འཛམ་གླིང་ལ་སྒྱུར་བཅོས་བཏང་བའི་ཨ་རིའི་བུ་མོ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འཛམ་གླིང་ལ་སྒྱུར་བཅོས་བཏང་བའི་ཨ་རིའི་བུ་མོ་ཞིག
འཛམ་གླིང་ལ་སྒྱུར་བཅོས་བཏང་བའི་ཨ་རིའི་བུ་མོ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-19ལྟ་ཀློག (5626)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཛམ་གླིང་ལ་སྒྱུར་བཅོས་བཏང་བའི་ཨ་རིའི་བུ་མོ་ཞིག
           2016/03/20     11:36

      ཞིབ་འཇུག་གི་སླད་དུ། ཁོ་མོས་ཚོད་ལྟའི་སྒྲིག་ཆས་དག་རང་ཉིད་ཀྱི་མལ་ཁྲིའི་འོག་ཏུ་སྒྲིག་འཇོག་བྱས་ཡོད་པ་དང་། མཚོ་སྐྱེས་སྔོ་རིགས་དེ"རྡོ་སྣུམ"(Seaweed Oil)ལ་བསྒྱུར་བའི་སྤྱིར་བཏང་ཕལ་བའི་བུ་མོ་འདིའི་མལ་ཁང་དུ། དྲི་ཞིམ་སྣ་ཚོགས་ཀྱིས་ཁྱབ་ཅིང་ཡིད་འོང་དངོས་རིགས་ཀྱིས་ཁེངས་ནས་ཡོད། ཁྱེད་ཀྱིས་བུ་མོ་འདིའི་མལ་ཁང་ལ་གཟིགས་དང་། སྟེང་ནི་མལ་ཁྲི་ཡིན་པ་དང་དེའི་འོག་ཏུ་ལྗང་མདོག་གི་གཤེར་གཟུགས་ཅན་གྱི་ཤེལ་དམ་མང་བོ་ཞིག་བཞག་ཡོད།

     འདི་ནི་ཚན་རིག་རྟོག་འཆར་གྱི་གློག་བརྙན་ནང་གི་སྣང་ཚུལ་དེ་ཙམ་མ་ཡིན་པར་རང་ལོ17ཅན་གྱི་བུ་མོSara Volzཡི་མལ་ཁང་རེད། ཕར་བལྟས་ན་ཁོངས་དོག་ཅིང་ཕལ་བའི་ཁང་ཆུང་ཞིག་དང་འདྲ་བ་འདི་ནི་དོན་དངོས་སུ་ཁོ་མོའི་མལ་ཁང་ཡིན་ལ་ཁོ་མོའི་ཚོད་ལྟ་ཁང་ཡང་ཡིན།

     གནས་འདི་ནས་ཁོ་མོས་ཆུ་སྐྱེས་སྔོ་རིགས་ཀྱི་སྐྱེ་དངོས་དག"རྡོ་སྣུམ་"ལ་བསྒྱུར་བ་རེད། འདི་ནི་ཕར་བལྟས་ན་འགྲུབ་ཐབས་མེད་པའི་ངོ་མཚར་བའི་བྱ་བཞག་ཅིག་ཡིན་མོད། འོན་ཀྱང་དོན་དེ་དངོས་སུ་ལག་བསྟར་བྱེད་ཐུབ་ཡོད་པས། ཁོ་མོ་ནི་ཇི་འདྲའི་ཡིད་དུ་འོངས་པའི་བུ་མོ་ཞིག་རེད་ཨང་།

