ཁོར་སྲུང་ལོ་རྒྱུས་རྒྱུན་ཤེས། སློབ་གླིང་ལྗང་སྒྱུར་ཚན་ཆུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »ཁོར་སྲུང་ལོ་རྒྱུས་རྒྱུན་ཤེས། སློབ་གླིང་ལྗང་སྒྱུར་ཚན་ཆུང་།
ཁོར་སྲུང་ལོ་རྒྱུས་རྒྱུན་ཤེས། སློབ་གླིང་ལྗང་སྒྱུར་ཚན་ཆུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-12-04ལྟ་ཀློག (7762)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁོར་སྲུང་ལོ་རྒྱུས་སྐོར་གྱི་རྒྱུན་ཤེས།


སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་བསྒྱུར།


༡ དྲི་བ།

འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ནམ་ཡིན།

ལན།

འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ནི་སྤྱི་ཟླ་6པའི་ཚེས་5ཉིན་ཡིན།

 

༢  དྲི་བ།

འཛམ་གླིང་སའི་གོ་ལའི་ཉིན་མོ་ནམ་ཡིན།

ལན། 

 འཛམ་གླིང་སའི་གོ་ལའི་ཉིན་མོ་ནི་སྤྱི་ཟླ་4བའི་ཚེས22ཡིན།

 

༣   དྲི་བ།

འཛམ་གླིང་སའི་གོ་ལའི་ཉིན་མོ་ཞེས་པ་དེ་རྒྱལ་ཁབ་གང་ནས་དར་བ་ཡིན།

ལན།

འཛམ་གླིང་སའི་གོ་ལའི་ཉིན་མོ་ཞེས་པ་དེ་ཐོག་མར་ཨ་མེ་རི་ཁ་ནས་དར་བ་ཡིན།

 

༤   དྲི་བ།

སའི་གོའི་ལའི་དྲོད་ཚད་ཇེ་མཐོར་འགྲོ་བའི་རྒྱུ་མཚན་ཅི།

ལན།

སའི་གོའི་ལའི་དྲོད་ཚད་ཇེ་མཐོར་འགྲོ་བའི་རྒྱུ་མཚན་ནི་མིའི་རིགས་ཀྱི་བྱ་འགུལ་སྣ་ཚོགས་ཁྲོད་ལས་དབྱང་གཉིས་ཐན་རྫས་གཏོང་བ་མང་གྲགས་པས་རེད།

 

༥  དྲི་བ།

རང་རྒྱལ་གྱི་སྡོང་འཛུགས་དུས་ཆེན་ནམ་ཡིན།

ལན།

རང་རྒྱལ་གྱི་སྡོང་འཛུགས་དུས་ཆེན་ནི་སྤྱི་ཟླ་3པའི་ཚེས12ཉིན་ཡིན།

 

༦   དྲི་བ། 

འཛམ་གླིང་དུ་བ་མེད་པའི་ཉིན་མོ་ནམ་ཡིན།

ལན།

འཛམ་གླིང་དུ་བ་མེད་པའི་ཉིན་མོ་ནི་སྤྱི་ཟླ་5བའི་ཚེས་31ཉིན་ཡིན།

 

༧དྲི་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཁྲིམས་ལུགས་༼ཚོད་ལྟ་མ༽་དུས་ནམ་ཞིག་ལ་གཏན་ཁེལ་བྱས་པ་ཡིན།

ལན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཁྲིམས་ལུགས་༼ཚོད་ལྟ་མ༽ ནི་སྤྱི་ལོ་1979ལོར་གཏན་ཁེལ་བྱས།

 

༨དྲི་བ།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་གཞི་ཧྲུའུ་(UNEP)ཡིས་རང་བྱུང་ཐོན་ཁུངས་ལ་བཞག་པའི་གཏན་ཚིག་ཅི་ཡིན།

