ཡ་ཧུ་ད་པ་དག་གིས་སློབ་སྦྱོང་བྱེད་ཐབས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ཡ་ཧུ་ད་པ་དག་གིས་སློབ་སྦྱོང་བྱེད་ཐབས།
ཡ་ཧུ་ད་པ་དག་གིས་སློབ་སྦྱོང་བྱེད་ཐབས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-10ལྟ་ཀློག (1726)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡ་ཧུ་ད་པ་དག་གིས་སློབ་སྦྱོང་བྱེད་ཐབས།

ཡིག་སྒྱུར་བ། འདྲེ་སྲིན་པོ།

    གཏམ་རྒྱུད་ལ་ཉན་ན་མི་རྣམས་ཀྱི་བསམ་གཞིགས་ཀྱི་ནུས་པར་ཁ་སྣོན་བྱེད་ཐུབ་པ་དང་། ང་ཚོའི་མྱོང་ཚོར་གྱིས་ཟིན་པའི་བདེ་སྐྱིད་ཕལ་མོ་ཆེའང་བསམ་གཞིགས་ཀྱི་འཆར་སྒོ་ལས་མངོན་འགྱུར་བྱས་པ་ཡིན་ཞིང་། ཡང་གཅིག་བཤད་ན་ང་ཚོས་བསམ་གཞིགས་བྱེད་པའི་སྐབས་ནི་ཆེས་ཆེ་བའི་བདེ་སྐྱིད་ཡིན། དེ་བས་ཀྱང་བྱིས་པའི་ནར་སོན་གྱི་ལོ་ཟླ་ནི་བསམ་གཞིགས་ཀྱི་ནུས་ཤུགས་ཆེས་རྩ་ཆེ་བའི་དུས་རིམ་ཞིག་ཡིན་ལ། སྐབས་དེར་བྱིས་པར་གཏམ་རྒྱུད་འཆད་པ་ནི་བྱིས་པའི་བསམ་གཞིགས་ཀྱི་ནུས་པ་འཕེལ་བའི་རྒྱུ་ཡིན་པར་མ་ཟད།  ཁོ་ཚོར་བདེ་སྐྱིད་ཐོབ་སོང་བར་སྙམ་པའི་སྣང་བའང་བསྐྲུན་ཐུབ། ན་ཕོ་ལིན་拿破仑གྱིས་བཤད་རྒྱུར། " བསམ་གཞིགས་ཀྱི་ནུས་པ་ནི་འཇིག་རྟེན་ཁ་ལོ་སྒྱུར་བྱེད་དེ་ཡིན། "
   ཡ་ཧུ་ད་པའི་ཁྱིམ་རྒྱུད་ཀྱི་ཕ་མས་དུས་རྒྱུན་རང་གི་བྱིས་པ་མ་གཉིད་པའི་ཡར་སྔོན་དུ། བྱིས་པའི་མལ་ཁྲིའི་གམ་ནས་བསྡད་དེ།  རང་གི་བྱིས་པ་ལ་གཏམ་རྒྱུད་དང་གཏམ་རྒྱུད་ཀྱི་དཔེ་ཆ་བཏོན་ནས་བྱིས་པར་ཉན་དུ་འཇུག་སྲིད། ཁྱད་པར་ཅན་ཞིག་ལ་ཡ་ཧུ་ད་པ་དག་གིས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་དང་། ཁ་སྐད་ལས་བརྒྱུད་པའི་གཏམ་རྒྱུད་དག་རང་གི་བུ་རབས་ཚ་རྒྱུད་ལ་འཆད་སྲིད། གནའ་ནས་ཡོད་པའི་དམ་པའི་གསུང་རབ་ནི་ཁོ་ཚོའི་ལོ་རྒྱུས་ཀྱི་གསུང་རབ་ཡིན་ཞིང་།   དུས་མཚུངས་དེ་ནི་དད་མོས་ཀྱི་གསུང་རབ་ཀྱང་ཡིན། དེའི་ནང་དོན་ཚང་མ་གཏམ་རྒྱུད་ཡིན།  བྱིས་པས་ཆུང་དུས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་གཏམ་རྒྱུད་ལ་ཉན་ན། ནར་སོན་རྗེས་རང་ཉིད་གང་ནས་ཡིན་པ་རང་འགུལ་གྱིས་ངོས་ཟིན་སྲིད། དེ་ལྟར་གཏམ་རྒྱུད་ལས་བྱུང་བའི་སློབ་གསོའི་ཐབས་ལམ་ལས། བྱིས་པར་ཆུང་དུས་ནས་བསམ་གཞིགས་ཀྱི་ནུས་པ་དང་གསར་བསྐྲུན་གྱི་ནུས་པའི་བློ་སྒོ་རང་འགུལ་གྱིས་འབྱེད་ཐུབ།