     ངོ་མཚར་བའི་ལེགས་འགྲུབ་དེ་ནི་ཉིན་ཞག་གཅིག་གི་རིང་གློ་བུར་དུ་འགྲུབ་སོང་བ་ཞིག་གཏན་ནས་མ་ཡིན་ཏེ། Saraལོ་ན་ཤིན་ཏུ་ཆུང་དུས་ཁོ་མོ་རང་བྱུང་དང་འགྱུར་ལྡོག་གི་སྣང་ཚུལ་སྣ་ཚོགས་ལ་སྤྲོ་སྣང་ཚད་མེད་སྐྱེས། ལོ5ཡིན་པའི་དུས་ནས་བཟུང་། ཤེལ་དམ་འདྲ་མིན་ནང་བླུགས་ཡོད་པའི་དངོས་རྫས་དག་གིས་ཁོ་མོ་ཀུན་ནས་མྱོས་པར་བྱས་པ་དང་། སྐབས་དེར་ཕ་མ་ཟུང་གིས་དེ་ནི་ཁོ་མོ་དེ་དག་ལ་མཚར་སྣང་སྐྱེ་བ་ཙམ་ལས་མ་འདས་སྙམ།

     ལོ་འགའི་རྗེས་སུ། ཁོ་མོས་དངོས་རྫས་སྣ་ཚོགས་ཀྱི་ཁམས་མཐའ་དག་བྱང་ཆུབ་པར་གྱུར་པས་ཁྱད་པར་ཕྲ་ཞིང་ཕྲ་བ་དག་ཀྱང་། ཁོ་མོའི་མིག་ཟུང་གི་ཞིབ་འཇུག་གི་ཁྱབ་ཁོངས་ལས་བརྒལ་ཐབས་མེད་པ་རེད།

     ཁོ་མོ་རང་བྱུང་དང་རྫས་འགྱུར་ལ་དགའ་ཞེན་ཇི་ཙམ་ཞིག་ཡོད་པ་ནི་མང་བོ་སྨྲ་ག་ལ་དགོས། དེ་ནི་རྣམ་པ་ཞིབ་ཅིང་ཕྲ་བ་ཞིག་ལས་ཀྱང་གསལ་བོར་ཤེས་ཐུབ་སྟེ། གཞན་པའི་ལོ་གཞོན་བུ་མོ་སུ་ཞིག་གིས་རྫས་འགྱུར་གྱི་གཞི་རྒྱུ་དུས་འཁོར་རེའུ་མིག་དེ(化学元素周期表)རྐང་བར་གྱོན་ཡོད་དམ། ཡིན་ནའང་བུ་མོSaraཡིས་དེ་རང་ཉིད་ཀྱི་རྐང་བར་གྱོན་པ་རེད། རྒྱུ་མཚན་ནི་མོ་རང་དེ་ལ་ཧ་ཅང་དགའ་ཞེན་ཆེ་ཞིང་དེས་ཀུན་ནས་མོ་རང་མྱོས་པར་བྱས་ཡོད་པས་སོ།།

     སྤྱིར་བཏང་རང་ལོ13ཡིན་པའི་བུ་མོ་ཕལ་ཆེ་བས་གོས་གང་ལེགས་གྱོན་པ་དང་སྒེག་ཆོས་སྤྲས་པར་མཐའ་གཅིག་ཏུ་དོ་སྣང་བྱེད་པ་ཡིན་མོད། འོན་ཀྱང་ཁོ་མོས་ཡང་བསྐྱར་བསྐྱེད་ནུས་པའི་ནུས་པའི་འབྱུང་ཁུངས་ཐད་དུ་བསམ་གཞིགས་བྱེད་འགོ་བརྩམས། དེ་ཡང་དགེ་རྒན་གྱིས་སློབ་ཚན་སྐབས་སུ་སྐད་ཆ་ཞིག་བཤད་པ་ནི། "ཆུ་སྐྱེས་སྔོ་རིགས་སྐྱེ་དངོས་ཀྱིས་ནི་དེ་མ་ཐག་ཡང་བསྐྱར་བསྐྱེད་ཐུབ་པའི་ནུས་པའི་ཐོན་ཁུངས་བཟོས་ཆོག  ད་ལྟ་སྐྱེ་དངོས་འབར་རྫས་ལག་རྩལ་ངོས་ནས་བཤད་ན་དེ་འགྲུབ་མི་སྲིད་པ་ཞིག་མིན་མོད། ཡིན་ནའང་དེའི་ཐོན་སྐྱེད་མ་རྩའི་རིན་གོང་ཧ་ཅང་མཐོ་བའི་དབང་གིས་ལག་རྩལ་འདི་དོན་ཐོག་ཏུ་འཁྱོལ་བར་བྱེད་དཀའ"ཟེར།

