གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་རབ་གནས་དབང་ཆེན་མེ་སྤྲེལ་ལོའི་ལོ་མཇུག་བློ་རྒྱུགས་ཆེན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་རབ་གནས་དབང་ཆེ
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་རབ་གནས་དབང་ཆེན་མེ་སྤྲེལ་ལོའི་ལོ་མཇུག་བློ་རྒྱུགས་ཆེན་མོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-06ལྟ་ཀློག (4389)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

࿑ གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་རབ་གནས་དབང་ཆེན་མེ་སྤྲེལ་ལོའི་ལོ་མཇུག་བློ་རྒྱུགས་ཆེན་མོ།

དང་པོ་ཀློག་པ་པོ་ཁྱེད་ཉིད་ཀྱིས་ངེས་དགོས་པ་ཞིག་ལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གྲྭ་ནི་ཡུལ་མགོ་ལོག་ཏུ་ཡོད་ཡོད་ཅིང་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་མཆོག་གིས་དཀའ་སྡུག་དང་རྔུལ་ཆུ་ལས་གྲུབ་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་ལ། གངས་ལྗོངས་བཅུ་ཕྲག་རིག་པའི་ཡ་གྱལ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་རྩ་ལག་དང་བཅས་པ་ལ་སློབ་གཉེར་ཚུལ་བཞིན་བྱེད་ས་ཞིག་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྱེད་ཕྱོགས་ལྟར་དབང་ལུང་ཁྲིད་གསུམ་ཡ་མ་བྲལ་བ་དང་། འཛམ་གླིང་རང་བཞིན་ཅན་དུ་ཁ་ཕྱོགས་ནས་གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་མྱོང་སའི་རིག་པའི་སྐྱེས་ཚལ་ཞིག་ཡིན། དེ་ནི་སློབ་གླིང་འདིའི་ངོས་སྤྲོད་ཟུར་ཙམ་ཡིན།
ད་ནི་ལོ་མཇུག་གི་རྒྱུགས་ཆེན་དངོས་ཀྱི་སྐོར་གླེང་བ་བྱ་སྟེ།  སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༢་ཚེས་༡༩ ཉིན་སློབ་གླིང་འདིའི་འཛིན་གྲྭ་སོ་སོའི་སློབ་མ་དག་གིས་དགེ་རྒན་རྣམས་ལ་བློ་རྒྱུགས་ཕུལ་ཆོག་པའི་དགོངས་ཞུ་ཡི་གེ་ཕུལ་བས་ཟླ་བ་༡༢ཚེས་༢༡ཉིན་རྒྱུགས་སྤྲོད་ཡིག་གམ་བློ་རྒྱུགས་ཕུལ་ཆོག་པའི་བཀའ་ཁྲོལ་གནང་། དེ་ནས་ཟླ་བ་༡༢པའི་ཚེས་༢༣ཉིན་དངོས་སུ་བློ་རྒྱུགས་ཆེན་མོ་ཕུལ་བ་སྟེ།
གཅིག དཔལ་ལྡན་རྒྱུད་བཞི་ཆེན་མོ་ལས་རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་ཧྲིལ་པོ་བཅས་དུས་གཅིག་ཏུ་བློ་རྒྱུགས་ཕུལ་མཁན། ཚིག་རྐང་།༼༧༦༣༠༽ ༡དཔལ་རྡོར། ༢འཇམ་དབྱངས་སྒྲོལ་མ།

གཉིས། རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད་ཕྱི་མ་ཕྲིན་ལས་རྒྱུད་ལས་བརྟག་པ་རྩ་ཆུའི་མདོ་དང་འཇམ་རྩུབ་དཔྱད་ཀྱི་མདོ་གཉིས་དང་། མན་ངག་རྒྱུད་ལས་ཉེས་གསུམ་བཅས་དུས་གཅིག་ཏུ་ཕུལ་མཁན། ཚིག་རྐང་།༼༦༠༢༨༽  ༡སྒྲོལ་དཀར།
གསུམ། རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད་དང་ཕྱི་མ་ཕྲིན་ལས་རྒྱུད་ལས་རྩ་ཆུ་དང་འཇམ་རྩུབ་དཔྱད་ཀྱི་མདོ་གཉིས་བཅས་དུས་གཅིག་ཏུ་བློ་རྒྱུགས་ཕུལ་མཁན། ཚིག་རྐང་།༼༥༣༡༤༽
༡ཀརྨ་ཚུལ་ཁྲིམས་བསོད་ནམས། ༢ཉི་མ་རྒྱལ་པོ། ༣དར་མཚོ་སྐྱིད།