ལན།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་གཞི་ཧྲུའུ་(UNEP)ཡིས་རང་བྱུང་ཐོན་ཁུངས་ལ་བཞག་པའི་གཏན་ཚིགས་ནི་གཏན་ཁེལ་གྱི་དུས་ཚོད་དང་གནས་ཚུལ་འོག་བྱུང་བའི་འགྲུམ་འགྲིལ་གྱི་དགེ་མཚན་དང་ཡང་ན་མིའི་རིགས་ཀྱི་དེང་སྐབས་དང་མ་འོང་བའི་ཕན་བདེའི་རང་བྱུང་གི་ཆ་རྐྱེན་ལ་ཟེར།

 

༩དྲི་བ།

འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ཁོར་ཡུག་གི་ཉེན་ཁ་ཇེ་ཆར་འགྲོ་བཞིན་པའི་རྒྱུ་མཚན་ཅི།

ལན།

ས་ཁུལ་སོ་སོའི་མིས་རང་ཁོ་ནའི་དོན་དུ་དཔལ་འབྱོར་གོང་འཕེལ་གཏོང་ཆེད་ཁོར་ཡུག་དེར་གཏོར་བརླག་ཚབས་ཆེན་བྱས་པའི་རྐྱེན་གྱིས་ཡིན་པ་ཆེད་མཁས་པ་ཚོས་གསལ་བཤད་བྱས་འདུག་པ་ལྟར་རོ།།

 

༡༠དྲི་བ།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྤྱིའི་ཁོར་ཡུག་ལས་དམིགས་བསལ་ཅན་གྱི་ཁོར་ཡུག་ཅིག་ཡིན་པའི་རྒྱུ་མཚན་ཅི།

ལན།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྤྱིའི་ཁོར་ཡུག་ལས་དམིགས་བསལ་ཅན་གྱི་ཁོར་ཡུག་ཅིག་ཡིན་པའི་རྒྱུ་མཚན་ནི་བོད་ཡུལ་འདི་ཁ་འབབ་ཆུ་བོ་རྣམ་བཞིའི་འབྱུང་གནས་དང་ཆུ་བཞི་སྒང་དྲུག་གི་མཚན་སྙན་ཕྱོགས་སོར་ཁྱབ་པ། ལྷག་དོན་རྨ་འབྲི་རྫ་གསུམ་སོགས་ཀྱི་འགོ་ཁུངས་ཞེས་པའི་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་པའི་རྒྱལ་ཁབ་རིམ་པའི་སྐྱེ་དངོས་སྲུང་སྐྱོང་ས་ཁུལ་གྱི་སྲོག་རྩར་བཟུང་བས་སོ།།

 

༡༡  དྲི་བ།

རང་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་རྩ་བའི་ཇུས་ཆེན་དུ་བཀོད་པའི་ཁྲིམས་གང་དག་ཁྱབ་བསྒྲགས་བྱས་ཡོད།

ལན།

རང་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་རྩ་བའི་ཇུས་ཆེན་དུ་བཀོད་པའི་ཁྲིམས་ལ་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་། ཆུའི་འབག་སླད་སྐོར་གྱི་བཅའ་ཁྲིམས། ཆུའི་སྐོར་གྱི་བཅའ་ཁྲིམས། ནགས་ཚལ་སྐོར་གྱི་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་སོགས་ཁྱབ་བསྒྲགས་བྱས་ཡོད་དོ།།

 

༡༢  དྲི་བ།

ཆུ་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་ཅི།

ལན།

ཆུ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་ནི་འཇིག་རྟེན་འདིར་ཆུ་མེད་པར་སྐྱེ་དངོས་སྲོག་ཆགས་ཐམས་ཅད་འཚོ་མི་ཐུབ་པའི་རྒྱུ་མཚན་གྱིས་སོ།།

 

༡༣  དྲི་བ།

 ཞི་བདེ་རྒྱ་མཚོ་ཆེན་མོའི་ཟབ་ཚད་ལ་ག་ཚོད་ཡོད།

ལན།

 ཞི་བདེ་རྒྱ་མཚོ་ཆེན་མོའི་ཆ་སྙོམས་ཀྱི་ཟབ་ཚད་ལ་རྨིད་3800ཡོད།


༡༤   དྲི་བ།

སྤྱི་ལོ་ནམ་ཞིག་ལ་སི་ཐི་ཁོར་མོའོ་ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་དེ་འཚོགས་པ་ཡིན།