     མ་གཞི་ནས་སྐྱེ་དངོས་རྫས་འགྱུར་གྱི་ཁྱབ་ཁོངས་ལ་སྤྲོ་སྣང་ཚད་མེད་ཡོད་པའི་ཁོ་མོར་དེ་མ་ཐག་གནད་དོན་གཉིས་ཀྱིས་སེམས་ཤུགས་ཀྱི་མེ་ཕུང་དེ་རབ་ཏུ་འབར་བར་བྱས་ཡོད། གནད་དོན་དེ་གཉིས་ནི་"ཕལ་བའི་ཆུ་སྐྱེས་སྔོ་རིགས་ཀྱིས་ཇི་ལྟར་སྲོལ་རྒྱུན་གྱི་ནུས་པའི་འབྱུང་ཁུངས་ཀྱི་ཚབ་བྱེད་ཐུབ་བམ། ཡང་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་དེ་ཉིད་དེ་འདྲའི་རིན་གོང་མཐོན་པོ་ཡིན་ནམ"ཞེས་པ་དེ་རེད།

     ཁོ་མོས་དྲི་བ་འདི་དག་སེམས་སུ་ཉར་ཏེ་ཨ་རིའི་ཆེས་ལེགས་ཤོས་ཀྱི་ཚོད་ལྟ་ཉམས་ཞིབ་ཁང་ལ་སོང་བ་དང་། ཁྱབ་ཁོངས་དེ་དང་འབྲེལ་ཡོད་ཀྱི་དགེ་རྒན་ཆེན་མོ་བཅུ་ཕྲག་ལྷག་ལ་འདིའི་སྐོར་གྱི་བཀའ་འདྲི་བྱས་ནའང་མོའི་དོགས་འདྲི་ལ་ནན་ཏན་གྱིས་ལན་འདེབས་མཁན་གཅིག་ཀྱང་བྱུང་མ་སོང་།

     རྒྱུ་མཚན་ནི་ཁོང་ཚོས་བྱིས་བློ་མ་ཡལ་བའི་བུ་མོ་ཆུང་ཆུང་འདི་ལ་ཡིད་ཆེས་བྱེད་མ་ཐུབ་པས་རེད། ཕུལ་བྱུང་ཚན་རིག་ཞིབ་འཇུག་མི་སྣ་བརྒྱ་ཕྲག་གི་མགོ་ན་བར་བྱེད་པའི་དཀའ་གནད་འདིའི་ཐད་བྱས་རྗེས་འཇོག་པ་ནི། "གཅིག་བྱས་ན་དུས་ཡུན་སྐར་མ་གསུམ་ལ་བྱིན་པའི་སྤྲོ་སྣང་ལས་མ་འདས་ཤིང་དེ་ནི་ཁྱད་མཚར་བའི་སེམས་ཀྱི་སྐུལ་འདེད་ཀྱིས་བསྐྱེད་པའི་ངར་ཤུགས་ཙམ་རེད།"

