ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།
ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-23ལྟ་ཀློག (7309)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།

    2016་ལོའི་སྤྱི་ཟླ་11་ཚེས་24 ཉིན་ཡུལ་ཤུལ་ཁུལ་ཕ་མའི་བཀའ་དྲིན་རྗེས་དྲན་ཚགས་པས་གཙོ་སྒྲུབ་འོག་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་བཞེངས་པའི་ཞལ་ཐང་སངས་རྒྱས་བཅོམ་ལྡན་འདས་མ་ཡུམ་གྱི་ཆེད་དུ་ལྷ་ཡུལ་ལ་ཕེབས་ཚུལ་དང་།  པན་ཆེན་སྨྲི་ཏི་ཛྙ་ན་བོད་ཡུལ་ལ་ཕེབས་ནས་མ་ཡུམ་གྱི་ཆེད་དུ་འོ་རྒྱལ་གནང་ཚུལ།  རྗེ་རིན་པོ་ཆེའི་མ་ཡུམ་གྱིས་འཕྲིན་ཡིག་སྐུར་ཚུལ་སོགས་པར་དང་རི་མོ་སྣ་ཚོགས་འགྲེམ་བསྟོན་བྱས་པ་དང་།  རྗེ་ཀརྨ་པས་བརྩམས་པའི་མའི་དྲིན་ལན་བཤགས་མདོ་དང་།  བོད་ཀྱི་སློབ་གསོ་བ་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུངས་པའི་བསླབ་བྱ་ལེགས་བཤད་གསེར་དངུལ་གྱིས་བྲིས་པ་སོགས་ཡིག་རིས་སྒྱུ་རྩལ་སོགས་ཀྱང་འགྲེམས་སྟོན་བྱས་ཤིང་།  ལྷ་བབས་དུས་ཆེན་གྱི་ཉིན་མོ་ནས་བཟུང་ཉིན་ལྔའི་རིང་ལ་མང་ཚོགས་སྒྱུ་རྩལ་ཁང་གྲོང་ཁྱེར་སློབ་ཆུང་དང་པོ་སྒོ་ཐད་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་་རིན་མེད་སྒོས་བཤམ་བསྟོན་བྱས་ཏེ་རྒྱ་ཆེའི་གཟིགས་མོ་བ་དག་གི་སྤྱན་ལམ་དུ་བསྟར་བར་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

གཙོ་སྒྲུབ་པ་འཇམ་དབྱང་ཡོན་ཏན་གྱིས་གསུང་གླེང་གནང་བཞིན་པ།

འགྲེམས་སྟོན་ཁང་དུ་བཤམས་པའི་ཡིག་གཟུགས་སྣ་ཚོགས།

ཕ་མའི་བཀའ་དྲིན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ལ་གཟིགས་པ།

ཞལ་ཐང་ལ་གཟིགས་བཞིན་པའི་ཨ་མ་རྒན་མོ།

སངས་རྒྱས་ཀྱི་འཁྲུངས་རབས་དང་འབྲེལ་བའི་ཞལ་ཐང་།

སློབ་བུ་རྣམས་ལ་རི་མོ་ངོ་སྤྲོད་གནང་བཞིན་པ།

མཉམ་པར།

    སྟོན་པ་ལྷ་ལས་བབ་པའི་ཉིན་མོར་ཡུལ་ཤུལ་ཁུལ་ཟློས་གར་ཁང་དུ་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་དགོང་ཚོགས་བསྡུས་ཤིང་། ཚོགས་ཐོག་ཏུ་ཁུལ་རིག་གནས་ཅུས་ཀྱི་དབུ་འཁྲིད་དང་།  ཁུལ་དམང་སྲིད་ཅུས་ཀྱི་དབུ་ཁྲིད།  ཁུལ་གླུ་གར་ཁང་།  གཞན་ཡང་གླུ་བ་༦།  གླུ་མ་༢།  སྙན་ངག་གྱེར་མཁན་༦ ། ཞབས་བྲོ་༥།    གར་ཆུང་༡།  འབེལ་གཏམ་༡།  བཅས་ཀྱི་རྒྱབ་སྐྱོར་འོག་ཕ་མའི་བཀའ་དྲིན་རྗེས་དྲན་གྱི་༢༠༡༦ལོའི་ཆེད་ཚོགས་དེ་ཕ་ཡུལ་གྱི་མི་གཅིག་སྟོང་ལྷག་ལ་ཕ་སྐད་གཙང་མའི་ལམ་ནས་རིན་མེད་དུ་འབུལ་རྒྱུ་གོ་སྐབས་བྱུང་བས་ཕ་མའི་བཀའ་དྲིན་རྗེས་དྲན་ཚོགས་པས་བཀའ་དྲིན་སེམས་ནས་ཞུ། 