ལན།

སི་ཐི་ཁོར་མོའོ་ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ནི་སྤྱི་ལོ་1972ལོར་འཚོགས་པ་ཡིན།

 

༡༥  དྲི་བ།

སི་ཐི་ཁོར་མོའོ་ཞེས་པའི་ཚོགས་འདུ་དེའི་ནང་དོན་གཙོ་བོ་ཅི་ཡིན།

ལན།

སི་ཐི་ཁོར་མོའོ་ཞེས་པའི་ཚོགས་འདུ་དེའི་ནང་དོན་གཙོ་བོ་ནི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་གཞི་བཏོན་ཏེ། ཟླ་དྲུག་པའི་ཚེས་ལྔ་ཉིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་གཏན་ཁེལ་བྱས་པ་དེའོ།།

 

༡༦  དྲི་བ།

འཛམ་གླིང་སའི་གོ་ལའི་ཉིན་མོ་ནམ་ཡིན།

ལན།

འཛམ་གླིང་སའི་གོ་ལའི་ཉིན་མོ་སྤྱི་ཟླ་4.བའི་ཚེས་22ཉིན་ཡིན།

 

༡༧  དྲི་བ།

འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་(GEf)ཞེས་པའི་གོ་དོན་ཅི།

ལན།

འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་(GEf)ཞེས་པའི་གོ་དོན་ནི་སྐྱེ་དངོས་སྣ་མང་དང་ཁོར་ཡུག་འགྱུར་ལྡོག རྩྭ་ཐང་བྱེ་འགྱུར། ཁོར་ཡུག་འབག་བཙོག ས་ཆུའི་གནོད་སྐྱོན་སོགས་ལ་ལྟ་རྟོགས་བྱེད་པའི་རྒྱལ་སྤྱིའི་སྤྱི་འགན་ཚོགས་པ་ཞིག་ཡིན།

 

༡༨  དྲི་བ།

འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་(WWF)འི་མཚོན་རྟགས་ནི་ཅི་ཞིག་ཡིན།

ལན།

འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་(WWF)འི་མཚོན་རྟགས་ནི་དོམ་ཁྲ་ཡིན།

 

༡༩དྲི་བ།

ཨ་རིའི་ཧ་ཧྤོ་སློབ་ཆེན་གྱི་སློབ་བུ་ཏན་མུའུ་སུའུ་ཧེ་སི་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་དུས་ནམ་ཞིག་ལ་སྤེལ་བ་ཡིན།

ལན།

 ཨ་རིའི་ཧ་ཧྤོ་སློབ་ཆེན་གྱི་སློབ་བུ་ཏན་མུའུ་སུའུ་ཧེ་སི་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ནི་སྤྱི་ལོ་1970ལོའི་ཟླ་4ཚེས22ཉིན་སྤེལ་བ་ཡིན།

 

༢༠  དྲི་བ།

ཏན་མུའུ་སུའུ་ཧེ་སི་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་དེ་སྤེལ་བའི་ཕན་ཁེ་ག་ཙམ་བྱུང་ཡོད།

ལན།

ཏན་མུའུ་སུའུ་ཧེ་སི་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་དེས་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བཟང་བོ་ཞིག་བསྐྲུན་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟེངས་བསྟོད་ཐོབ་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་མང་བོ་བཙུགས་པ་སོགས་ཀྱི་ཕན་པ་བྱུང་ངོ་།།

 

༢༡    དྲི་བ།

འཛམ་གླིང་འབྲུ་རིགས་ཉིན་མོ་ནམ་ཡིན།

ལན། 

  འཛམ་གླིང་འབྲུ་རིགས་ཉིན་མོ་ནི་སྤྱི་ཟླ་10བའི་ཚེས་16ཉིན་ཡིན།

 

༢༢དྲི་བ།

ཨ་རིའི་སྐྱེ་དངོས་ཆེད་མཁས་པས་དུས་ནམ་ཞིག་ལ་ཞིང་ལས་འབུ་གསོ་སྨན་རྫས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ཤེས་པ་ཡིན།

ལན།

 ཨ་རིའི་སྐྱེ་དངོས་ཆེད་མཁས་པས་སྤྱི་ལོ་1962ལོར་འབུ་གསོ་སྨན་རྫས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ཤེས་པ་ཡིན།

