ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-07ལྟ་ཀློག (5197)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་བསྡུས།

2017ལོའི་ཟླ1པོའི་ཚེས7ཉིན། ཟི་ལིང་གྲོང་ཁྱེར་ཧའེ་ཡོ་མགྲོན་ཁང་ཆེན་མོ་རུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་བསྡུས། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ཞིང་། ཚོགས་སྟེང་དུ་རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་པད་མ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན། རྫ་སེར་ཤུལ་དགོན་གྱི་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། ནུབ་བྱང་མི་རིགས་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་བཛྲ་ཚུལ་ཁྲིམས་སོགས་བླ་སྤྲུལ། དགེ་བཤེས། དགེ་རྒན། ཤེས་ཡོན་པ་བརྒྱ་ཕྲག་ལྷག་ཞུགས་ཡོད་པ་དང་།  ཐེངས་འདིའི་རྗེས་དྲན་ཚོགས་ཡུན་ནི་ཉིན་གཉིས་རིང་ཡིན་ལ།  ཚོགས་འདུའི་སྙིང་བོ་ནི། ཁོང་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་འཕྲིན་བརྗོད་གཞིར་བཟུང་ནས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དང་། ས་དགེ་བཀའ་རྙིང་གི་དགེ་བཤེས་དང་མཁན་པོ་བཅུ་ཕྲག་ལྷག་གིས་རྗེས་དྲན་གྱི་གཏམ་བཤད་རྒྱ་ཆེར་གནང་ཞིང་།  ཚོགས་སྟེང་དུ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། བོད་ལྗོངས་གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་རྡོ་རྗེ་རྒྱལ་མཚན་བཅས་ཀྱིས་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་འཚོ་བཞུགས་སྐབས་ཀྱི་མཛད་རྣམ་དང་། ཁོང་ནི་ངེས་དོན་གྱི་རྒྱལ་གཅེས་ཆོས་གཅེས་རིང་ལུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཟང་པོ། རྒྱལ་ཁབ་དང་མི་རིགས་ལས་དོན་ལ་བརྩེ་གཅིག་ཏུ་གཞོལ་མཁན། མི་རིགས་གང་གིས་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་བརྩི་སྲུང་ཐད་དཀའ་ངལ་འཕྲད་པའི་སྐབས་སུ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་འབོད་སྐུལ་གཏོང་མཁན། རྒྱལ་གཅེས་ཆོས་གཅེས་དམངས་གཅེས་ཀྱི་བསམ་བློ་འཛུགས་མཁན། ཁོང་ལ་དཔག་པར་དཀའ་བའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པར་མ་ཟད། ང་ཚོས་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བླང་དོར་འབྱེད་པའི་རྣམ་དཔྱོད། དམངས་ལ་གཅེས་པའི་བྱམས་སེམས། ཆོས་ལུགས་སྐྱོང་བའི་སློབ་དཔོན། གསུང་པར་ཕོད་པའི་བློ་སྟོབས། སྒྲུབ་པར་ནུས་པའི་གདེང་ཚོད་བཅས་འདུས་པའི་སྐྱེས་ཆེན་དམ་པ་དང་མགོ་ཁྲིད་ལེགས་པོ་ཁོང་ལ་སློབ་སྦྱོང་དང་རྗེས་དྲན་བྱེད་དགོས་ཞེས་གཏམ་བཤད་གལ་ཆེན་གནང་།

 ཚོགས་ཞུགས་མགོ་ཁྲིད་ལྷན་རྒྱས།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བསྟན་འཛིན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་གཏམ་བཤད་བཞིན་པའི་ཚུལ།

བཀའ་ཆེན་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ཀྲུང་གོ་ནང་བསྟན་མཐུན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སྒར་བ་ངག་དབང་བཟང་པོས་གཏམ་བཤད་གནང་བཞིན་པ།

ཚོགས་འདུར་ཕེབས་པའི་ཚོགས་མི་ཡོངས་ཀྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་བསྡུས།   སྤེལ་མཁན།: 岩人 སྤེལ་དུས:2017/1/7
爱心、关心、决心万岁! གཅེས་སེམས་དང་སེམས་ཁུར།ཆོད་སེམས་ནི་མི་རིགས་ཀྱི་སྲོག་རྩ་ཡིན།
  ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་བསྡུས།   སྤེལ་མཁན།: 岩人 སྤེལ་དུས:2017/1/7
爱心、关心、决心万岁!
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23500380
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།