འདྲེ་མོ་སྒོ་རྡུང་མ། སྒྲུང་།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »འདྲེ་མོ་སྒོ་རྡུང་མ། སྒྲུང་།
འདྲེ་མོ་སྒོ་རྡུང་མ། སྒྲུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-01-11ལྟ་ཀློག (6383)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འདྲེ་མོ་སྒོ་རྡུང་མ།

 

སྒོམ་པ་བཀྲ་ཤིས།༼དཔའ་ལུང་།༽

 

[ནང་དོན་གནད་བསྡུས།]

འདིར་ངས་གནའ་སྔ་མོའི་དུས་སུ་རྨ་ཆུའི་ཁྱིམ་ཚང་ཞིག་གི་མནའ་མ་འཆི་ཁར་ཁ་ཆེམས་བཞག་པ་མ་འགྲུབ་པས་འདྲེ་རུ་སྐྱེས་པའི་གཏམ་རྒྱུད་ཐུང་ཐུང་ཞིག་བཤད་ཡོད། 

 

གཏམ་རྒྱུད་དངོས།

སྔོན་ཆད་ཅིག་ལ་གྲྭ་བ་གཉིས་རྨ་ཆུའི་འབྲོག་ཁྱིམ་ཞིག་ལ་གྲོང་ཆོག་ཏུ་སོང་། སྐབས་དེར། དེ་ཚང་གི་མཚེར་ས་གཞན་ཞིག་ལ་སྤོར་ཡོད་པས། གྲྭ་བ་གཉིས་ཀྱིས་དགུན་སར་སྒྲོལ་མ་བཏོན་ཏེ་བསྡད། ཉིན་ཞིག་ཁོང་གཉིས་ཀྱིས་དགོང་ཇ་འཐུང་རྗེས་མཚན་གོང་དུ་སླེབས་ལ་ཉེ། སྐབས་དེར། གློ་བུར་དུ་གཞན་གྱིས་སྒོ་རྡུང་བཞིན་འདུག་པས་སུ་ཡིན་སྙམ་ནས་སྒྲོན་མེ་བསྒྲོན་ཏེ་སྒོར་བུད་པ་ན་ཅི་ཡང་མཐོང་རྒྱུ་མེད་པས་ཕྱིར་ཡོང་ནས་ཉལ། ཅུང་མ་འགོར་བར་ཡང་བསྐྱར་སྒོ་བརྡུངས་པས། ད་གཟོད་གྲྭ་བ་གཉིས་ཀ་ཅུང་སྐྲག་སྟེ་མཚན་གུང་ཞིག་ལ་སྒོ་རྡུང་བ་འདི་ཡ་མཚན་རེད་སྙམ་ནས་མདོ་ཚར་གཅིག་བཏོན་ནས་བཟློག་པ་ཞིག་བརྒྱབ་མཐར་ད་གཟོད་ཉལ་བ་རེད། དེ་ནས་གྲག་འགུལ་ཅི་ཡང་མ་བྱུང་།

      ཕྱི་ཉིན་དགོང་མོར་ཡང་དེ་བཞིན་དུ་མཚན་གུང་གི་དུས་སུ་སྒོ་རྡུང་བཞིན་ཡོད་པ་ཐོས།སྐབས་དེར་ཁོ་གཉིས་ཀ་སྐྲག་སྟེ་ཁ་ཡ་མ་བྱས་པར་ཉལ་བསྡད་མོད། སྒོ་ཤུགས་ཀྱིས་ཡང་དང་ཡང་དུ་བརྡུངས་པས་ཁོང་གཉིས་ཀ་སྐྲག་ཞོར་དུ་སྒྲོན་མེ་བསྒྲོན་ཏེ་སྒོར་ཕྱིན་པ་ན་ཅི་ཡང་མཐོང་རྒྱུ་མེད་པས་ལྷག་ཏུ་སྐྲག་སྟེ་མགྱོགས་མྱུར་ངང་ཁྱིམ་དུ་ལོག་ནས་མདོ་དང་བཟློག་པ་བརྒྱབ་ནས་ཉལ་ཡང་གཉིད་ཡེ་ནས་མ་ཡོང་།