     སེམས་ཀུན་ནས་རབ་ཏུ་ཕམ་པར་བྱས་པའི་ཁོ་མོས། ཆེ་མཐོ་ཚོད་ལྟ་ཉམས་ཞིབ་ཁང་དེ་དང་ཁ་བྲལ་ཏེ་ཕྱིར་ལོག་པའི་ལམ་བར་དུ། རང་ཁྱིམ་ནས་རང་ཉིད་ཀྱི་ཚོད་ལྟ་ཁང་ཞིག་གཟུག་པའི་བསམ་ཚུལ་སྐྱེས་ཤིང་སེམས་ཐག་བཅད། སྟབས་ལེགས་པ་ཞིག་ལ་བློ་གཤོག་ཡངས་པའི་ཕ་མ་ཟུང་གིས་ཀྱང་བུ་མོའི་ཐག་གཅོད་ཀྱི་བྱ་བཞག་ལ་ནུས་ཤུགས་གང་ཡོད་བཏོན་ཏེ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་རེད།

     ཐམས་ཅད་ཀྱིས་ཤེས་གསལ་ལྟར། ཆུ་སྐྱེས་སྔོ་རིགས་ཀྱི་སྐྱེ་དངོས་ནི་སྐྱེ་དངོས་འབར་རྫས་སུ་བསྒྱུར་ཆོག་པ་རེད། ཡིན་ནའང་རྒྱུ་མཚན་ཅིའི་ཕྱིར་དེ་ཉིད་ཀྱི་མ་རྩའི་རིན་གོང་ཤིན་ཏུ་མཐོ་བར་སུ་གཅིག་གིས་ཀྱང་དོ་སྣང་བྱས་མ་མྱོང་། དེ་ནི་གཞི་རྒྱ་ཆེན་པོས་ཐོན་སྐྱེད་བྱེད་མི་ཐུབ་པའི་གནད་དོན་ཁོ་ནས་ཡིན་ནམ། ཁོ་མོས་དྲི་བ་འདི་དག་ལ་བསམ་བློ་གཏོང་བཞིན་རང་ཉིད་ཀྱི་མལ་ཁང་གི་ཚོད་ལྟ་ཁང་ལ་འཛུལ་བ་རེད།

     ཆུ་སྐྱེས་སྔོ་རིགས་ལ་རྟོག་ཞིབ་བྱེད་པའི་ཆེད་དུ། ཁོ་མོས་ཐ་ན་རང་ཉིད་ཀྱི་ལས་ཀ་དང་ངལ་གསོའི་དུས་ཚོད་ཀྱང་བསམ་བཞིན་ཆུ་སྐྱེས་སྔོ་རིགས་ཡར་སྐྱེས་པའི་དུས་དང་གཅིག་ཏུ་ཁེལ་བར་བྱས་པ་རེད།

     བགྲང་གིས་མི་ལོངས་པའི་འདེབས་གསོ་དང་ཕམ་ཁ། ཡང་དང་བསྐྱར་གྱི་ཐེངས་མང་བོའི་ཕམ་ཉེས་དང་ཡང་དང་བསྐྱར་དུ་འདེབས་གསོ་བྱས་པའི་རྗེས་སུ། ཁོ་མོར་མི་རྣམས་ཧང་སངས་པར་བྱེད་པའི་གྲུབ་འབྲས་བྱུང་བ་ནི། གཅིག་མཚུངས་ཀྱི་འཚོ་བཅུད་ལ་གཅིག་མཚུངས་ཀྱི་ཁོར་ཡུག་ཁྲོད་དུ། མི་འདྲ་བའི་ཆུ་སྐྱེས་སྔོ་རིགས་ཀྱི་སྣུམ་འདྲེས་ཚད(含油量)ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རྟོགས་པ་དེ་རེད།

     "གལ་སྲིད་ལེགས་འདེམས་དང་ཐ་ན་འདེབས་གསོ་བྱས་པ་ལས་བྱུང་བའི་སྣུམ་འདྲེས་ཚད་ཆེས་མཐོ་བའི་ཆུ་སྐྱེས་སྔོ་རིགས་ཀྱི་ཐོན་སྐྱེད་མ་རྩའི་རིན་གོང་མཐོན་པོའི་གནད་དོན་དེའང་། ཞོར་དུ་ལས་སླ་མོའི་ངང་ཐག་གཅོད་བྱེད་ཐུབ་པ་མ་ཡིན་ནམ།"