 

༢༣དྲི་བ།

 ཀྲུང་གོའི་སའི་ཐོན་ཁུངས་ཀྱི་ཁྱད་ཆོས་གཙོ་བོ་བཞི་ནི་གང་དག་ཡིན།

ལན།

ཀྲུང་གོའི་སའི་ཐོན་ཁུངས་ཀྱི་ཁྱད་ཆོས་གཙོ་བོ་བཞི་ནི་ནི། སྤྱིའི་ཐོན་ཁུངས་ལ་ཉོག་འཛིང་ཆེ་བས་ཞིང་སའི་ནུས་པ་ཆུང་བ། མི་གྲངས་ཉུང་ཞིང་ས་རྒྱ་ཆེ་བ། ཐོན་ཁུངས་བཀོལ་སྤྱོད་གནས་ཚུལ་ལ་ཉོག་འཛིང་ཆེ་བས་ས་ཁུལ་སོ་སོའི་ཐོན་སྐྱེད་ནུས་ཤུགས་ལ་ཁྱད་པར་ཆེ་བ། ས་ཁུལ་བགོས་པ་ཆ་སྙོམ་མིན་པས་སྲུང་སྐྱོབ་གནས་ཚུལ་ཕྱིར་འདོན་བྱེད་པ་ཚད་ལས་བརྒལ་བ་བཅས་ཡིན་ནོ། །

 

༢༤   དྲི་བ།

  ཤིང་སྣ་གཅོད་བྲེགས་བྱས་པའི་གནོད་སྐྱོན་ཅི།

ལན།

 ཤིང་སྣ་གཅོད་བྲེགས་བྱས་པའི་གནོད་སྐྱོན་ལ་གཅིག་ནས་རྒྱལ་ཁབ་གང་གི་ཤིང་ཆ་རྣམས་རྒྱལ་ཁབ་དེའི་རྒྱུ་ནོར་གྱི་ཆ་ཤས་ཤིག་ཡིན་པ་དང་། གཉིས་སུ་ཤིང་བཅད་ཤུལ་དེར་ཆར་ཞོལ་ཆེ་བའི་སྐམས་སའི་འགོག་སྲུང་གི་ནུས་པ་ཉམས་ནས་ས་རུད་རྒྱག་པའི་སྐྱོན་དང་། དེ་བཞིན་ཤིང་ཆ་གཅོད་བྲེགས་ཤུགས་ཆེ་བྱས་པའི་ཉེར་ལེན་གྱིས་རྐྱེན་པས་རང་བྱུང་འབྱུང་བས་གནོད་སྐྱོན་སོགས་ཚབ་ཇེ་ཆེར་འགྲོ་བ་ལྟ་བུའོ། །

 

༢༥   དྲི་བ།

 མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་མཇུག་འབྲས་ཅི།

ལན།

མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་མཇུག་འབྲས་ནི་བོད་ཀྱི་ས་གནས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་ཀྱི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་མིང་བོ་ཞིག་ལའང་ཕོག་ཐུག་གམ་འགྱུར་བ་འགྲོ་བས་སོ།།   

                 

༢༦ དྲི་བ། 

སྐམ་ཤས་ཆེ་བའི་མཐོ་སྒང་གི་གཙང་ཆུ་དག་ལ་སྲུང་སྐྱོབ་བྱ་དགོས་པའི་རྒྱུ་མཚན་ཅི།

ལན།

སྐམ་ཤས་ཆེ་བའི་མཐོ་སྒང་གི་གཙང་ཆུ་དག་ལ་སྲུང་སྐྱོབ་བྱ་དགོས་པའི་རྒྱུ་མཚན་བོད་ཙམ་མ་ཡིན་པར་ཨེ་ཤེ་ཡའི་ས་ཁུལ་མང་བོའི་ཆའི་འགོ་ཁུངས་མཐོ་སྒང་ནས་འབབ་པ་དང་དེས་ཨ་ཤ་ཡེའི་གླིང་ཕྲན་གྱི་འབོར་ས་ཡ་མང་བོ་ཞིག་ལ་གནོད་སྐྱོན་འགྲོ་རྒྱུའི་ཉེན་ཁ་ཆགས་པའོ།།