     སྐབས་དེར་སྒོ་འགྲམ་ན་བུད་མེད་ཅིག་གིས་ངུ་ངག་འདོན་བཞིན་ཡོད་པ་ཐོས་བྱུང་བས།ཁོང་གཉིས་ཤིན་ཏུ་སྐྲག་ནས་ལུས་པོ་འདར་སིག་སིག་སྡོད་པའི་སྐབས་དེར་དྲ་མ་ཡང་ཤུགས་ཀྱིས་བརྡུངས་པས་ཁོང་གཉིས་ཀྱིས་སླར་སྒྲོན་མེ་བསྒྲོན་ཏེ་ཕྱི་རོལ་དུ་བལྟས་ཙ་ན་མགོའི་སྐྲ་ལོ་ཐམས་ཅད་གཟེངས་ཤིང་ལུས་ཡོངས་རྫོགས་ན་ཤ་དུམ་བུ་དུམ་བུ་ལས་མེད་ལ། མཛུབ་མོ་ཐམས་ཅད་ཀྱང་རྨ་ཡིས་གང་ནས་ཡོད་པའི་ཧ་ཅང་འཇིགས་སུ་རུང་བའི་བུད་མེད་ཅིག་མིག་ལམ་དུ་མངོན་བྱུང་བས་གྲྭ་བ་གཉིས་དེ་མ་ཐག་ཕྱིར་ཁྱིམ་དུ་བྲོས་སོང་། ཕྱི་རོལ་ནས་བུད་མེད་དེས་གྲྭ་བ་གཉིས་ལ་བཤད་རྒྱུར། སྐྲག་མི་དགོས་ངས་ཁྱེད་གཉིས་ལ་གནོད་པ་མི་བྱེད། ང་ལ་རེ་བ་ཞིག་བཤད་རྒྱུ་ཡོད་པས་ཁྱེད་གཉིས་ལ་ཞུ་བ་བྱེད་དུ་ཡོང་བ་ཡིན་ཞེས་བཤད་པས་ཁོ་གཉིས་སྒོར་བུད། དུས་དེར་བུད་མེད་དེས་པུས་མོ་གཉིས་སར་བཙུགས་ནས།

     སྤྱིར་ཡིན་ན་ཁོ་མོ་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་གི་ཡིན་ལ་ཁྱིམ་ཚང་འདིར་མནའ་མར་ཡོང་ནས་ལོ་མང་བོ་ཞིག་འགོར་རྗེས་བཅོས་ཐབས་མེད་པའི་ན་ཚ་ཞིག་གི་དབང་གིས་ལྔ་ལམ་དུ་ཕྱིན་སོང་། དེ་དུས་མོས་ཆོ་གར་ཁ་ཆེམས་འདི་ལྟར་བཞག་ཡོད།ཁོ་མོ་ཕ་ཡུལ་ནས་འདི་ཚང་ལ་གནས་ལ་ཡོང་དུས་ཕ་མས་བྱིན་པའི་རྒྱན་ཆ་མང་བོ་ཞིག་ཡོད་པ་དག་ཚང་མ་ཨ་ལགས་ཚང་ལ་དབུལ་དགོས་ཞེས་བཤད་ཡོད་མོད།