     ངོ་མཚར་བའི་བསམ་བློའི་རིགས་ལམ་འདི་བྱུང་རྗེས་ཁོ་མོར་དགའ་སྤྲོ་དཔག་མེད་སྐྱེས་པ་རེད། རིམ་པ་མཐོ་བའི་ཚོད་ལྟ་ཁང་མེད་པས་ཁོ་མོས་ཐབས་ཆག་གི་ཚོད་ལྟའི་འོག་ཏུ་མིའི་ཐབས་ཀྱིས་གདམ་གསེས་དང་འདེབས་གསོ་བྱས།

     ཁོ་མོས་རང་ལོ13ནས་བཟུང་འགོ་བརྩམས་ཏེ་ལོ5རིང་གི་ཆེས་མཛེས་སྡུག་གི་མེ་ཏོག་ལྟ་བུའི་ལང་ཚོ་དེ་རང་ཉིད་ཀྱི་ཚོད་ལྟ་ཁང་འདི་ལ་ཕུལ་བ་དང་། ཁོ་མོར་ཐོབ་པ་ནི་ཁེར་རྐྱང་དང་ཕ་མཐའ་མི་མངོན་པའི་ཚོད་ལྟའི་གྲུབ་འབྲས་རེ་རེ་ཡིན།

     ཐེངས་གྲངས་སྟོང་ཕྲག་དུ་མ་ལས་བརྒལ་བའི་ཚོད་ལྟ་བརྒྱུད་དེ། རང་ལོ17ཡིན་པའི་ཁོ་མོར་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་པ་ནི། དུས་རྒྱུན་རྩྭ་འགོག་སྨན་རྫས་སུ་བཀོལ་བའི烯禾定ཞེས་པའི་དངོས་རྫས་འདིས། ནུས་པ་ཆུང་བའི་ཆུ་སྐྱེས་སྔོ་རིགས་སྐྱེ་དངོས་རྩ་མེད་དུ་བཟོ་ཞིང་ནུས་པ་ཆེ་བའི་སྐྱེ་དངོས་དག་ནི་དེ་ལས་ལྡོག་སྟེ་སྐྱེ་སྟོབས་ཀྱིས་དཔལ་འབར་བར་བྱེད་པ་དེ་རེད།

     གྲུབ་འབྲས་འདིས་མོ་རང་དགའ་སྤྲོ་འབུམ་གྱིས་མྱོས་པར་བྱས། འདི་ནི་ཏག་ཏག་ལོ་ངོ་ལྔའི་རིང་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། མཐར་ཁོ་མོས་རང་གི་རེ་འབྲས་ལ་འོད་སྣང་ཕྲན་བུ་ཞིག་ལྡན་པ་མཐོང་ཞིང་ཡང་ཁོ་མོས་དེ་མ་ཐག་ནུས་མཐོའི་ཆུ་སྐྱེས་སྔོ་རིགས་ཟུར་དུ་འདེབས་གསོ་བྱས།

    འདི་ལྟར་འདེབས་གསོ་བྱས་པ་ལས་བྱུང་བའི་སྣུམ་ཚད་མཐོ་བའི་ཕྲ་ཕུང་ཆུ་སྐྱེས་སྔོ་རིགས་ཀྱིས་སྐྱེ་དངོས་འབར་རྫས་ཀྱི་མ་རྩའི་རིན་གོང་ལྡབ་འགྱུར་གྱིས་མར་ཕབ་ཐུབ་པ་བྱུང་ཡོད་ལ། ཞིབ་རྩིས་བྱས་ན་དེས་ཀྱང་གཅིག་མཚུངས་ཀྱི་སྣུམ་ཟོ་གང་ཐོན་སྐྱེད་བྱེད་ཐུབ་པར་མ་ཟད་དེའི་རིན་གོང་ཨ་སྒོར་གཉིས་ལའང་སླེབས་མེད་དོ།།