 ཡ་ཧུ་ད་པའི་རིགས་རྒྱུད་ཀྱི་གཏམ་རྒྱུད་ནི་དམ་པའི་གསུང་རབ་ཀྱི་གཏམ་རྒྱུད་ཡིན་ཞིང་།    དམ་པའི་གསུང་རབ་ཀྱི་གཏམ་རྒྱུད་ལ་ཉན་ནས་བྱིས་པའི་གསར་བསྐུན་གྱི་བསམ་བློ་དང་བྱིས་པའི་སྤྱི་རྣམ་གྱི་ཕན་འབྲས་གསོ་སྐྱོང་བྱེད་ཐུབ།    དེའི་རྐྱེན་གྱིས་རང་ཉིད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིན་ན་དེ་ལ་སྤྲོ་བ་ཡོད་པ་མ་ཟད་དེ་ལ་སེམས་གཏད་ནས་ཉན་སྲིད། ཡ་ཧུ་ད་པའི་དམ་པའི་གསུང་རབ་ཀྱི་ལོ་རྒྱུས་དཔེ་ཆའི་ཁྲོད་ཀྱི་གཏམ་རྒྱུད་ནི།   ཡ་ཧུ་ད་པའི་ཡོད་ཚད་ལ་བདག་སྐྱོང་བྱས་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྷའི་དབང་པོའི་གཏམ་རྒྱུད་ཡིན་ལ། དེེར་ཐོག་མཐའ་བར་གསུམ་དུ་གོ་རིམ་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་བརྗོད་བྱ་གསལ་བོ་ཡོད་པས།དེ་ལས་བཀའ་སློབ་ཀྱི་ཉིང་བཅུད་གནད་ལ་འཁེལ་བའི་ངང་རྒྱུད་སྒྲོག་བྱེད་ཐུབ།
   ཡ་ཧུ་ད་པར་དེང་རབས་ཀྱི་གཏམ་རྒྱུད་ཀྱང་ཧ་ཅང་མང་།ཡ་ཧུ་ད་པས་རྒྱུན་དུ་རང་གི་བྱིས་པ་དག་ལ་ཡབ་མེས་དག" མཱ་སཱ་དཱ "马萨达ས་ཁ་གཏད་དུ་ལངས་པའི"རོ་མན་གྱི་དམག"གིས་ནང་འཛུལ་གནོད་སྐྱེལ་བྱས་པས། རྟག་ཏུ་གྲོང་ཁྱེར་དང་གྲོང་རྡལ་ནས་རང་སྲོག་རང་གཅོད་བྱས་པའི་གཏམ་རྒྱུད་འཆད་པ་རེད།  བྱིས་པ་དག་ཅུང་ནར་སོན་པར་གྱུར་ཚེ། ཕ་མ་དག་གིས་རང་གི་བྱིས་པ་དག་ཁྲིད་ནས་" མཱ་སཱ་དཱ"马萨达 ཡོད་སར་འགྲོ་སྲིད་ལ། ཡུལ་དེའི་དངོས་ཡོད་གནས་ཚུལ་ལ་དངོས་མྱོང་བྱེད་པ་རེད། དེ་བཞིན་ཡང་བསྐྱར་ལོ་རྒྱུས་ཀྱི་གཏམ་རྒྱུད་དག་བསྐྱར་གསོ་བྱེད་པ་རེད། ཁོ་ཚོས་ཀྱང་རྒྱུན་དུ་གཅིག་གིས་གཅིག་ལ་བཤད་རྒྱུར་ཞུ་ཐུའི་ལུས་希特勒 དུག་རླངས་གིས་དམར་གསོད་བྱས་པའི་ཡ་ཧུ་ད་པའི་རིགས་རྒྱུད་ཀྱི་མི་ས་ཡ་དྲུག་༦༠༠༠༠༠༠ཙམ་གྱི་གཏམ་རྒྱུད་བཤད་སྲིད་པར་མ་ཟད། བྱིས་པ་དག་གཅིག་བསྡུས་ཀྱི་བཙོན་རའི་ཡུལ་དངོས་སུ་ཁྲིད་ནས་སྡུག་བསྔལ་གྱིས་མནར་བའི་དུས་དེར་དྲན་གསོ་བྱེད་པ་རེད།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། བན་ཤུལ་འབུམ་རྩེ་ཡག


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861550
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号