༧པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་སློབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »༧པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་སློབ།
༧པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་སློབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-01-28ལྟ་ཀློག (5936)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་དངོས་སུ་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོའི་ཚོགས་ཆེན་ལ་གནང་བའི་བཀའ་སློབ།


༡༩༨༧ལོའི་ཟླ༥ཚེས༥ཉིན།

      འགོ་ཁྲིད་རྣམ་པ། བློ་མཐུན་རྣམ་པ། གྲོགས་པོ་རྣམས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཏང་དང་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ཀྱིས་ཁས་ལེན་ཏན་ཏིག་གནང་བའི་ཆོས་ལུགས་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཏུ། ཏང་གི་བསྒྱུར་བཅོས། སྒོ་འབྱེད། འཁྲུག་གཏོང་བཅས་ཀྱི་བྱེད་ཕྱོགས་ཀྱི་བློ་སྒོ་ཕྱེ་བསྟུན། དགོན་པས་དགོན་པ་གསོ་བའི་རྩ་དོན་ལག་ལེན་བསྟར་ཞིང་། ཐབས་༠༨༧༨༠ཧི༩ཧ༩༨བརྒྱ་ཇུས་སྟོང་གི་སྒོ་ནས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དུ་བཏང་སྟེ་གངས་རིའི་རྭ་བས་བསྐོར་བའི་ཞིང་མཆོག་དམ་པ་འདི་ལ་ཕུན་ཚོགས་འདོད་རྒུའི་རྒྱན་བརྒྱས་ལེགས་པར་བརྒྱན་ཏེ།  སྤྱི་ཚོགས་ཡོངས་ལ་ལེགས་སྐྱེས་བཟང་པོ་འབུལ་ཐུབ་པ་བྱེད་རྒྱུའི་ཆེད་དུ་བོད་གངས་རྒྱན་དར་སྤེལ་གཟུགས་རྒྱུའི་ལས་འགོ་བརྩམས་པར་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་ལས་ཁུངས། བོད་ཀྱི་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་མོས་མཐུན་དང་འབྲེལ་རྒྱབ་སྐྱོར་རོགས་རམ་ཤུགས་ཅན་གནང་བར་བརྟེན་ནས་དེ་རིང་གཟའ་སྐར་ཕུན་སུམ་ཚོགས་ཤིང་བཀྲ་ཤིས་དགེ་མཚན་རྒྱས་པའི་ཉི་མ་བཟང་པོ་འདིར།   བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་དངོས་སུ་དབུ་བརྙེས་ཏེ་གངས་རྒྱན་དར་སྤེལ་གྱི་བྱ་གཞག་སྒོ་ཀུན་ནས་སྤེལ་རྒྱུ་འདི་ཉིད་གདན་ས་བཀྲ་ཤིས་ལྷུན་པོའི་དོན་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་ཡོངས་ལ་མཚོན་ནའང་དགོས་དོན་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད་གཤིས་དེ་ནི་དགའ་སྟོན་བྱེད་འོས་པ་དང་རྟེན་འབྲེལ་ཞུ་འོས་པའི་བྱ་བ་བཟང་པོ་ཞིག་ཡིན།

དེར་བརྟེན་ངས་བཀྲ་ཤིས་ལྷུན་པོའི་ལས་དོན་ཁང་གི་བདག་པོ་དང་བཀྲས་ལྷུན་དམངས་གཙོའི་བདག་གཉེར་བསྐོས་མིའི་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་གྱི་མིང་ཐོག་ནས་བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་དངོས་སུ་བཙུགས་པར་བཀྲ་ཤིས་ཤིང་དོན་ཀུན་འགྲུབ་པའི་རྟེན་འབྲེལ་ཤིས་སྨོན་དང་འབྲེལ། གངས་རྒྱན་དར་སྤེལ་གྱི་བྱ་གཞག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བླ་ན་མེད་པའི་གུས་བཏུད་ཞུ་རྒྱུ། ཕྱོགས་མཚུངས་རྟེན་འབྲེལ་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ལྷན་རྒྱས་ཚང་མར་སྙིང་ཉེ་བའི་འཚམས་འདྲི་དང་ཁ་ཞེ་གཉིས་མེད་ཀྱི་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

བོད་ཞི་བའི་བཅིངས་བཀྲོལ་བཏང་བ་ནས་བཟུང་ང་ཚོས་རྒྱལ་གཅེས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་མཐིལ་ཕྱིན་བསྟར་བསྟུན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་ངོས། རྒྱ་བོད་མི་རིགས་ཀྱིས་གཙོས་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན། ཆོས་ལུགས་གྲུབ་མཐའ་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བརྒྱབ་ཐོག་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་ཐད་ལ་ཕན་ཐོགས་དང་དགེ་མཚན་ལྡན་པའི་བྱ་བ་བཟང་པོ་མང་པོ་བསྒྲུབས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ཟིན་པ་རེད།

