མནའ་མ་འདྲེ་མོ། སྒྲུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »མནའ་མ་འདྲེ་མོ། སྒྲུང་།
མནའ་མ་འདྲེ་མོ། སྒྲུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-01-11ལྟ་ཀློག (14768)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མནའ་མ་འདྲེ་མོ།

 

ཚེ་རིང་དར་རྒྱས།༼ཡུལ་ཤུལ།༽

 

     གནའ་སྔ་མོ་ཞིག་ལ་ཁྱིམ་ཚང་ཞིག་ཡོད་ལ་ཁོ་ཚང་གི་ཞི་ལུས་མནའ་མ་ཞིག་བླངས། ཉིན་ཞིག་ཁོ་རང་ས་ཆ་གཞན་ལ་ཚོང་རྒྱག་ཏུ་སོང་ཤུལ་དུ། ཐེངས་ཤིག་མནའ་མ་སྔ་མོར་ཡར་ལངས་ཏེ་སྒོར་བུད་སོང་།    ཕྱི་དྲོ་ས་རུབ་རྗེས་ད་དུང་ཕྱིར་ཁྱིམ་ལ་མ་ཐོན་པས་ཕ་མ་དང་ཡུལ་མི་ཚོ་བཙལ་དུ་སོང་སྐབས། སྡེ་མཐར་ཡོད་པའི་སྡོང་རྒན་ཞིག་ཡོད་པ་དེར་སྐེ་བཏགས་ནས་རང་སྲོག་བཅད་འདུག་པ་མཐོང་།   ཁོ་མོའི་ཤི་སྟངས་དེ་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་སྟབས་ཡུལ་མི་ཚོས་བེམ་པོར་རེག་མ་ཕོད་ལ་ཁྱོ་གའི་ཕ་མ་གཉིས་ཀྱང་ལོ་ན་ཧ་ཅང་བགྲེས་སྟབས་བེམ་པོར་བདག་ལེགས་པོ་བྱེད་མ་ཐུབ།

     དེ་རྗེས་ཡུལ་དེ་གའི་བླ་མ་དང་མོ་བ་སོགས་ལ་ཞུས་པ་ན། ཧ་ཅང་མི་ལེགས་པ་ཞིག་རེད་ཅེས་གསུངས་ཤིང་། ཕ་མ་རྒན་རྒོན་གཉིས་ཀྱིས་གནས་ཚུལ་དེ་རང་གི་མི་བཤད་པར་ཐག་གིས་བཅད། ཉིན་ཞིག་བུས་ཚོང་ཁྱེར་ནས་ཕྱིར་ཁྱིམ་དུ་ལོག་དུས་རང་གི་ཆུང་མ་མེད་པ་ཤེས་ནས་ཕ་མ་གཉིས་ལ་དྲིས་པ་ན། རྒན་རྒོན་གཉིས་ཀྱིས་མོ་གཉེན་ཉེ་ཞིག་ལ་བལྟ་རུ་བུད་སོང་ཞེས་བཤད་པས་ཞི་ལུའང་ཡིད་ཆེས་ནས་ཉལ་བ་རེད།

       ཕྱི་ཉིན་སྔ་མོ་ཡར་ལངས་ནས་ཨ་ཕ་ལ་མོ་ནོར་འཚོ་རུ་སོང་ནས་ད་དུང་ཕྱིར་མ་ཐོན་པ་ཨེ་རེད་ཅེས་དྲིས་ཚེ། ཨ་ཕས་ཁོ་ལ་མོ་གཉེན་ཉེ་ཞིག་ལ་བལྟ་རུ་བུད་སོང་ཞེས་ངས་ཁྱོད་ལ་མདང་ནུབ་བཤད་པ་མ་ཡིན་ནམ་ཞེས་བཤད་པར། ཞི་ལུས་ཨ་ཕ་ལ་རྫུན་མ་བཤད། མདང་ནུབ་ངེད་གཉིས་ཀྱིས་ཕལ་ཆེར་མཚན་གང་བོར་ཁ་བརྡ་བྱས་ནས་བསྡད་པ་ཡིན་ལ། མོ་སྔ་མོར་ནོར་ལ་བུད་སོང་ཞེས་བཤད་པ་ན། ཕ་མ་གཉིས་ཧ་ཅང་འཇིགས་སྣང་སྐྱེས་ཏེ་ས་ཆ་དེའི་གའི་བླ་མ་ཞིག་ལ་ཞུ་རུ་སོང་།