     འོན་ཀྱང་ཆོ་གས་མོའི་ཁ་ཆེམས་ལྟར་མ་བསྒྲུབས་པར་མ་ཟད་རྒྱན་ཆ་རྣམས་ས་འོག་ཏུ་སྦས་པས་མོའི་རྣམ་ཤེས་དེར་ཆགས་ཏེ་མི་མ་ཡིན་ལ་སྐྱེས་བྱུང་། ནམ་རྒྱུན་རྒྱན་ཆ་དེ་དག་སྦས་ཡོད་སར་སོང་ནས་ས་ཅི་ཙམ་བསློགས་ཀྱང་ལེན་མི་ཐུབ་པར་མ་ཟད། ལག་མགོ་ཐམས་ཅད་ཀྱང་ཁྲག་གིས་སྦགས་ཡོད། མོས་ཆོ་གར་ཇི་ལྟར་བཤད་ནའང་ཁ་ཡ་ཙམ་ཡང་མི་བྱེད་པར་ཐ་ན་མིག་ཟུར་གྱིས་ཀྱང་མི་བལྟ་བས་འུ་ཐུགས་ཐབས་ཟད་ནས་མི་སྡོད་ཐབས་མེད་བྱུང་།

    ཡིན་ནའང་། ཉིན་འདི་དག་ལ་ཁྱིམ་ཚང་འདིར་ཁྱེད་གཉིས་བཞུགས་ཡོད་པ་མཐོང་བས་ང་ལ་རེ་བ་བཤད་ས་ཞིག་རྙེད་སོང་སྙམ་ནས་དགའ་བ་སྐྱེས་ཏེ། མདང་ནུབ་ངས་སྒོ་ཇི་ཙམ་བརྡུངས་ཀྱང་ཁྱེད་གཉིས་ཀྱིས་ཁ་ཡ་མ་བྱས་པས། དོ་ནུབ་ཡང་རེ་བ་རེ་ཨེ་ཡོད་སྙམ་ནས་སྒོ་བརྡུངས་པ་ཡིན་ཞེས་བཤད།དེ་ནས་གྲྭ་བ་གཉིས་ཀྱིས་མོས་བཤད་པའི་གནས་དེར་སོང་ནས་ས་བསློགས་པ་ན། དངོས་གནས་མོས་བཤད་པ་བཞིན་རྒྱན་ཆ་རྣམས་ཡོད་པར་མཐོང་ནས་ཡིད་ཆེས། གྱོན་པ་འགའ་མཆིས་ཀྱང་ཚང་མ་སློག་རུལ་དུ་གྱུར་འདུག གྲྭ་བ་གཉིས་ཀས་རྒྱན་ཆ་དེ་དག་མོས་བཤད་པའི་བླ་མ་དེ་ལ་དབུལ་རྒྱུར་དམ་བཅས་པས་འདྲེ་མོ་དེའི་སེམས་དགའ་ནས་ཡིད་ཚིམ་པའི་ཚུལ་ཞིག་བསྟན་ཏེ་གར་སོང་ཆ་མེད་དུ་གྱུར།

      ཉིན་འགའ་འགོར་རྗེས་ཁྱིམ་བདག་ཐོན་པ་ན་གནས་ཚུལ་དེ་དག་གསལ་བཤད་བྱས་རྗེས་འགྱོད་པ་དྲག་པོ་སྐྱེས་ཏེ་མགྱོགས་མྱུར་ངང་རྒྱུ་རྫས་མཐའ་དག་གྲྭ་བ་གཉིས་དང་མཉམ་དུ་བླ་མ་ལ་འབུལ་དུ་ཕྱིན།   དེ་ནས་བཟུང་འདྲེ་མོ་དེ་ཡང་ཡོང་རྒྱུ་མེད་སོང་བ་རེད།

 

བཅར་འདྲི་བྱེད་ས།       འཇིགས་མེད་བཟོད་པ།

ས་གནས།                   གཙོའི་གྲོང་ཁྱེར།

བཅར་འདྲིའི་དུས་ཚོད།  དུས་ཚོད་2015.12.12ཉིན།

བཅར་འདྲི་བྱེད་མཁན།  སྒོམ་པ་བཀྲ་ཤིས།

སྒྲུང་རྩོམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཡུལ་ཆོས་མེས་པོའི་སྙིང་ནོར་༽ལས་བཀོད།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914305
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号