རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་། ​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་། ​
རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་། ​
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-01-18ལྟ་ཀློག (4422)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་། 

   ཀན་ལྷོ་རྨ་ཆུ་དབལ་པཎ་༼རྨོངས་སེལ་མཐུན་ཚོགས་༽ནི་རྨ་ཆུའི་དབན་པཎ་ཚང་ནས་༢༠༠༦ ལོར་འཚར་ལོངས་བྱུང་ཞིང་ལོ་དེ་ནས་ ༢༠༡༧ ལོའི་བར་ལོ་རེར་དམངས་ཚོགས་ཁྲོད་ནས་སྤྱིར་ཀ་ཁའི་མགོ་རྟིང་ཙམ་མི་ཤེས་པ་དག་བསྡུས་ནས་བོད་ཡིག་སྦྱོར་ཀློག་དང་དག་ཡིག རྒྱ་ཡིག་སྒྲ་སྦྱོར། རྩིས་རིག་འཐེན་བགོ་སྒྱུར་གསུམ་སོགས་གཙོ་བྱས་ཉེར་མཁོའི་རིགས་ཉིན་བཅོ་ལྔ་ལ་ཁྲིད་དང་འཁྲིད་ཀྱིན་ཡོད། ད་ལྟའི་བར་མ་ཡུམ་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་༽གི་མཐར་ཕྱིན་པ་དང་ཕྱིན་འགྱུར་གྱི་སློབ་མ་དག་དང་། ཕ་ཡུལ་གྱི་སློབ་ཆེན་པ་རྣམས་གཙོ་བྱས་ལོ་བཅུ་གཉིས་རིང་གསབ་སྦྱོང་འདིའི་སྣེ་ཁྲིད་བྱས་དང་བྱེད་བཞིན་ཡོད། ཐེངས་འདིའི་ངེད་དབལ་པཎ་རྨོངས་སེལ་མཐུན་ཚོགས་ཀྱིས་གསབ་སྦྱོང་སྐབས་བཅུ་གཉིས་པ་ ༢༠༡༧. ལོར་སྤྱི་ཟླ་ ༡.ཚེས ༢ ཉིན་ནས་དངོས་སུ་སློབ་འགོ་ཚུགས། ད་ལོར་ལོ་རེ་དང་མི་འདྲ་བར་ས་གནས་འདིའི་དམངས་ཚོགས་གཞིར་བཞག་གིས་གསབ་སྦྱོང་ལ་ཞུགས་མཁན་ཀླུ་ཆུ་དང་། མགོ་ལོག དངུལ་རྭ་ལྷ་སྡེ་སོགས་ནས་མི་རེ་ཟུང་ཡོད།  ཐེངས་འདིར་སློབ་མ་བརྒྱད་ཅུ་ལྷག་ཡོད་ལ་སྦྱངས་འབྲས་ཀྱང་ལོ་སྔོན་མ་དག་བསྡུར་ན་ཡར་ཐོན་དང་འཐུས་སྒོ་ཇེ་ལེགས་སུ་འགྲོ་བཞིན་འདུག ད་ལོ་ནས་ངེད་ཚོགས་པས་ཡིག་རྨོངས་སེལ་བའི་ལག་རྟགས་ཟེར་བའི་དཔང་ཡིག་ཅིག་སྤྲད་ཡོད། དེ་ནི་ངེད་གསབ་སྦྱོང་ལ་ཞུགས་ནས་གསལ་བྱེད་ནས་དག་ཡིག་བར་ལོ་རེར་ཡོང་ནས་འབྲི་ཀློག་ལ་བྱང་ཆུབ་པ་དང་དག་ཡིག་ཀྱང་གང་ལ་གང་འཚམས་ཤིག་ངེས་པ་དག་ལ་སྤྲད་ཡོད། སྤྱིར་གཟེངས་རྟགས་དང་དཔང་ཡིག་ཙམ་མ་ཡིན་པ་སོ་སོའི་དུས་རབས་ཤིག་གི་གོམ་ཁ་འདིར་རང་སྐད་རང་ཡིག་གི་བརྡ་དག་མ་ཤེས་ན་མི་རིགས་གཞན་གྱིས་བོད་ཀྱི་རིགས་གནས་བཅུའི་ཉིང་བཅུད་ཆུང་བ་གསལ་བྱེད་ནས་ཆེ་བ་མདོ་དང་བསྟན་བཅོས་ལ་སོགས་པ་སྦྱངས་བཞིན་མཆིས། ཡིན་ཡང་ཡིག་རྨོངས་པའི་སྡེ་དག་ལ་དགོས་མཁོ་སྐོང་ཕྱིར་དང་སྐུལ་སློང་ཞིག་གི་ཚུལ་དུ་ཕུལ་དང་འབུལ་རྩིས་ཡོད་དོ། །


 རྨོངས་སེལ་མཐུན་ཚོགས་ཀྱི་ཚོགས་མིའི་མཉམ་པར། 


དགའ་རྟགས་ཐོབ་པའི་སློབ་གྲོགས་ཡོངས།  


མཇུག་བསྡུའི་མཛད་སྒོའི་སྤྲོ་འཛུམ། 


 དག་ཡིག་འཛིན་གྲྭའི་དགེ་སློབ་མཉམ་པར། 


རྨོངས་སེལ་དཔང་ཡིག་ཐོབ་པའི་སློབ་མ་དག 


སྦྱོར་ཀློག་འཛིན་གྲྭ་དང་བོའི་དགའ་རྟགས་ཐོབ་སའི་སློབ་མ་དག 


སྦྱོར་ཀློག་འཛིན་གྲྭ་གཉིས་པའི་དགའ་རྟགས་ཐོབ་སའི་སློབ་མ་དག 


དག་ཡིག་འཛིན་གྲྭའི་དགའ་རྟགས་ཐོབ་སའི་སློབ་མ་དག  

ལོ་གཅིག་གི་སྤྱི་སྡོམ་ཚོགས་འདུ། 

 ༢༠༡༧.༡.༡༦ ཉིན་ལྕགས་ཤུལ་སྐལ་བཟང་བསོད་ནམས་ཀྱིས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་། ​   སྤེལ་མཁན།: རྨ་དངུལ་འཇུ་བསོད། སྤེལ་དུས:2017/1/18
བྱ་བཟང་དོན་བཟང་རེད། རྗེས་སུ་ཡི་རང་ཡོད། 👍👍👍
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23542778
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།