      ཡང་ཉིན་ཞིག་ཞི་ལུ་ཚོང་བྱེད་དུ་འགྲོ་སྐབས། ཁོའི་ཆུང་མ་ལྟག་རྒྱབ་ན་ཡོང་བཞིན་པ་མཐོང་བས་ཅི་ཡིན་སྙམ་ནས་གམ་དུ་སོང་སྟེ་དྲིས་པ་ན། མོས་ཁྱོད་སོང་ཤུལ་དུ་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ང་ལ་ལྟ་སྟངས་ངན་པ་བཟུང་བས་ངས་དེ་བཟོད་མ་ཐུབ་པར་བུད་སོང་བ་ཡིན་ཞེས་བཤད་པས། ཞི་ལུས་མོའི་ལག་པར་འཇུས་ཏེ་ཁོ་གཉིས་ཕ་ཡུལ་དང་ཁ་བྲལ་ནས་ཡུལ་གཞན་དུ་བུད་སོང་། ཁོ་གཉིས་ས་ཆ་ཞིག་ལ་ཐོན་པ་ན་ཡུལ་དེའི་བྱིས་པ་མང་བོ་འབོར་གྱིན་འདུག་པས་ཡུལ་མི་ཚོ་ཁོ་གཉིས་ལ་དོགས་པ་སྐྱེས།

      ཉིན་ཞིག་ཁྱིམ་མཚེའི་རྒན་པོ་ཞིག་གིས་ཁོ་ལ་ཁྱོད་ཀྱི་ཆུང་མ་མཚན་མོར་ནམ་རྒྱུན་དོན་དག་ཅི་བྱུང་བ་རེད་ཅེས་ཡང་ཡང་དྲིས་པས། ཁོ་ཧ་ཅང་མཚར་སྣང་སྐྱེས་ཏེ་དགོང་མོ་དེར་གཉིད་ཁུལ་བྱས་ནས་བསྡད་པ་ན་མོ་རང་ཡར་ལངས་ནས་སྒོར་བུད་སོང་། དེ་ནས་ཁོས་མོའི་རྗེས་སྙེགས་ནས་སོང་བ་ན། མོ་དུར་ཁྲོད་ཅིག་ལ་སོང་ནས་ས་བསློགས་ཏེ་བྱིས་པའི་མགོ་མང་བོ་ཞིག་ས་སྟེང་དུ་བླངས་ཤིང་མིག་དང་ཀླད་ཞོ་སོགས་འཇུབ་ནས་ཟ་བཞིན་ཡོད་པ་མཐོང་བས་སྐྲག་སྟེ་ཕྱིར་བྲོས་སོང་། ཕྱིར་ཉིན་ཞོགས་པའི་དུས་ཚོད་དྲུག་བདུན་ཡས་མས་ཀྱི་སྟེང་མོ་ཕྱིར་ཐོན་ནས་ཉལ།

       རྗེས་ནས་དེ་ལ་ཧ་ཅང་བཤད་སྲོལ་མང་བོ་ཡོད་དེ་གཅིག་ནི་ཕ་མས་བཙལ་བའི་བླ་མ་དེས་དམ་ལ་བཏགས་པ་དང་། གཅིག་ནི་ཁྱོ་ག་མོ་ལ་ཧ་ཅང་སྐྲག་པའི་རྣམ་འགྱུར་དེ་མོས་ཚོར་ཏེ་ཁོ་བསད་པ་དང་། གཅིག་ནི་ཁྱོ་གས་དེ་གའི་བླ་མ་ཞིག་ལ་ཞུས་ནས་དམ་ལ་བཏགས་པ་སོགས་བཤད་སྲོལ་ཧ་ཅང་མང་བོ་ཡོད།

      འདྲེ་སྒྲུང་བཤད་མཁན་ལའང་ཐེ་ཚོམ་ཡིན་པས་ངས་བཅར་འདྲི་བྱེད་ཡུལ་གྱི་བཤད་པ་མཐའ་དག་ཡི་གེར་བཀོད་པ་ལས་གཞན་བསྒྱུར་བཅོས་སོགས་ཅི་ཡང་བྱས་མེད་པར་བྲིས་ཡོད།

 

བཅར་འདྲི་བྱེད་ས།   བཀྲ་ཤིས། 

ས་གནས།         ཡུལ་ཤུལ།

བཅར་འདྲི་བྱེད་མཁན།  ཚེ་རིང་དར་རྒྱས།

 སྒྲུང་རྩོམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཡུལ་ཆོས་མེས་པོའི་སྙིང་ནོར་༽ལས་བཀོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556483
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།