     ས་སྒང་ཡོངས་སུ་རྡོ་སྣུམ་འབར་རྫས་ནུས་པའི་འབྱུང་ཁུངས་ཀྱི་ཚབ་བྱེད་ཐུབ་པའི་དངོས་པོ་གཞན་པ་འཚོལ་བཞིན་པའི་གནས་སྟངས་ལ་གཞིགས་ན། ཞིབ་འཇུག་འདི་ལ་བླ་ན་མེད་པའི་དོན་སྙིང་ལྡན་པ་ནི་སྨོས་ག་ལ་དགོས། འདི་ལྟར། ཐོད་བརྒལ་རང་བཞིན་གྱི་ཞིབ་འཇུག་ལས་གཞི་འདིས། ཁོ་མོར་དབྱིན་ཐི་ཨར་གྱི་ཚན་རིག་བྱ་དགའ་ཨང་དང་བོ་ཐོབ་པར་མ་ཟད་ཨ་སྒོར100000ལྷག་གི་གཟེངས་རྟགས་ཀྱང་ཐོབ་པ་རེད།

     ལུས་སེམས་གཉིས་ཀ་ཚན་རིག་ཞིབ་འཇུག་ལ་བསྟིམས་པའི་བུ་མོ་འདིས་སྟེགས་བུའི་སྟེང་བུད་དེ་བྱ་དགའ་ལེན་དུས་རང་ཉིད་ཀྱང་ཡིད་ཆེས་དཀའ་བར་གྱུར།

   ཨ་རིའི་མ་ཧྲིན་རང་བྱུང་བཟོ་སྐྲུན་རིག་པ་སློབ་གླིང(麻省理工学院)གིས་རྒྱུགས་མ་སྤྲད་སྔོན་ལ་ཁོ་མོ་སློབ་གྲྭར་བླངས་པ་རེད།

     དེ་ཙམ་དུ་མ་ཟད། ཁོ་མོའི་ཞིབ་འཇུག་གིས་ཨ་རིའི་དམག་ཕྱོགས་ཀྱང་ཧང་སངས་པར་བྱས། རྒྱུ་མཚན་ནི་ཞིབ་འཇུག་འདི་རྒྱལ་ཁབ་ཀྱི་ནུས་པའི་ཐོན་ཁུངས་ཀྱི་འགན་སྲུང་དང་བདེ་འཇགས་ལ་འབྲེལ་བ་ཡོད་པས་ཡིན་ནོ།།

     ཕོ་བྲང་དཀར་བོར་སྲིད་འཛིན་ཨོ་བྷ་མས་ཁོ་མོར་བསྟོད་བསྔགས་བྱེད་དུས་རྩེད་མཚར་ངང་བཤད་དོན། "མ་གཞི་བུ་མོ་འདིས་རང་ཉིད་ཀྱི་མལ་ཁྲིའི་འོག་ཏུ། བླ་མེད་དོན་སྙིང་ལྡན་པའི་ངོ་མཚར་ཆེ་བའི་བྱ་བཞག་ལེགས་འགྲུབ་བྱུང་ཡོད། དངོས་གནས་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཞིག་རེད།"བུ་མོས་ཕྱིར་ལན་སློག་དོན། "མ་འོངས་པར་ཨ་རིའི་མི་རབས་རྗེས་མའི་བྱིས་པ་ཚོས་རང་གི་མལ་ཁྲིའི་འོག་ཏུ་ཚོད་ལྟ་ལེགས་འགྲུབ་བྱེད་མི་དགོས་པ་ནི་བདག་གི་རེ་བ་ཡིན་"ཞེས་བཤད་མ་ཐག་སྟེགས་བུའི་གཤམ་དུ་ཐལ་མོ་རྡེབ་སྒྲ་མཚམས་མི་ཆད་པ་བྱུང་།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23536086
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།