ལྟུང་བཤགས་བཏོན་པའི་ཕན་ཡོན་བཤད་པ་སྒྲིབ་པ་ཀུན་སེལ་བཞུགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ལྟུང་བཤགས་བཏོན་པའི་ཕན་ཡོན་བཤད་པ་སྒྲིབ་པ་ཀུན་སེལ་བཞུགས།
ལྟུང་བཤགས་བཏོན་པའི་ཕན་ཡོན་བཤད་པ་སྒྲིབ་པ་ཀུན་སེལ་བཞུགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-04ལྟ་ཀློག (10609)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྟུང་བཤགས་བཏོན་པའི་ཕན་ཡོན་བཤད་པ་སྒྲིབ་པ་ཀུན་སེལ་བཞུགས།

                          ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས།

རྣམ་དཀར་དགེ་ལེགས་ཐུབ་བསྟན་གངས་རིའི་ངོས། །

རྣམ་དཔྱོད་རྩལ་ལྡན་སྟོབས་བཅུ་མངའ་བའི་གར། །

རྣམ་གྲོལ་ཟབ་དོན་གཡུ་རལ་ཆེར་ངོམ་པའི། །

རྣམ་མང་དགའ་སྟོན་འགྱེད་མཛད་དེར་ཕྱག་འཚལ། །

ཞེས་མཆོད་ནས། ལེགས་བཤད་ཅུང་ཟད་ཅིག་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཞེས་བརྗོད་པའི་ཕན་ཡོན་གྱིས།བསྐལ་པ་ཁྲི་ཕྲག་གཅིག་ཏུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། རྡོ་རྗེ་སྙིང་པོ་གོང་མཚུངས།རིན་ཆེན་འོད་འཕྲོས་བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། ཀླུ་དབང་གི་རྒྱལ་པོས་བསྐལ་པ་བརྒྱད་དུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། དཔའ་བོའི་སྡེས་ངག་འཁྱལ་བྱས་པའི་སྡིག་པ་ཐམས་ཅད་འདག་གོ། དཔལ་དགྱེས་ཡིད་ཀྱིས་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། རིན་ཆེན་མེས་དགེ་འདུན་གྱི་དཀོར་ལ་འབགས་པའི་སྡིག་པ་ཐམས་ཅད་འདག་གོ། རིན་ཆེན་ཟླ་འོད་ཀྱིས་བསྐལ་པ་གཅིག་ཏུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ།མཐོང་བ་དོན་ཡོད་པས་བཏབ་པའི་སྡིག་པ་ཐམས་ཅད་འདག་གོ། རིན་ཆེན་ཟླ་བས་མ་བསད་པའི་སྡིག་པ་ཐམས་ཅད་འདག་གོ། དྲི་མ་མེད་པས་ཕ་བསད་པའི་སྡིག་པ་ཐམས་ཅད་འདག་གོ།དཔལ་སྦྱིན་གྱིས་དགྲ་བཅོམ་པ་བསད་པའི་སྡིག་པ་ཐམས་ཅད་འདག་གོ། ཚངས་པས་དགེ་འདུན་གྱི་དབྱེན་བྱས་པའི་སྡིག་པ་ཐམས་ཅད་འདག་གོ། ཚངས་པའི་བྱིན་གྱིས་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སྡིག་པ་ཐམས་ཅད་འདག་གོ། ཆུ་ལྷས་དགྲ་བཅོམ་པ་སུན་ཕྱུང་བའི་སྡིག་པ་ཐམས་ཅད་འདག་གོ། ཆུ་ལྷའི་ལྷས་བྱང་ཆུབ་སེམས་དཔར་ངེས་པ་ལ་གནས་པ་བསད་པའི་སྡིག་པ་ཐམས་ཅད་འདག་གོ། དཔལ་བཟང་གིས་སློབ་པ་འཕགས་པ་བསད་པའི་སྡིག་པ་ཐམས་ཅད་འདག་གོ། ཙནྡན་དཔལ་གྱིས་དགེ་འདུན་འདུ་བའི་སྒོ་བཀག་པའི་སྡིག་པ་ཐམས་ཅད་འདག་གོ། གཟི་བརྗིད་མཐའ་ཡས་ཀྱིས་མཆོད་རྟེན་བཤིག་པའི་སྡིག་པ་ཐམས་ཅད་འདག་གོ། འོད་དཔལ་གྱིས་ཞེ་སྡང་གིས་ཀུན་ནས་བླངས་པའི་སྡིག་པ་ཐམས་ཅད་འདག་གོ། མྱ་ངན་མེད་པའི་དཔལ་གྱིས་འདོད་ཆགས་ཀྱིས་ཀུན་ནས་བླངས་པའི་སྡིག་པ་ཐམས་ཅད་འདག་གོ། སྲེད་མེད་ཀྱི་བུས་བསྐལ་པ་ཁྲིར་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། མེ་ཏོག་དཔལ་གྱིས་བསྐལ་པ་འབུམ་དུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། ཚངས་པའི་འོད་ཟེར་གྱིས་བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། པདྨའི་འོད་ཟེར་གྱིས་ཡང་གོང་དང་མཚུངས།ནོར་དཔལ་གྱིས་བག་ཆགས་ཀྱི་སྡིག་པ་ཐམས་ཅད་འདག་གོ། དྲན་པའི་དཔལ་གྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་འདག་གོ།། མཚན་དཔལ་ཤིན་ཏུ་ཡོངས་གྲགས་ཀྱིས་སངས་རྒྱས་འབྱུང་བ་མཉེས་པར་མ་བྱས་པའི་སྡིག་པ་ཐམས་ཅད་འདག་གོ། དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོས་ཕྲག་དོག་བྱས་པའི་སྡིག་པ་ཐམས་ཅད་འདག་གོ།ཤིན་ཏུ་རྣམ་པར་གནོན་པའི་དཔལ་གྱིས་སྡིག་གཞན་བྱེད་དུ་བཅུག་པའི་སྡིག་པ་ཐམས་ཅད་འདག་གོ།གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བས་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་པ་ཐམས་ཅད་འདག་གོ། རྣམ་པར་གནོན་པ་གཤེགས་པའི་དཔལ་གྱིས་ཕྲ་མ་བྱས་པའི་སྡིག་པ་ཐམས་ཅད་འདག་གོ། ཀུན་ནས་སྣང་བ་བཀོད་པའི་དཔལ་གྱིས་སྡིག་པ་གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བྱས་པའི་སྡིག་པ་ཐམས་ཅད་འདག་གོ། རིན་ཆེན་པདྨའི་རྣམ་པར་གནོན་པས་ཆོས་སྤོངས་ཀྱི་ལས་བསགས་པའི་སྡིག་པ་ཐམས་ཅད་འདག་གོ། དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཞེས་བརྗོད་པའི་ཕན་ཡོན་གྱིས་དམ་ཚིག་ཉམས་པའི་སྡིག་པ་ཐམས་ཅད་འདག་གོ། འདི་ཉིད་ཇོ་བོ་རྗེས་མདོ་ནས་བསྡུས་པས་ཁུངས་བཙུན་ཞིང་ཕན་ཡོན་ཆེ་བས་ལྟུང་བཤགས་ཆག་མེད་མཛོད། ལྟུང་བཤགས་རྒྱུན་དུ་བཏོན་པའི་ཕན་ཡོན་གྱིས། །བདག་གཞན་ཕ་མ་ཉེ་འབྲེལ་ཚེ་འདས་རྣམས།།ངན་སོང་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། །བླ་མེད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག།འདི་ཡང་བཀའ་གདམ་པའི་དཔེ་རྙིང་ཞིག་ལ་བརྟེན་ནས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བྲིས་པའོ།།དགེ་བ་འདི་འཕེལ་བར་གྱུར་ཅིག།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ca2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501412
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།