་རྩ་བ་ནི་བསྒྲུབ་སྦྱོང་ཡིན་གསུང་ཡོད། ང་ཚོས་ཀྱང་མི་རེ་རེར་སློབ་གསོ་ཡག་པོ་རེ་འཐོབ་པར་བཅུག་ན་རང་རིགས་ཀྱི་གཟི་བརྗིད་མ་ཡིན་ནམ། ཁྱེད་སུ་རིག་ཆེན་གྱི་སློབ་ཆེན་པ་དང་དབུ་ཁྲིད་དག་གིས་འདི་ལྟར་སློབ་གསོ་ལ་གཙུག་འཛིན་གནང་བ་ཧ་ལས་པས་ཡག་པོ་རེད། སྡེ་བ་གཞན་དག་གིས་ཀྱང་སུ་རུག་ཆེན་ལ་སློབ་སྦྱོང་བྱས་ནས་བྱ་འགུལ་འདི་འདྲ་སྤེལ་ན་ཡག་པོ་རེ་བསམ་ཡོད།
  སུ་རུག་ཆེན་འབྲོག་ཨུ་ཁང་གི་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་གཟེངས་བསྟོད་མཛད་སྒོ།   སྤེལ་མཁན།: སྒོ་བསྟན་པའི་རྒྱལ་མཚན། སྤེལ་དུས:2017/2/6
མི་རིགས་དང་ས་གནས་ཀྱི་རེ་བ་ནི་ད་ལྟའི་སློབ་གསོ་དང་སློབ་མ་ཡིན།སློབ་གསོ་ལ་རྒྱབ་བསྐྱོར་ཇི་ལྟར་གནང་ན་མི་རིགས་དང་ས་གནས་ལ་རེ་བ་དང་འཕེལ་རྒྱས་དེ་ལྟར་ཆེ།དེ་བས་ཁྱེད་སུ་རུག་ཆེན་གྱིས་སྤེལ་བའི་བྱ་འགུལ་འདི་ལ་སྙིང་བོ་བླ་ལྷག་ལྡན། རྗེས་སུ་ཡིི་རང་བྱེད་བཞིན་ཡོད །
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23540370
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།