སྟོན་པ་སངས་རྒྱས་ཀྱི་བསམ་བློ་ད་ལྟ་དང་བསྡུར་ན་ཆེས་མ་འདང་ས་དང་ཞན་ཆ་ཡོད་དམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »སྟོན་པ་སངས་རྒྱས་ཀྱི་བསམ་བློ་ད་ལྟ་དང་བསྡུར་ན་ཆེས་མ་འདང་ས་དང་ཞ
སྟོན་པ་སངས་རྒྱས་ཀྱི་བསམ་བློ་ད་ལྟ་དང་བསྡུར་ན་ཆེས་མ་འདང་ས་དང་ཞན་ཆ་ཡོད་དམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-12-08ལྟ་ཀློག (7323)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྟོན་པ་སངས་རྒྱས་ལོ་ཉིས་སྟོང་སྔ་རོལ་དུ་འཇིག་རྟེན་འདིར་བྱོན་པ་རེད། དེའི་དུས་སུ་ཤེས་རིག་གི་ཚད་ཧ་ཅང་དམའ་ཞིང་ཚན་རིག་གི་ཚད་ཀྱང་ཤིན་ཏུ་དམའ། དེ་ལས་བལྟས་ན་ཁོང་སྐབས་དེའི་བསམ་བློ་བའི་ཡང་རྩེ་ཞིག་ཡིན་རུང་དུས་ཀྱི་ཁྱད་པར་དང་ཤེས་རིག་འཕེལ་རིམ་གྱི་དབང་གིས་ད་ལྟ་བ་དང་བསྡུར་ན་ཆེས་མ་འདང་ས་དང་ཞན་ཆ་ཡོད་དམ། 

དྲི་བ། གངས་གཞོན་ལས་ཞོར་སློབ་གྲྭའི་ཡོན་ཏན་རྒྱལ།  དྲིས་ལན། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 
      ནང་བའི་ལྟ་ཚུལ་ལྟར་ན་སྟོན་པ་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་པས་དུས་གསུམ་ཀའི་ཤེས་བྱ་ཡོད་ཚད་མཁྱེན་པ་རེད།  དེ་བས་ད་ལྟའི་ཚན་རིག་གི་ཤེས་བྱ་མཐའ་དག་ཀྱང་མཁྱེན་ཅིང་གཟིགས་པ་སྨོས་མེད་ཡིན། འོན་ཀྱང་ང་ཚོ་  ནང་བར་དེ་ལྟ་བུའི་བཤད་ཚུལ་ཡོད་པ་དེ་གལ་ཆེན་པོ་མ་རེད། ཆེས་གལ་འགངས་ཆེ་བ་ནི་ཐམས་ཅད་མཁྱེན་པ་ཡིན་པའི་བདེན་དཔང་བཙལ་རྒྱུ་དེ་རེད། གལ་ཏེ་བདེན་དཔང་རྣམ་དག་ཅིག་མེད་ན་ག་འདྲ་བཤད་ཀྱང་དེ་ནི་དངོས་གཙོའི་ལྟ་ཚུལ་དང་མཐུན་པ་མིན་པས་ང་ཚོས་ཁོང་གི་གསུང་ལ་བརྟེན་ནས་དཔྱད་དགོས་པ་ནི་སྨོས་མེད་རེད། 
    ཁོང་གི་གསུང་ནི་རྒྱ་ཆེ་བ་ཞིག་ཡིན་ཏེ་བོད་ལ་འགྱུར་བ་ཁོ་ནར་པོད་བརྒྱ་དང་གསུམ་ལྷག་ཡོད་ཅིང་དེ་ལས་ང་ཚོར་དཔེ་གསལ་བོ་ཞིག་ནི་སྨན་དང་རྩིས་གཉིས་དང་ནང་བསྟན་རིག་པ་འདི་དག་སྟེ། སྨན་གྱི་བཅའ་སྟངས་ལས་དེང་རབས་གསོ་རིག་ལས་སྔོན་དུ་ཐོན་ཞིང་སྐར་རྩིས་འདིས་ཉི་ཟླ་སྐར་གསུམ་གྱི་རྒྱུ་སྟངས་གཏན་ལ་ཕབ་པ་བཞིན་ཉི་འཛིན་ཟླ་འཛིན་སྐར་ཆ་གཅིག་ཀྱང་ནོར་བ་མེད་པ་དབྱུ་གུ་ཞིག་ཡོད་ན་གཏན་ལ་དབབ་ཐུབ་པ་འདི་ལྟ་བུ་དེང་རབས་གནམ་རིག་པས་ཀྱང་མི་ནུས་པ་དང་ནང་བསྟན་བསམ་བློས་ནུབ་ཕྱོགས་མཚན་ཉིད་རིག་པ་གཙོས་དེང་གི་མཚན་ཉིད་རིག་པ་བ་དག་གིས་འགྲེལ་བཤད་བྱེད་མ་ཐུབ་པ་དག་གསལ་བོར་བཤད་ཡོད་པ་འདིས་གསལ་བོར་ཤེས་ཐུབ་པ་རེད། འདིས་མཚོན་ཆབ་སྲིད་རིག་པ་དང་མཚན་ཉིད་རིག་པ་སོགས་ཀྱི་རྣམ་གཞག་དངོས་དང་བརྒྱུད་པའི་སྒོ་ནས་གང་སར་ཡོད་པ་འདིས་སེམས་གཙོ་སྨྲ་བའི་སློབ་དཔོན་ཞིག་གིས་བལྟས་ན་ཀྱེ་མ་སངས་རྒྱས་ནི་སེམས་གཙོ་སྨྲ་བ་ཁོང་དུ་ཆུད་པའི་སློབ་དཔོན་ཞིག་སྟེ་སེམས་གཙོ་སྨྲ་བའི་དཀའ་གནད་མང་བོ་ཞིག་སྔོན་ནས་ཐག་བཅད་འདུག་ཟེར། དེ་བཞིན་དངོས་གཙོ་སྨྲ་བ་དང་། གསོ་རིག་པ། སྐར་རྩིས་པ། དངོས་ལུགས་པ། ལུས་ཁམས་རིག་པ་བ། རྩ་རླུང་རིག་པ་བ། ཆོས་ལུགས་པ། སྐྱེ་དངོས་རིག་པ་བ་སོགས་སོ་སོས་སྟོན་པའི་གསུང་རབ་ལ་ཞིབ་འཇུག་བྱས་པའི་འབྲས་རྟགས་སུ་སྟོན་པ་ནི་རང་རང་གི་ལམ་འདི་ནས་ཕ་རོལ་དུ་སོན་ཞིང་གདམས་ངག་ཁོང་དུ་ཆུད་པའི་སློབ་དཔོན་ཞིག་ཡིན་ཞེས་བསྔགས་བརྗོད་བྱེད་བཞིན་པ་འདིས་ཁོང་ཐམས་ཅད་མཁྱེན་པ་ཡིན་པའི་བདེན་དཔང་བྱས་པ་ཞིག་རེད།(དེ་རེ་རེ་བཞིན་དྲངས་ན་མང་དོགས་ནས་མ་སྨྲོས)དེ་བཞིན་རྣམ་ཤེས་རླུང་སེམས་ཀྱི་གནས་སྟངས་དང་མི་ཚེའི་ཚན་རིག་གི་གསང་བ་མང་བོ་ཞིག་ལ་ད་དུང་ཚན་རིག་གི་འགྲེལ་བཤད་གནང་ཐུབ་མེད། དེ་བས་འདི་ལྟ་བུའི་བདེན་དཔང་ཡོད་ བཞིན་ད་དུང་ཨུ་ཚུགས་བྱ་དགོས་པའི་རྒྱུ་མཚན་གཞན་མེད། 
    དེ་ལས་བལྟས་ན་སྟོན་པ་སངས་རྒྱས་ནི་ལོ་ཉིས་སྟོང་ལྷག་གི་སྔོན་དུ་བྱོན་ནའང་ད་དུང་དེའི་གསུང་ལ་ནོར་འཁྲུལ་དང་ཡང་ན་བསམ་བློར་ནོར་འཁྲུལ་ཞིག་ཡོད་པ་ད་དུང་བདེན་དཔང་བྱེད་ཐུབ་ཀྱིན་མེད་རུང་ཁོང་གི་གསུང་མང་བོ་ཞིག་ནི་སྐབས་དེའི་མིའི་བློ་ཁ་དང་བསྟུན་ནས་གསུངས་པས་ད་ལྟའི་མིའི་བློ་ཁ་དང་མི་འཚམ་པ་ཡང་ཡོད་སྲིད་མོད་ཁོང་གི་གསུང་ནི་སྔོན་བཞིན་མིའི་ཁ་ཕྱོགས་དང་མདུན་ལམ་ཡང་དག་པར་སྟོན་པ་ལ་མི་འདང་ས་དང་ཞན་ཆ་གང་ཡང་མེད་པ་ཡིན་ལ་ལྷག་པར་དུས་རབས་འཕེལ་རྒྱས་དང་བསྟུན་ནས་དངོས་པོའི་དཔལ་ཡོན་གྱིས་བཟོས་པའི་སྐྱོ་གདུང་ཆེ་བའི་དུས་སྔར་ལས་ལྷག་པར་སྤྱི་ཚོགས་ལ་དགེ་མཚན་འདོན་ཐུབ་པ་ཡིན་ནོ། །

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྟོན་པ་སངས་རྒྱས་ཀྱི་བསམ་བློ་ད་ལྟ་དང་བསྡུར་ན་ཆེས་མ་འདང་ས་དང་ཞན་ཆ་ཡོད་དམ།   སྤེལ་མཁན།: གདམ་ག སྤེལ་དུས:2016/12/1
དཔེ་ཡག་པོ་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23480705
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།