དེང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་གསུམ་པ་ཚུན་གྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་ཡང་དག་པའི་མཛུབ་ཁྲིད་འོག་ཏུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བློ་མཐུན་སྤྱོད་མཐུན་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི་དང་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་འདིར་རང་རེའི་དགོན་སྡེ་ཁག་འཛིན་སྐྱོང་བདག་གཉེར་ཇི་ལྟར་བྱེད་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཇི་ལྟར་བྱེད། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱེད། ཆོས་རྒྱག་ཆོས་ཐེབས་སོགས་དཔལ་འབྱོར་གྱི་གནད་དོན་རྣམས་ཐག་གཅོད་ཇི་ལྟར་བྱེད།

སྤྱི་ཚོགས་ལ་སྨན་པའི་བྱ་བ་ཇི་ལྟར་བྱེད་སོགས་དེ་དང་དེ་འདྲའི་དཔྱད་གཞི་མང་པོ་ཞིག་རང་རེའི་མདུན་སྔར་ལྷགས་ནས་ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་ཡོད་སྟབས། ༡༩༨༥ལོར་ང་རང་བོད་ལྗོངས་སུ་རྟོག་ཞིབ་འཚམས་འདྲིར་འགྲོ་སྐབས་གསར་འབྱེད། གསར་གཏོད། གསར་བསྐུན། མདུན་བསྐྱོད་བཅས་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་གོང་གསལ་གྱི་དཔྱད་གཞི་རྣམས་རང་གདན་བཀྲ་ཤིས་ལྷུན་པོར་ཚོད་ལྟ་དང་འབྲེལ་རིམ་གྱིས་ཐག་གཅོད་ཐུབ་ཐབས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་བརྒྱབ་ནས་བོད་སོག་གི་དགོན་སྡེ་ཁག་ལ་ཁྱབ་གདལ་དུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འདེབས་ཞུས་པར་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ཡིད་མཐུན་དང་ཆོག་མཆན་གནང་ཞིང་དེ་མཚུངས་བོད་ཀྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་། གཞིས་རྩེ་ས་ཨུད་དང་ཀུང་ཧྲུའུ་སོགས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་རྣམས་ཀྱིས་ཀྱང་ཡོངས་སུ་མོས་མཐུན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་།

དེ་འདྲ་བྱས་ནས་རང་གདན་བཀྲ་ཤིས་ལྷུན་པོར་ང་རང་ངོ་མས་གཙོ་འགན་འཁུར་ཏེ་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར་སོགས་ཕྱོགས་གང་ཐད་ཀྱི་ཚོད་བལྟའི་ལས་འགོ་བརྩམས་ནས་ལས་ཀ་བྱས་དང་བྱེད་བཞིན་ཡིན་པ་དེའི་ནང་གི་དཔལ་འབྱོར་གྱི་བྱེད་སྒོ་གཙོ་བོ་ནི་གངས་རྒྱན་དར་སྤེལ་གྱི་བྱ་གཞག་བརྒྱུད་ནས་འགྲུབ་པ་བྱེད་རྒྱུ་ཡིན།

བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་དུ་ཞུགས་ནས་གངས་རྒྱན་དར་སྤེལ་གྱི་བྱ་གཞག་སྒྲུབ་རྒྱུ་ནི་སོ་སོ་རང་ལ་མཚོན་ན་ལས་བསོད་ནམས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་པར་མ་ཟད། དགོས་དོན་ཆེ་ཞིང་མདུན་ལམ་ཡངས་པ་ཞིག་ཀྱང་ཡིན་པ་དེ་ཚང་མས་གསལ་པོར་ཤེས་པར་བྱས་ནས་ལུས་འབུལ་གྱི་སྙིང་སྟོབས་དང་། བློས་བཏང་གི་སྙིང་སྟོབས། ཞུམ་མེད་ཀྱི་སྙིང་སྟོབས་རབ་ཏུ་བསྐྱེད་དེ་ལྷག་བསམ་རྨ་མེད་དང་། གཞུང་བསམ་དག་པོ། མཐུན་སྒྲིལ་དམ་གཙང་། རྡོག་རྩ་གཅིག་གྱུར། སྒྲིག་ཁྲིམས་དམ་སྲུང་། བཀའ་སྲུང་ཅི་སྒྲུབ། ཀུན་སྤྱོད་བཟང་པོ། སེམས་མཐུན་སྤྱོད་མཐུན། ལས་དབང་གཅིག་གྱུར། སྐྱིད་སྡུག་མཉམ་མྱོང་། མི་ཧྲག་ལས་ལྕག ཁ་དན་ཚིག་གནས། ངོ་ལྐོག་གཉིས་མཚུངས། ལས་ཚགས་ལག་གཙང་། ཕྱར་བ་གྲུ་འདེགས། དཀའ་བརྒྱར་མི་འཛེམས། བརྒྱར་ཕམ་མི་ཞུམ། དཀའ་སྤྱད་འབད་སྒྲུབ། ཡང་འབད་བསྐྱར་འབད། མི་ཁེངས་མི་འཚབ། དཀའ་བཟོད་ལུས་བཟོད། ངར་བསྐྱེད་སྟོབས་འཚོལ། དཀའ་ཐུབ་སྡུག་རུས། གཅིག་འགྱེལ་གཉིས་ལང་། བརྟན་ཅིང་འཕོ་མེད་ཀྱི་སྒོ་ནས་ཇི་སྲིད་ཀྱི་བར་དུ་མདུན་ནས་མདུན་དུ་བསྐྱོད་དེ་རང་འཁྲིའི་ལས་འགན་རྣམས་རྒྱལ་ཁའི་ངང་ལེགས་པར་བསྒྲུབས་ཏེ་བོད་ཀྱི་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ།