 

༢༧  དྲི་བ། 

ཁོར་ཡུག་ཐོག་ལ་གཙང་སྦྲ་འཕྲོད་རྟེན་གལ་ཆེ་བའི་རྒྱུ་མཚན་ཅི་ཡིན།

ལན།

  ཁོར་ཡུག་ལ་དོ་སྣང་གལ་ཆེ་བས་ཐ་ན་མི་སོ་སོས་ཁ་ལུད་སྣ་ལུད་གང་འདོད་དུ་གཡུགས་པ་སོགས་ཀྱིས་མཚོན་ས་གཞི་འབག་བཙོག་ཟོས་པ་སོགས་ལ་ཟེར།

 

༢༨དྲི་བ། 

གྲོང་ཚོ་དང་ཡུལ་སྡེ་ཐུན་མོང་། ཡང་ན་མི་སྒེར་གྱིས་གཏེར་ཁ་སྔོག་ན་ས་གནས་དེའི་རྫོང་རིམ་པའི་སྲིད་གཞུང་གང་གིས་ཆོག་མཆན་ཐོབ་དགོས།

ལན།

གྲོང་ཚོ་དང་ཡུལ་སྡེ་ཐུན་མོང་། ཡང་ན་མི་སྒེར་གྱིས་གཏེར་ཁ་སྔོག་ན་ས་གནས་དེའི་རྫོང་ཆུའི་དོ་དམ་པ་སྡེ་ཁག་ནས་འགྲོ་ལུགས་བརྒྱུད་དེ་ཆོག་མཆན་ཐོབ་དགོས།

 

༢༩  དྲི་བ།

 རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་གང་ཡིན།

ལན།

 རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ནི་མདོ་དབུས་མཐོ་སྒང་ཡིན།

 

༣༠ དྲི་བ།

 ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེ་ནམ་ཞིག་ལ་ཁྱབ་བསྒྲགས་བྱས་པ་ཡིན།

ལན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ནི་སྤྱི་ལོ་༡༩༨༩ལོར་ཁྱབ་བསྒྲགས་བྱས་པ་ཡིན།

 

༣༡  དྲི་བ།

  ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཆ་གང་དག་ཡོད།

ལན།

ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཆ་ནི་ཉི་འོད། མཁའ་དབུགས། ས། ཆུ། སྐྱེ་དངོས་བཅས་ཀྱི་གྲུབ་པ་ཡིན།

 

༣༢དྲི་བ།

 རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཐུན་གཉེར་ཁང་ནི་ནམ་ཞིག་ལ་བཙུགས་པ་ཡིན།

ལན།

 རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཐུན་གཉེར་ཁང་ནི་སྤྱི་ལོ་༢༠༠༧ལོར་བཙུགས་པ་ཡིན།

 

༣༣  དྲི་བ།

 རྒྱུན་མཐོང་གི་ཁོར་ཡུག་འབག་བཙོག་གང་དག་ཡོད།

ལན།

 རྒྱུན་མཐོང་གི་ཁོར་ཡུག་འབག་བཙོག་ལ་འདག་རྫས་ཁུ་བ། རླངས་འཁོར་གྱི་དུད་ཁུང་ནང་གི་དབུགས་། གད་སྙིགས་བཅས་ཡོད།

 

༣༤དྲི་བ།

  ཀྲུང་གོའི་ས་གཞིའི་རྒྱ་ཁྱོན་ལས་ མདོ་དབུས་མཐོ་སྒང་གིས་ག་ཚོད་ཟིན་ཡོད།

ལན།

 ཀྲུང་གོའི་ས་གཞིའི་རྒྱ་ཁྱོན་ལས་མདོ་དབུས་མཐོ་སྒང་གིས་ལྔ་ཆའི་གཅིག་ཟིན་ཡོད།

 

༣༥ དྲི་བ།

 ང་ཚོས་ཆུ་སྲུང་སྐྱོབ་བྱེད་དགོས་ན་འདག་རྫས་གང་འདྲ་བེད་སྤྱོད་བྱེད་དགོས།

ལན།

 ང་ཚོས་ཆུ་སྲུང་སྐྱོབ་བྱེད་དགོས་ན་ལིན་རྫས་མེད་པའི་འདག་རྫས་བེད་སྤྱོད་བྱེད་དགོས།

 