མཛད་སྒོ་དངོས་སུ་ཕྱེས་པ།

ཚོགས་རའི་ཡུལ་དངོས།

མཛད་སྒོའི་སྟེང་ཟློས་གར་འཁྲབ་བཞིན་པ།

མཛད་སྒོའི་སྟེང་ཕེབས་པའི་སྐུ་མགྲོན་གཙོ་བོར་ལེགས་སྐྱེས་འབུལ་བཞིན་པ།

སྐུ་མགྲོན་གཙོ་བོ་དག་གི་མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཡུལ་ཤུལ་ཁུལ་དུ་རི་མོ་དང་ཡིག་གཟུགས་སྣ་ཚོགས་འགྲེམས་སྟོན་བྱས་པ།   སྤེལ་མཁན།: གངས་འཁྱར་རམ་འགག་བྱམས་པ། སྤེལ་དུས:2016/12/3
མཁན་རིན་པོ་ཆེ་འཇམ་དབྱངས་ཡོན་ཏན་མཆོག་གིས་ལོ་ངོ་དུ་མའི་རིང་ལ་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱིས་མི་ཙམ་མ་ཡིན་པར་འགྲོ་བ་ཡོད་དོ་ཅོག་ལ་ཕན་པའི་བསམ་པ་འབའ་ཞིག་གིས་ཕ་མའི་བཀའ་དྲིན་རྗེས་དྲན་ཚོགས་པ་འདི་བཙུགས་ནས་སྤྱི་ཕན་གྱིས་ནད་པ་ཉམ་ཐག་དང་མགོན་མེད་སྲོག་ཆགས་དག་ལ་རོགས་རམ་དང་རྒྱབ་སྐྱོར་གནོང་དང་གནང་མུས་སུ་ཡོད་པ་དང་། མ་ཚད་སློབ་གསོ་ལ་གཞི་བཅོལ་ནས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལའང་གང་ལ་གང་འཚམ་གྱིས་ཕྱག་ལས་གནང་བ་དང་། དེ་དག་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་དུ་ཁྱབ་སྤེལ་གནང་ནས་མིའི་སེམས་ཁམས་ལ་བག་ཆགས་འཇོག་ཏུ་བཅུག་པ་སོགས་མདོར་ན་གཞན་ཕན་གྱི་བྱ་བ་འབའ་ཞིག་ལ་གཉེར་བཞིན་ཡོད་པའི་ཚོགས་པ་འདིའི་ཕྱི་ནང་གསང་གསུམ་གྱི་ཕྱག་ལས་གནང་བའི་གཙོ་སྒྲིག་པ་མཁན་རིན་པོ་མཆོག་གིས་གཙོས་པའི་ལས་སྒྲུབ་མི་སྣ་ཡོངས་ལ་གུས་པས་སྙིང་དབུས་ནས་རྗེས་སུ་ཡི་རང་དང་འབྲེལ་ཐུགས་རྗེ་ཆེ་ཞུ་བ་ཡིན།🙏🙏🙏སླད་མར་དོན་ལྡན་གྱི་ཕྱག་ལས་གནང་བའི་ཚོགས་པ་འདི་མི་ནུབ་རྒྱལ་མཚན་ལྟར་བརྟན་བརླིང་ཡོང་བའི་སྨོན་འདུན་ཞུ།🙏🙏🙏🌄
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533091
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།