བཞི། རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད་ཕྱི་མ་ཕྲིན་ལས་རྒྱུད་ལས་རྩ་ཆུ་གཉིས་བཅས་དུས་གཅིག་ཏུ་བློ་རྒྱུགས་ཕུལ་མཁན། ཚིག་རྐང་།༼༥༣༡༤༽
༡དགེ་ལེཊ་བསྟན་འཛིན་རྒྱ་མཚོ། ༢པདྨ་ལྷུན་གྲུབ། ༣རྣམ་རྒྱལ་ཡག ༤བུ་ཆུང་། ༥གཡང་ཕྱུག་རྒྱལ། ༦རྡོ་རྗེ་སྐྱིད། ༧རིག་བྱེད། ༨ཛམ་ལྷ། ༩བསོད་ནམས་དབང་མོ། ༡༠ལྷ་ཡག ༡༡སྒྲོལ་མཚོ་སྐྱིད། ༡༢བློ་སྐྱིད།
༡༣དོན་གྲུབ་སྒྲོལ་མ། ༡༤ཐུབ་བསྟན་བློ་བཟང་། ༡༥དཔལ་ལྡན་དབང་ཕྱུག ༡༦བློ་བཟང་ཐུབ་བསྟན། ༡༧ཆོས་འགྲུབ། ༡༨ཕུར་བ་སྐྱབས། ༡༩བསྟན་བསམ།༢༠མཁར་རྩེ་འབུམ། ༢༡དཀོན་ཅོག་རྒྱལ། ༢༢བཀྲ་ཤིས་ཕུན་ཚོཊ། ༢༣བསོད་ནམས་རྒྱལ། ༢༤ཚེ་རིང་དོན་གྲུབ། ༢༥བསམ་འཕེལ་ཚེ་རིང་། ༢༦རྡོ་རྗེ་རྒྱལ། ༢༧ཀརྨ་རྒྱ་མཚོ། ༢༨དཔལ་ཆེན་བཀྲ་ཤིས། ༢༩ནོར་བུ་མཚོ་མོ། ༣༠དཀའ་ཐུབ་མཚོ། ༣༡སྒྲོལ་མ་རྒྱལ། ༣༢ཡོན་ཏན། ༣༣སྒྲོལ་དཀར་མཚོ། ༣༤རྟེན་འབྲེལ་མཚོ། ༣༥ཡི་དམ་སྐྱིད། ༣༦ འབའ་རྡོ་རྗེ་མཚོ། ༣༧མཚོ་མོ་ཡག ༣༨ མགོ་ལོག་རྡོ་རྗེ་མཚོ། ༣༩ཚེ་རིང་ལྷ་མོ། ༤༠ལ་ཁོ་སྐྱིད། ༤༡ཕྱུག་མཚོ་སྐྱིད། ༤༢འབྲུག་ཡག ༤༣བསོད་ནམས་མཚོ། ༤༤ཏཱ་རེ་ལྷ་མོ། ༤༥ནོར་བུ་རྒྱ་མཚོ། ༤༦རྭ་སྐོར་སྐལ་བཟང་བཀྲ་ཤིས། ༤༧ བཀྲ་ཤིས་བསོད་ནམས། ༤༨ བེ་རི་སྐལ་བཟང་བཀྲ་ཤིས། ༤༩བསོད་ནམས་དོན་གྲུབ། ༥༠བསོད་ནམས་མཚོ་མོ། ༥༡ཚེ་རིང་སྒྲོལ་མ། ༥༢དབྱངས་ཅན་ལྷ་མོ། ༥༣ཆོས་འཛོམས། ༥༤བསམ་འགྲུབ་མཚོ། ༥༥མཁྱེན་རབ་འཇམ་དབྱངས། ༥༦བདེ་ཆེན་བསོད་རྒྱལ། ༥༧སྒྲོལ་མ་མཚོ། ༥༨དོན་གྲུབ་བཅས་ཀྱིས་བློ་རྒྱུགས་ཕུལ།

འདི་ལྟར་གནས་ཚུལ་ངོ་སྤྲོད་ཉུང་བསྡུས་འདི་བཀླག་དུས་ཚོར་སྣང་དམིགས་བསལ་བ་ཞིག་མེད་ན་ཐང་མོད།
དོན་དུ་སློབ་མ་རེ་རེས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བར་བརྟེན་ནས་དཀའ་སྡུག་གི་རྔུལ་ཆུ་ལས་གྲུབ་པའི་འབྲས་བུ་ཡིན་ལ།  གངས་ལྗོངས་གནས་ལྔ་རིག་པའི་ཡ་གྱལ་དཔལ་ལྡན་གསོ་བ་རིག་པ་དེ་ཉིད་ཡུལ་གངས་ལྗོངས་སུ་དབུ་བརྙེས་ནས་བཟུང་སྟེ་འདི་འདྲ་ཕལ་ཆེར་བྱུང་མྱོང་མིན་འཕྱང་མོ་ཉུག །དོན་དམ་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཟེར་བ་དེ་འདི་འདྲ་བ་ལས་གཞན་མ་དམིགས། ཡང་གཞན་ཞིག་ནས་མནོ་ན་ད་ལོའི་བློ་རྒྱུགས་ཀྱི་བྱེད་སྒོ་འདི་ལྟར་ནི་གངས་ལྗོངས་དར་རྒྱས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དབུ་བརྙེས་ནས་བཟུང་སྟེ་སློབ་མའི་གྲངས་ཀ་ལ་མ་ལྟོས་པར་ལོ་ལྟར་འདི་འདྲ་བ་ཤ་སྟག་ཡིན་ནོ

ཞེས་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡ཚེས༥ཉིན་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ནས་ཀ་རང་ལྗང་སྨྱུག་གིས།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་སེར་སྐོར་འཇམ་ཚེ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23538795
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།