༣༦ དྲི་བ། 

རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས་དུ་ཡིན།

ལན།

 རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི་12369ཡིན།

 

༣༧  དྲི་བ།

 ཅི་ཞིག་ལ་གཏེར་རྫས་ཐོན་ཁུངས་ཟེར།

ལན། 

གཏེར་རྫས་ཐོན་ཁུངས་ནི་ས་གཤིས་འགྱུར་བ་ལས་གཏེར་ལས་གྲུབ་པ་ཡིན།

 

༣༨  དྲི་བ། 

ཀྲུང་གོ་ལ་གཏེར་རྫས་རིགས་མི་འདྲ་བ་ག་ཚོད་ཡོད།

ལན།

ཀྲུང་གོ་ལ་གཏེར་རྫས་རིགས་མི་འདྲ་བ་171ཡོད་ཀྱང་དེ་ལས་གཏེར་རྫས་རིགས་157གྲངས་ཚད་དང་བཅས་པ་ཤེས་ཡོད།

 

༣༩  དྲི་བ།

 དེང་སྐབས་འཛམ་གླིང་ལ་ཤེས་ཟིན་པའི་གཏེར་རྫས་རིགས་ག་ཚོད་ཡོད།

ལན། 

  དེང་སྐབས་འཛམ་གླིང་ལ་ཤེས་ཟིན་པའི་གཏེར་རྫས་རིགས་160ལྷག་ཡོད།

 

༤༠  དྲི་བ།

(UNEP)ཉམས་འབྲེལ་རྒྱལ་འཚོགས་ཀྱི་ཁོར་ཡུག་འཆར་གཞི་ཡིས་རང་བྱུང་ཐོན་ཁུངས་ལ་བཞག་པའི་གཏན་ཚིག་ཅི་ཡིན།

ལན།

གཏན་ཁེལ་གྱི་དུས་ཚོད་དང་གནས་ཚུལ་འོག་བྱུང་འོས་པའི་འགྲུམ་འགྲིལ་གྱི་དགེ་མཚན་དང་མིའི་རིགས་ཀྱི་དེང་སྐབས་དང་མ་འོངས་པའི་ཕན་བདེའི་རང་བྱུང་གི་ཆ་རྐྱེན་ལ་ཟེར།

 

༤༡  དྲི་བ།

 རང་བྱུང་ཐོན་ཁུངས་ལ་རིགས་གང་དག་ཡོད།

ལན།

སྐྱེ་དངོས་ཐོན་ཁུངས་དང་ཞིང་ལས་ཐོན་ཁུངས་དང་། ནགས་ཚལ་ཐོན་ཁུངས་དང་། སའི་ཐོན་ཁུངས་དང་། རྒྱ་མཚོའི་ཐོན་ཁུངས་དང་། ཆུའི་ཐོན་ཁུངས་དང་། གཏེར་རྫས་ཐོན་ཁུངས། གནམ་གཤིས་ཐོན་ཁུངས་བཅས་ཡོད།

 

༤༢དྲི་བ།

མིའི་རིགས་ཀྱི་འཚོ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ནི་ཐོན་ཁུངས་གང་གིས་གྲུབ་པ་ཡིན།

ལན།

  རང་བྱུང་ཐོན་ཁུངས་ཀྱིས་གྲུབ་པ་ཡིན།

 

༤༣ དྲི་བ།

  འཛམ་གླིང་སྟེངཆུའི་ཐོན་ཁུངས་ཆའི་མང་བའི་རྒྱལ་ཁབ་ནི་གང་ཡིན།

ལན།

  འཛམ་གླིང་སྟེང་ཆུའི་ཐོན་ཁུངས་ཆེས་མང་བའི་རྒྱལ་ཁབ་ནི་ཀྲུང་གོ་ཡིན།

 

