དེབ་ཁྲི་ལྷག་གིས་བསྐྲུན་པའི་དཔེ་དེབ་ཀྱི་ཁྲོན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »དེབ་ཁྲི་ལྷག་གིས་བསྐྲུན་པའི་དཔེ་དེབ་ཀྱི་ཁྲོན་པ།
དེབ་ཁྲི་ལྷག་གིས་བསྐྲུན་པའི་དཔེ་དེབ་ཀྱི་ཁྲོན་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-12-02ལྟ་ཀློག (4958)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེབ་ཁྲི་ལྷག་གིས་བསྐྲུན་པའི་དཔེ་དེབ་ཀྱི་ཁྲོན་པ།
        2016/11/30       20:58:30

       ཞིས་ཨན་གྲོང་ཁྱེར་གྱི་མཛའ་བརྩེའི་ལམ་གྱི་མི་ཚང་ཞིག་ཏུ་དཔེ་དེབ་ཧ་ལམ་ལྗིད་ཚད་ཏུན4ལ་ཉེ་བ་ཞིག་ཡོད་པ་དང་། དཔེ་དེབ་ཁྲི་ལྷག་གིས་ཁྲོན་པའི་དབྱིབས་ཀྱི་དཔེ་ཁང་ཆུང་ཆུང་ཞིག་རྩིག་བཟོ་བྱས་ཡོད། འདིའི་སྦྱིན་བདག་གིས་དཔེ་ཚོང་ཁང་འདི་འདྲ་ཞིག་གཉེར་དོན་ནི་རང་གི་བྱིས་པ་སློབ་གྲྭ་འགྲོ་བར་སྡོད་རོགས་བྱེད་པའི་སླད་དུ་རེད། ཁོ་མོས་བསྟན་དོན། དཔེ་ཚོང་ཁང་འདི་ལ་འཆར་འགོད་བྱེད་སྐབས་ཏག་ཏག་བྱིས་པ་སློབ་ཆུང་ནས་དམའ་འབྲིང་ལ་འགྲོ་བའི་སྐབས་དང་ཁེལ་ཡོད་པ་དང་། སྦྱང་འབྲས་དང་འཚར་ལོངས་བྱུང་བའི་དུས་རིམ་གཉིས་ཀྱི་བར་དུ་སེམས་ཁྲལ་དང་དཀའ་སྡུག་བརྩེགས་མ་ཡོད་པས། ཁྱིམ་བདག་ཅིག་གི་ངོས་ནས་བཤད་ན་འདི་གཉིས་བར་གདམ་གསེས་བྱེད་པའང་ཧ་ཅང་དཀའ་ཞིང་བྱིས་པ་ཉིན་ལྟར་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་ནང་ཞུགས་སུ་བཅུག་པ་ཡིན་ཟེར།

      སློབ་གྲྭའི་ཉེ་ཁོར་དུ་དཔེ་ཁང་འདི་འདྲ་ཞིག་གཉེར་བའི་དམིགས་ཡུལ་ནི་ཐོག་མར་རང་གི་བྱིས་པ་སློབ་གྲྭར་བསྐྱོད་པ་སྟབས་བདེ་འོང་ཆེད་དང་དེ་ལས་གཞན་ནི་ཁྱིམ་བདག་གཞན་དག་ལ་ངལ་གསོ་དང་མཛའ་མཐུན་གྱིས་བསམ་ཚུལ་གླེང་མོལ་བྱེད་པའི་གནས་ཤིག་གི་བསྐྲུན་པའང་ཡིན་ཟེར། ཡིན་ནའང་ད་ལྟའི་ཁོ་མོའི་བསམ་ཚུལ་ནི་ཁོམ་ལོང་ཡོད་སྐབས་ཁྱིམ་བདག་གིས་རང་གི་བྱིས་པ་ཕྱི་རོལ་ཏུའང་ཁྲིད་དེ་བལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བ་ལས་སློབ་དེབ་ཁོ་ནའི་ཁྲོད་སྡོད་པའི་སློབ་མ་ཞ་བོ་ཞིག་ཏུ་འགྱུར་བར་བྱེད་མི་རུང་བ་དེའོ།།

    དཔེ་དེབ་ཀྱི་ཁྲོན་པ་འདི་ལ་མཚམས་དང་མཚམས་སུ་དཀར་གསལ་གྱི་སྒེའུ་ཁུང་ཡང་བཟོ་བཀོད་བྱས་ཡོད།

      ཁྲོན་པ་འདིའི་ནང་ནས་ཡར་འགྲེངས་ཚེ་རང་ཉིད་ནི་དཔེ་དེབ་ཀྱི་རྒྱ་མཚོའི་འཇིངས་སུ་སླེབས་པ་དང་གཉིས་སུ་མ་མཆིས།

     དཔེ་དེབ་ཁྲི་ལྷག་གིས་བསྐྲུན་པའི་དཔེ་དེབ་ཀྱི་ཁྲོན་པ།

   དཔེ་དེབ་ཀྱི་ཁྲོན་པ་འདིས་ཁང་བརྩེགས་གཉིས་མཐོ་ཚད་ཀྱི་བང་རིམ་བརྟོལ་ནས་ཡོད།


    "ཁྲོན་པ"འདིའི་ནང་ནས་མགོ་བོ་ཡར་ལ་བཏེགས་ཏེ་བལྟས་ཚེ་རང་དབང་མེད་པར་ཁྲོན་པའི་ནང་གི་སྦལ་བས་གནམ་ལ་བལྟ་བའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་འོང་།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། axp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531406
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།