གངས་རིའི་བུ་མོའི་འཕྲིན་ཕྲན་དབུ་བརྙན།
ན་གཞོན་རི་མོ་བ་འཇུ་རབ་གསལ་ལགས་ནི1987ལོར་ཁམས་མི་ཉག་ཏུ་སྐྱེས། 2011ལོ་ནས་པར་ལེན་གྱི་ལས་སུ་ཞུགས་ཤིང་། ད་ལྟ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་རུ་བའི་ཚོགས་གཙོ་གཞོན་པ། རབ་བཏགས་རི་མོ་མཁན། འོད་རབ་གསལ་མཛེས་རྩལ་སྤྱི་སྟེགས་ཀྱི་བདག་གཉེར་མཁན་བཅས་ཡིན། སྔ་རྗེས་སུ་གཞུང་སྒེར་གྱི་དུས་དེབ་གང་མང་དང་། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་སོགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་མྱོང་ལ། 2014ལོར་ཀྲུང་གོའི(མཚོ་སྔོན)གཙང་གསུམ་འབྱུང་ཁུངས་རྒྱལ་སྤྱིའི་བརྙན་པར་དུས་སྟོན་ལ་ཞུགས་ཤིང་། བརྙན་པར་བརྩམས་ཆོས《མངོན་ཆུང་གི་ལྟ་སྟངས།》 ཞེས་པར་བྱ་དགའ་ཐོབ། མུ་ནས་དགའ་ཕྱོགས་བཞིན་མཛེས་རྩལ་དང་བརྙན་པར་བརྩམས་ཆོས་ལ་འབད་པ་བྱེད་ཞོར་རྩོམ་རིག་ལ་འབད་མུས་མཆིས།
བརྩམས་ཆོས་གངས་རིའི་བུ་མོའི་འཕྲིན་ཕྲན་དབུ་བརྙན།
|