༤༤  དྲི་བ། 

མིའི་རིགས་ཀྱི་འཚོ་བ་ལ་ཆེས་གལ་ཆེ་བའི་ཐོན་ཁུངས་ནི་གང་དག་ཡིན།

ལན།

 མིའི་རིགས་ཀྱི་འཚོ་བ་ལ་ཆེས་གལ་ཆེ་བའི་ཐོན་ཁུངས་ནི་གཏེར་རྫས་ཐོན་ཁུངས་དང་སའི་ཐོན་ཁུངས། ཆུའི་ཐོན་ཁུངས། གནམ་གཤིས་ཐོན་ཁུངས། སྐྱེ་དངོས་ཐོན་ཁུངས་བཅས་ཡིན་ནོ།།

 

༤༥   དྲི་བ།

  ཀྲུང་གོའི་ཚྭ་མེད་མཚོ་ལྔ་ནི་གང་དག་ཡིན།

ལན།

  ཀྲུང་གོའི་ཚྭ་མེད་མཚོ་ལྔ་ནི་དེ་དག་ནི་ཕན་ཡང་མཚོ། ཏུ་ཐེན་མཚོ། ཐེའི་མཚོ།ཧུང་ཙིའུ་མཚོ། ཁྲོའོ་མཚོ་བཅས་ལྔ་ཡིན་ནོ། །

 

༤༦དྲི་བ། 

འཛམ་གླིང་གི་ཡུལ་གྲུ་གང་དུ་ཁོར་ཡུག་ཉེན་ཁ་ཉེན་བཞིན་ཇེ་སྡུག་དུ་འགྲོ ་བཞིན་པའི་རྒྱུ་བཚན་ཅི་ཡིན།

ལན།

ས་ཁུལ་སོ་སོས་མིས་རང་ཁོ་ནའི་དོན་དུ་དཔལ་འབྱོར་གོང་འཕེལ་གཏོང་ཆེད་ཁོར་ཡུག་དེར་གཏོར་བརླག་ཚབས་ཆེན་བྱས་པའི་རྐྱེན་གྱིས་ཡིན་པ་མཁས་པ་ཚོས་གསལ་བཤད་བྱས་འདུག་པ་ལྟར་རོ། །

 

༤༧  དྲི་བ།

 ཆུ་ཉོག་གི་གནད་དོན་ཅི་ལྟར་ཐག་གཅོད་དགོས།

ལན། 

ཆུ་ཉོག་ནི་རྫས་འགྱུར་དང་དངུས་ལུགས། སྐྱེ་དངོས་བཅས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས།

 

༤༨  དྲི་བ།

 མིའི་རིགས་ལ་མཁོ་བའི་སྤྲི་དཀར་ཀྱི་ཆེས་བཟང་བའི་འབྱུང་ཁུངས་དེ་གང་ཡིན།

ལན།

དྲི་བ་མིའི་རིགས་ལ་མཁོ་བའི་སྤྲི་དཀར་ཀྱི་ཆེས་བཟང་བའི་འབྱུང་ཁུངས་ནི་སྲོག་ཆགས་ཐོན་ཁུངས་ཡིན།

 

༤༩ དྲི་བ།

 རང་བྱུང་ཁམས་ཀྱི་ཆུའི་ཐོན་ཁུངས་ལ་ངོ་བོའི་སྒོ་ནས་དབྱེ་ན་དུ་ཡོད།

ལན།

རང་བྱུང་ཁམས་ཀྱི་ཆུའི་ཐོན་ཁུངས་ལ་ངོ་བོའི་སྒོ་ནས་དབྱེ་ན་སྲ་འཁྲེགས་ཀྱི་རྣམ་པ་དག་གཤེར་ཁུ་རྣམ་པ་ཅན། དབུགས་ཀྱི་རྣམ་པ་ཅན་གསུམ་ཡོད།

 

༥༠ དྲི་བ། 

ཀྲུང་གོའི་ཚྭ་མེད་ཆུའི་ཐོན་ཁུངས་གཙོ་བོ་གང་དག་ཡིན།

ལན།

 ཀྲུང་གོའི་ཚྭ་མེད་ཆུའི་ཐོན་ཁུངས་གཙོ་བོ་ནི་མཚེའུ་དང་ཆུ་རྒྱུན་གཉིས་ཡིན་ནོ།།

༼མུ་འགོད།༽


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23529355
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།