གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ<<​དབྱངས་ཅན་མགྲིན་སྒྲ་>>ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ<<​དབྱངས་ཅན་མགྲིན་སྒྲ་>
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ<<​དབྱངས་ཅན་མགྲིན་སྒྲ་>>ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-12-02ལྟ་ཀློག (6896)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ<<དབྱངས་ཅན་མགྲིན་སྒྲ་>>ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།


    ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་གསུམ་པའི་<<དབྱངས་ཅན་མགྲིན་སྒྲ་>>ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ། སྙན་ངག་ནི་ཨུ་རུ་སུའི་རྩོམ་གཞུང་སྨྲ་བ་པེ་ལེན་སི་ཅིས། མི་རིགས་གང་ཡིན་ཡང་སྙན་ངག་ནི་མི་རིགས་དེ་ཉིད་མཚོན་པར་བྱེད་པའི་མེ་ལོང་ལྟ་བུ་ཡིན་ཞེས་བཤད་པ་བཞིན་སྙན་ངག་ནི་སྔོན་གྱི་ལོ་རྒྱུས་གསལ་བའི་མེ་ལོང་དང་མིའི་རིགས་ཀྱི་མགྲིན་ཚབ་པ། དགའ་སྐྱོ་ཆགས་སྡང་། འཚོ་བའི་རང་མདངས་ཉིང་བསྡུས་ཀྱིས་མཚོན་པའི་སྒྱུ་རྩལ་ཞིག་ཡིན་ཕྱིར། ང་ཚོས་ཀྱང་སྙན་ངག་གྱེར་འདོན་ཐེངས་གསུམ་ལ་སྤེལ། ཐེངས་འདིའི་གྱེར་འདོན་ལ་དགེ་རྒན་སྒྲོལ་མ་སྐྱབས་དང་དམའ་གཉིས་དང་བོའི་སློབ་མ་དབང་ཆེན་སྒྲོལ་མ་གཉིས་ཀྱིས་མདོ་འཛིན་བྱས། བྱ་འགུལ་ལ་འཛིན་གྲྭ་རེ་ནས་མི་གསུམ་རེ་བཅས་ཁྱོན་སྡོམ་མི་སུམ་བཅུ་ལྷག་འགྲན་སྡུར་ལ་ཞུགས། སློབ་གཙོ་གཡོན་གཞིའི་ཡུལ་ལྷ་ལགས་དང་། སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ། བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས། དགེ་རྒན་བཟང་རྒྱལ། དཀར་མོ་ཡེ་ཤེས་བཅས་ཀྱིས་དཔྱད་འདེམ་བྱས། དཔྱད་འདེམ་དགེ་རྒན་སོ་སོ་ནས་གྱེར་འདོན་པའི་<<སྐད་ཀྱི་འགྱུར་ཁུགས། >><<ལུས་ཀྱི་ཉམས་འགྱུར།>><<གྱོན་པ་གྱོན་སྟངས།>><<སྙན་ངག་གི་བརྗོད་བྱ་>>སོགས་དཔྱད་བརྗོད་གནང་། འགྲན་སྡུར་སྟེང་དགེ་རྒན་ལྷ་མོ་མཚོ་དང་རང་སློབ་གྲྭའི་གླུ་མ་ལས་དབང་ལྷ་མོ་སོགས་ཀྱིས་གླུ་དབྱངས་དང་ཞབས་བྲོ་སོགས་འཁྲབ། མཇུག་མཐར་དཔྱད་འདེམས་དགེ་རྒན་ཚོས་བྱ་དགའ་ཐོབ་པའི་སློབ་གྲོགས་ཚོར་གཟི་བརྗིད་དཔང་ཡིག་གནང་སྟེ་བཀྲ་ཤིས་པའི་ངང་མཇུག་བསྡུས།

  དཔྱད་འདེམ་པ་གཡས་ནས་བརྩིས་པའི་དང་བོ་བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས། གཉིས་པ་སློབ་གཙོ་གཡོན་གཞིའི་ཡུལ་ལྷ། གསུམ་པ་སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ། བཞི་བ་དགེ་རྒན་བློ་བཟང་ཚེ་རིང་། ལྔ་བ་དཀར་མོ་ཡེ་ཤེས་བཅས་ཡིན།

མདོ་འཛིན་པ་དགེ་རྒན་སྒྲོལ་མ་སྐྱབས་དང་དམའ་གཉིས་དང་བོའི་དབང་ཆེན་སྒྲོལ་མ།

ལྷ་མོ་དབྱངས་ཅན་མའི་བསྟོད་པ་དབྱངས་སུ་གྱེར་བའི་ཐོག་མའི་བཀྲ་ཤིས་པའི་མཆོད་པ།

རང་སློབ་གྲྭའི་གྱེར་འདོན་པ་གནས་ཕྱུག་སྐྱིད།


བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས་ཀྱིས་དཔྱད་བརྗོད་གནང་བཞིན་པ།


སྙན་ངག་གྱེར་བཞིན་པའི་ཡུལ་དངོས།


བར་སྐབས་སུ་གླུ་མ་ལས་དབང་ལྷ་མོའི་གླུ་སྐད་ལ་རོལ་བ།

ཚོགས་རའི་གཡས་ཟུར་གྱི་སློབ་གྲོགས་ཡོངས།

གསར་འགྱུར་མཁོ་སྤྲོད་པ། དཀ་མོ་ཡེ་ཤེས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23524066
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།