གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཕ་སྐད་གསེར་གྱི་རླབས་རྒྱུན་ཞེས་པའི་བྱ་འགུལ་སྤེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཕ་སྐད་གསེར་གྱི་རླབས་རྒ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཕ་སྐད་གསེར་གྱི་རླབས་རྒྱུན་ཞེས་པའི་བྱ་འགུལ་སྤེལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-26ལྟ་ཀློག (5693)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་ཕ་སྐད་གསེར་གྱི་རླབས་རྒྱུན་ཞེས་པའི་བྱ་འགུལ་སྤེལ།

      སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ༡༡པའི་ཚེས་༢༣ཉིན་གྱི་ཕྱི་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་ཚེ་རིང་རྒྱ་མཚོ་དང་<<ཕ་སྐད་གསོང་བརྗོད་འཛིན་གྲྭ>>འམ་དམའ་གཉིས་དང་བོ་གཉིས་ཀྱི་དཔུང་རྡང་མཉམ་སྦྲེལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་བཤད་ཆུ་ཡི་ཝུ་བ་ཙམ་མ་ཡིན་པར་བོད་པས་བོད་སྐད་བཤད་ཤེས་དགོས་པ་དང་། བོད་ཡིག་འདོན་ཤེས་དགོས་པའི་འབོད་སྐུལ་གཏོང་ཆེད། ཡ་གླིང་ཤར་རྒྱུད་སྟོབས་དཔུང་གིས་བཟུང་མྱོང་བའི་ཐུ་བྷོད་བཙན་པོ་ཚང་གི་ཕྱི་རབས་པ་དག་མི་གྲལ་དུ་འགྱིང་བག་གིས་འགྲོ་ཚུལ་ལ་བསམས་ནས་རང་སློབ་གྲྭའི་སྐབས་གཉིས་པའི་<<ཕ་སྐད་གསེར་གྱི་རླབས་རྒྱུན་>>ཞེས་པའི་བྱ་འགུལ་སྤེལ། བྱ་འགུལ་སྟེང་སློབ་གཙོ་གཡོན་གཞིས་ཡུལ་ལྷ་ལགས་གཙོ་བྱས་དགེ་སློབ་དྲུག་བརྒྱ་ལྷག་སློབ་གྲྭའི་ཚོགས་ཁང་ཆེན་མོ་རུ་འདུས། སློབ་བུ་རིན་ཆེན་མཚོ་དང་ལོ་བརྒྱ་སྐྱིད་གཉིས་ཀྱིས་མདོ་འཛིན་བྱས། དམའ་འབྲིང་དང་སློབ་ཆུང་རིམ་པ་གཉིས་སུ་བཀར་ནས་འཛིན་གྲྭ་སོ་སོའི་འཐུས་ཚབ་མི་གསུམ་རེ་དང་ཚོ་ཆུང་དགུ་བྱས་ནས་རྒྱུན་བཀོད་ཤེས་བྱའི་དྲི་བ་དྲིས་ལན། རྒྱུན་བཀོལ་ཐ་སྙད་ཡིག་སྒྱུར་གྱི་འགྲན་བསྡུར་བྱས། གླུ་དང་གླུ་དབྱངས་དང་བཞད་གར་སོགས་རིག་རྩལ་རྣམ་གྲངས་ཀྱང་མང་བོ་འདུག སློབ་གཙོ་གཡོན་གཞིས་ཡུལ་ལྷ།  སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ། དཀར་མོ་ཡེ་ཤེས་གསུམ་གྱིས་དཔྱད་འདེམ་བྱས། སྤྱིར་དུས་རབས་བདུན་པའི་དུས་དཀྱིལ་ལ་ཉེ་བའི་སྐབས་ནས་བཟུང་བོད་མི་རིགས་འདི་ཉིད་ཆོས་སྲིད་རིག་གནས། སྟོབས་འབྱོར་མངའ་ཐང་སོགས་འཕེལ་རྒྱས་བླ་མེད་བྱུང་ཡང་། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ནས་བོད་མི་རིགས་ཀྱི་སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་མང་བོ་ཞིག་ནས་དབང་མེད་དུ་འགྱུར་བས། ཕལ་ཆེར་སྲོག་གི་དབང་བོས་མ་བཟུང་བའི་བེམ་གཟུགས་ཤིག་གི་ཉེན་ཁར་གཏུགས། དཔལ་འབྱོར་འཕེལ་རྒྱས་དང་ཐོན་སྐྱེད་ནུས་ཤུགས་ཀྱི་འགྱུར་ལྡོག་སོགས་ཀྱི་དབང་གིས་ད་ལྟ་འཛམ་གླིང་སྤྱི་ལ་བལྟས་ན། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་། འབྱོར་འབྲིང་རྒྱལ་ཁབ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སོགས་ཚད་མི་འདྲ་བའི་སྒོ་ནས་གནས་ཡོད་པ་མིག་མཐོང་ལག་ཟིན་ཡིན། དེ་བཞིན་ཏུ་ང་ཚོར་མཚོན་ན་ཡང་འོད་སྟོང་འཕྲོ་བའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་རིག་གནས་བྱུང་འཕེལ་གྱི་ལོ་རྒྱུས་སོགས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོ་གནོངས་མི་དགོས་པ་ཞིག་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ལས་ར་སྤྲོད་བྱས་ཡོད་པ་སུས་ཀྱང་ཤེས་གསལ་ཡིན། ཚན་རིག་ལག་རྩལ་གྱི་ནུས་ཤུགས་གཙོ་བོ་ཡིན་པའི་དུས་སྐབས་འདིར་ང་ཚོ་ལ་མཚོན་ན་སྲིད་འབྱོར་རིག་གསུམ། སློབ་གསོ་སོགས་ཕྱོགས་གང་ཐད་ནས་ཕ་ཤུལ་བུ་ཡིས་མ་ཟིན་པའི་གནས་ཚུལ་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད། བློ་མཐུན་སི་ཏ་ལེན་གྱིས་斯大林<<མི་རིགས་ཤིག་བརླག་ན་ཐོག་མར་དེའི་སྐད་དང་ཡི་གེ་བརླག་དགོས། ཞེས་གསུངས་པ་འདི་ཡང་དངོས་པོའི་ཆོས་ཉིད་ཇི་བཞིན་སྔོག་འདོན་ནུས་པའི་གཏན་ཚིགས་ཤིག་ཡིན་པ་ང་ཚོས་ཀྱང་ངོ་ཤེས་དགོས། བྱ་འགུལ་འདིའི་སྟེང་ནས་ཀྱང་རང་གི་རིག་གནས། རང་གི་སྐད་དང་ཡི་གེ་འཚོལ་ཞིབ་ལས་དགེ་སློབ་ཡོངས་ལ་བློ་སྐྱེད་མི་དམན་པ་བྱིན། མཇུག་མཐར་སློབ་གཙོ་ལགས་ཀྱིས་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་དཀར་བའི་དགེ་རྒན་ཚེ་རིང་རྒྱ་མཚོ་དང་<<ཕ་སྐད་གསོང་བརྗོད་འཛིན་གྲྭ་>>གཉིས་ཀྱི་གཅིག་མཐུན་གྱི་བསམ་བློ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཏེ་བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་དགའ་རྟགས་གནང་། དཔྱད་འདེམ་པ་སོག་རུས་འབྲུག་འབུམ་རྒྱལ་དང་དཀར་མོ་ཡེ་ཤེས་གཉིས་ཀྱིས་ཕ་སྐད་དང་འབྲེལ་བའི་གཏམ་བཤད་དེ། ཕ་སྐད་གཙང་མའི་རླུང་རྟ་དར་ཞིང་སྐད་དང་ཡི་གེའི་འཕྲིན་ལས་རྒྱས་ཏེ་འཛམ་གླིང་ཤར་ནུབ་ཀུན་ལ་ཡང་ཡང་གྲགས་པའི་སྨོན་འདུན་བཅས་མཇུག་བསྡུས།

སློབ་བུ་ཚོགས་པའི་གཙོ་འགན་པ་གཡང་དཀར་གྱིས་བྱ་འགུལ་གྱི་དམིགས་ཡུལ་འགྲེལ་བརྗོད་བྱེད་པ།

འཛིན་དཔོན་དཔལ་ལྡན་ལྷ་མོས་བྱ་འགུལ་གཙོ་སྒྲུབ་བྱེད་པ།


མདོ་འཛིན་ལོ་བརྒྱ་སྐྱིད་དང་དབང་ཆེན་སྒྲོལ་མ།

འཛིན་བདག་ཚེ་རིང་རྒྱ་མཚོ་སོགས་ཀྱིས་གྲ་སྒྲིག་བྱེད་པ།

ཐེངས་འདིའི་དཔྱད་འདེམ་པའི་དཔུང་སྡེ།

བྱ་དགའ་ཐོབ་པའི་འཛིན་གྲྭ་དག་གི་འཐུས་ཚབ་པ།

ཁམས་སངས་སླད་རིག་རྩལ་ལ་རོལ་བ།

ཚོགས་རའི་ཟུར་ཞིག

བྱ་འགུལ་གྱི་གཙོ་འགན་པ་དག

ཕ་སྐད་གསོང་བརྗོད་འཛིན་གྲྭའམ་དམའ་གཉིས་དང་བོ་དང་དགེ་རྒན་ཚོའི་ལྷན་པར།

གསར་འགྱུར་མཁོ་སྤྲོད་པ། དཀར་མོ་ཡེ་ཤེས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541478
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།