གཅིག་ཏུ། རང་གདན་བཀྲ་ཤིས་ལྷུན་པོའི་དཔལ་འབྱོར་གྱི་ཆ་རྐྱེན་རྣམས་ལེགས་བཅོས་གཏོང་རྒྱུ།


གཉིས་སུ། བོད་ཀྱི་སྤྱི་ཚོགས་སྤྱི་ལ་སྨན་པའི་ཕན་བདེའི་བྱ་བ་དང་། རྒྱབ་སྐྱོབ་ཀྱི་བྱ་བ། དབུལ་སྐྱོར་ཕྱུག་སྒྱུར་གྱི་བྱ་བ་སྣ་ཚོགས་སྒྲུབ་ནས་བོད་མི་དམངས་ལ་ཐད་ཀར་ཞབས་འདེགས་ཞུ་རྒྱུ།


གསུམ་དུ། བོད་ཀྱི་ཚོང་ཟོག་དཔལ་འབྱོར་དང་བཟོ་ཚོང་དཔལ་འབྱོར་གྲ་རྒྱས་ཕུན་སུམ་ཚོགས་པ་ཡོང་ཤབས་ཀྱི་སྒོ་ནས་མཐུན་སྒྲིལ། ཕྱུག་པོ། ཤེས་ཡོན་དཔལ་ལྡན་པའི་བོད་ལྗོངས་གསར་པ་འཛུགས་བསྐྲུན་གྱི་ཆེད་དུ་ནུས་པ་འདོན་རྒྱུ།
བཞི་རུ། ཉེ་ཆར་བཙུགས་པའི༼བོད་དར་རྒྱས་རོགས་སྐྱོར་ཐེབས་རྩའི་ལྷན་ཚོགས་༽ཀྱི་བྱ་གཞག་ལ་གཡས་གཞོགས་གཡོན་འདེགས་བྱས་ཏེ་བོད་ཀྱི་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། ཚན་རིག་ལག་རྩལ་སོགས་ཀྱི་བྱ་གཞག་གོང་དུ་སྤེལ་ནས་རང་རེ་བོད་མི་རིགས་སྔོན་ཐོན་མི་རིགས་ཀྱི་ཚོགས་གྲལ་དུ་ཚུད་པའི་ཆེད་དུ་ལག་རྗེས་འཇོག་རྒྱུ།
ལྔ་རུ། མི་རིགས་མཐུན་སྒྲིལ་ཏེ། བོད་རྒྱ་མི་རིགས་དབར་གྱི་མཐུན་སྒྲིལ་དང་། གྲངས་ཉུང་མི་རིགས་ཕན་ཚུན་མཐུན་སྒྲིལ། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། བསམ་པའི་དཔལ་ཡོན་ཏེ། དང་དོད་ལྔ། མཛེས་ཆ་བཞི། དགའ་ཞེན་གསུམ། དཀར་པོའི་དགེ་བ་བཅུ། མི་ཆོས་གཙང་མ་བཅུ་དྲུག་སོགས་གནའ་རབས་དང་དེང་རབས་ཀྱི་བསམ་པ་བཟང་པོ་དང་། ཀུན་སྤྱོད་བཟང་པོ། སྲོལ་རྒྱུན་བཟང་པོ་རྣམས་ཁྱབ་གདལ་དུ་གཏོང་བ། ༼མི་རིགས་ཀྱི་རང་གསུམ་༽སྟེ། རང་གི་ལ་རྒྱ། རང་ལ་ཡིད་ཆེས། རང་ཉིད་ཡར་བརྩོན་གྱི་སྙིང་སྟོབས་སྤེལ་ནས་བོད་མི་རིགས་ཆེ་ཆེར་དར་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་། ལྷོ་ནུབ་མཐའ་མཚམས་བརྟན་སྲུང་། ལྷིང་འཇགས་མཐུན་སྒྲིལ་རྒྱུན་སྐྱོར་ཡོང་བ་སོགས་ཀྱི་བྱ་གཞག་ལའང་རང་ནུས་ཀྱི་ཁྱབ་ཁོངས་ནང་དུ་ལེགས་སྐྱེས་འབུལ་རྒྱུ་བཅས་ལ་ཚང་མས་འབད་བརྩོན་ལྷོད་མེད་རྒྱུན་སྐྱོང་ཡོད་པ་གྱིས།།

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱིས།
 སྤྱི་ལོ་༡༩༨༧ཟླ་༥ཚེས་༥བཟང་པོར་པེ་ཅིང་ནས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504815
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།