གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ངལ་གསོའི་དཔེ་ཀློག་བྱ་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ངལ་གསོའི་དཔེ་
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ངལ་གསོའི་དཔེ་ཀློག་བྱ་ཚུལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-27ལྟ་ཀློག (5037)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ངལ་གསོའི་དཔེ་ཀློག་བྱ་ཚུལ།

  དང་བོ།  ཀློག་པ་པོ་ཁྱེད་ཉིད་ཀྱིས་ཤེས་དགོས་པ་ཞིག་ལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨིན་རྩིས་སློབ་གྲྭ་ནི་ཡུལ་མགོ་ལོག་ཏུ་ཡོད་ཅིང་སྨན་རམས་ཚུལ་ཁྲིམས་དར་རྒྱས་ཀྱིས་དཀའ་སྡུག་དང་རྔུལ་ཆུ་ལས་གྲུབ་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་ལ། གངས་ལྗོངས་བཅུ་ཕྲག་རིག་པའི་ཡ་གྱལ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་རྩ་ལག་དང་བཅས་པ་ལ་སློབ་གཉེར་ཚུལ་བཞིན་བྱེད་ས་ཞིག་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྱེད་ཕྱོགས་ལྟར་དབང་ལུང་ཁྲིད་གསུམ་ཡ་མ་བྲལ་བ་དང་། འཛམ་གླིང་རང་བཞིན་ཅན་དུ་ཁ་ཕྱོགས་ནས་གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་མྱོང་སའི་རིག་པའི་སྐྱེས་ཚལ་ཞིག་རེད་འདུག
གཉིས། དཔེ་ཀློག་དངོས་བྱེད་ཚུལ་དང་བྱེད་དུས་སོགས་གླེང་བ་བྱ།
 དང་པོ་མི་སུ་ཡིན་ཡང་དཔེ་ཀློག་ལ་རང་བཞིན་གྱི་དགའ་བ་དང་དུང་བ་ཡོད་པ་ནི་ཤིན་ཏུ་དཀོན་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། དེ་ལྟར་སློབ་གླིང་འདིར་ཕེབས་པའི་སློབ་མ་ཡིན་ནའང་ད་སྔོན་སློབ་གསོ་དང་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང་ཆ་རྐྱེན་དབུལ་བའི་མི་དག་བསྡུ་ཡི་ཡོད་པས་ཐོག་མར་ནས་དཔེ་ཀློག་ལ་གོམས་པ་དང་སློབ་སྦྱོང་ལ་དགའ་བ་ནི་ཉུང་ཉུང་ཡིན་རྐྱེན་སློབ་དཔོན་དག་གིས་དུས་ལྟར་སློབ་གསོ་དང་ཁ་བརྡ་སྒྲིག་ལམ་སོགས་བྱེད་ཐབས་མང་པོ་སྤྱད་དེ་ང་ཚོར་རིམ་གྱི་དཔེ་ཀློག་ལ་དགའ་བ་དང་སློབ་སྦྱོང་ལ་གོམས་ཐབས་འབད་ཀྱིན་ཡོད།དཔེར་ན་ཁ་སྔོན་གཟའ་འཇུག་སྤྱི་སྡོམ་སྐབས་དགེན་བ་རོད་ཐུབ་བསྟན་པའི་རྒྱལ་མཚན་མཆོག་གིས་ང་ཚོའི་༼སློབ་དཔོན་ནག་པོ་ཁྲོ་མེད༽ཅེས་པ་དེ་བརྟེན་དགོས་པ་གལ་ཆེན་གཏིང་ཟབ་གསུངས་སོང་། མདོར་ན་དེ་ལྟར་སློབ་གསོ་དང་བསླབ་སྟོན་གྲངས་མེད་གནང་རྟེན་ད་ནི་སློབ་མ་གང་མང་ཞིག་སློབ་སྦྱོང་ལ་གོམས་པ་དང་དཔེ་ཀློག་ལ་དངོས་གནས་ཁ་མིན་དོན་གྱིས་དགའ་བ་འགྱུར་འདུག །   གཟའ་འཁོར་རེའི་ནང་ནས་གཟའ་འཇུག་རེ་གཟའ་སྤེན་པ་ཉིན་གུང་དུས་ཚོད་༡༢:༣༠ནས་སློབ་གླིང་འདིའི་དཔེ་མཛོད་ཁང་སྒོ་ཕྱེ་བ་དང་། མཚན་མོ་དུས་ཚོད་༡༠བ་ཡས་མས་སུ་སྒོ་རྒྱག་པ་དང་། ཕྱི་ཉིན་རེ་གཟའ་ཉིན་མའི་ཉིན་སྔ་དྲོ་དུས་ཚོད་༡༠:༣༠སྟེང་སྒོ་ཕྱེ་བ་དང་ཕྱི་དྲོ་དུས་ཚོད་༤:༣༠སྒོ་རྒྱག་པ་རེད། མདོར་ན་ཉིན་མ་གཉིས་ལ་ཆུ་ཚོད་༡༧ལ་དཔེ་ཁང་སྒོ་ཕྱེས་ཡོད་པ་རེད།  དེའི་ཚེ་སློབ་མ་དག་རང་འགུལ་གྱིས་དཔེ་ཁང་ནང་དཔེ་ཀློག་བྱ་ཡི་འདུག་ལ་ཕ་སྐད་ཚོགས་པས་དཔེ་ཀློག་པ་དག་ལ་ཆུ་ཁོལ་དང་བཟའ་བཅའ་ཕྲན་བུ་སོགས་ཀྱི་མཐུན་རྐྱེན་སྦྱར་བ་དང་། སློབ་གླིང་སྤྱིའི་དཔེ་ཀློག་གི་ཟིན་ཐོའི་ཐོག་ཏུ་སློབ་མ་རང་རང་གི་མིང་འབྲི་བ་དང་དཔེ་དེབ་གང་བལྟས་ན་དེ་ཉིད་ཀྱི་མིང་འབྲི་བ་དང་དུས་ཚོད་ཅི་ཙམ་བལྟས་ན་དེ་ཚོ་འབྲི་བ་བཅས་ཀྱིས་ཞབས་འདེགས་སྒྲུབ་ཀྱིན་འདུག དཔེ་ཁང་འདིའི་ནང་བོད་ཀྱི་བཀའ་བསྟན་འགྱུར་དང་གསོ་རིག་སྐོར་གཙོས་པའི་བཅུ་ཕྲག་རིག་གནས་ཕལ་ཆེ་བ་ཡོད་པ་དང་། གཞན་འཛམ་གླིང་ན་སྐད་གྲགས་ཡོད་པའི་བརྩམས་ཆོས་གང་མང་དང་། ཆབ་སྲིད་དང་ཀྲུང་ལུགས་གསོ་རིག་ནུབ་ལུགས་གསོ་རིག་སོགས་ཀྱི་དཔེ་དེབ་ཀྱང་ཡིག་རིགས་གཞན་གྱི་ཐོག་ཏུ་ཡོད་པ་གང་མང་འདུག   དཔེ་ཀློག་བྱ་བའི་དུས་ཚོད་ནི་སློབ་གླིང་སློབ་མ་སུ་ཞིག་ཡིན་ཡང་གཟའ་འཁོར་རེའི་ནང་དུ་མ་མཐའ་དུས་ཚོད་གསུམ་བཞི་ཡས་མས་སུ་མི་བལྟ་མཁན་གཅིག་ཀྱང་མི་འདུག ཕལ་མོ་ཆེ་ནི་དུས་ཚོད་བཅུ་ཡས་མས་སུ་ཤ་སྟག་རེད། གཟའ་འཇུག་སྤྱི་སྡོམ་སྐབས་སུ་དཔེ་ཀློག་པའི་བྱ་དགའ་སྟེར་བ་རེད། དེ་ཡང་གཟའ་འཁོར་ལྔ་རེའི་ནང་དཔེ་ཀློག་གི་དུས་ཡུན་དུས་ཚོད་༧༠ཡས་མན་བལྟས་ཡོད་མཁན་དག་ལ་སྟེར་འདུག ད་དུང་དཔེ་ཀློག་ཟིན་བྲིས་ཀྱང་འབྲི་སྲོལ་གོམས་ནས་འདུག དཔེ་ཀློག་ཟིན་བྲིས་འབྲི་སྐབས་དཔེ་དེབ་གང་ལ་བལྟས་ན་དེའི་ཁ་བྱང་དང་། ཤོག་གྲངས་གང་ཡིན་པ།མཛད་པ་པོ་སུ་ཡིན་ན་དེ་དང་།རང་ཉིད་ལ་བློ་བསྐྱེད་བྱུང་ཚུལ་སོགས་ཞིབ་མོ་འབྲི་བའི་སྲོལ་བཟང་འདུག    དེ་ལྟ་བུ་དཔེ་ཀློག་བྱེད་སའི་ཡུལ་ནི་མང་མང་ཞིག་གིས་ལྷ་ཡུལ་ལྟ་བུ་ཞིག་རྒྱས་སྤྲོས་ཀྱིས་ཕྱུག་པ་ཞིག་ཡོད་པ་འདོད་ན་ཐང་། དེ་ལྟར་མ་ཡིན་ཏེ་མི་གཅིག་གམ་ཁྱིམ་ཚང་གཅིག་གིས་བསྒྲུབས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ལ་ཆ་རྐྱེན་ཆེན་པོ་མེད་རྐྱེན་དཔེ་ཁང་ཆུང་ཆུང་དེའི་ནང་སློབ་མ་སྔོན་ལ་སུ་སླེབས་པ་དེ་ཚོར་ལ་མདུན་ཅོག་དང་རྐུབ་སྟེགས་ཡོད་པ་ལས། མང་མང་ཞིག་ནི་རང་རང་གི་འདུག་གདན་ཁྱེར་ནས་ཡོང་ཏེ་དཔེ་ཁྲིའི་བར་དུ་འཚངས་ནས་འདུག དེ་ལྟ་བུའི་ཆ་རྐྱེན་ཞན་ཡང་ད་དུང་དུས་ཚོད་ལ་ཐོན་དུས་ཕ་སྐད་ཚོགས་པ་དང་དགེ་རྒན་དག་གིས་སྒྲིག་འདོད་ལྟར་་སློབ་མ་གང་མང་མང་འདུག འདི་འདྲ་བ་ནི་གཟའ་འཁོར་གཅིག་དང་གཉིས་མ་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་འདི་འདྲ་བ་རང་རེད། མདོར་ན་ངལ་གསོ་སྐྱིད་ཤོས་ནི་ཁུ་སིམ་ལྡན་པའི་དཔེ་ཀློག་བྱ་བ་དེ་རེད་འདུག

ཅེས་པ་འདི་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གཅིག་དྲུག་གསོ་རིག་ཚང་གི་གྲལ་མཐའ་བ་ཀ་རང་ལྗང་སྨྱུག་འབོད་པ་དེའི་ཕྱི་ལོ་༢༠༡༦ལོའི་ཟླ་བ་༡༡ཚེས༢༧ ཉིན་བྲིས།

དཔེ་མཛོད་ཁང་དུ་དཔེ་ཀློག་བྱེད་བཞིན་པའི་རྣམ་པ།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ། སེར་སྐོར་འཇམ་ཚེ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533856
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།