སྲིད་པ་ཆགས་གླུ་དང་བ་ཆུང་བཤའ་གླུ།
སྲིད་པ་ཆགས་གླུ་ནི་འདི་ལྟར།
དང་མ་སྲིད་པ་ཆགས་དུས་གི། །
གནམ་ས་གཉིས་ཀ་འདྲེས་བསྡད་ཡོད།།
གནམ་ས་ཕྱེ་ནོ(མཁན)སུ་ཡིན་ཤོད།།
དང་མ་སྲིད་པ་ཆགས་དུས་གི །
ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད།།ཉི
ན་སྲིབ་ཕྱེ་ནོ་སུ་ཡིན་ཤོད།།
ཅེས་པའི་ལན་དུ།
དང་མ་སྲིད་པ་ཆགས་དུས་གི །
གནམ་ས་གཉིས་ཀ་འདྲེས་བསྡད་ཡོད།
གནམ་ས་ཕྱེ་ནོ་ཁྱུང་ཆེན་རེད། །
དང་མ་སྲིད་པ་ཆགས་དུས་གི །
ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད།
ཉིན་སྲིབ་ཕྱེ་ནོ་ཉི་མ་རེད།།
སྲིད་པའི་བ་ཆུང་བཤའ་གླུ་རུ།
སྲིད་པའི་བ་ཆུང་བཤའ་དུས་གི །
བ་མགོ་བླངས་ནས་གང་ལ་བཞག།
མ་ཤེས་གླུ་བར་དྲིས་ནི་ཡིན། །
སྲིད་པའི་བ་ཆུང་བཤའ་དུས་གི །བ
་རྔ་བླངས་ནས་གང་ལ་བཞག།
མ་ཤེས་གླུ་བར་དྲིས་ནི་ཡིན།།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཀོ་བླངས་ནས་གང་ལ་བཞག།
མ་ཤེས་གླུ་བར་དྲིས་ནི་ཡིན།
ཞེས་པའི་ལན་དུ།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་མགོ་བླངས་ནས་ཐོད་ལ་བཞག།
ཐོད་འབུར་འབུར་ཡིན་ནོ་གན་(དེ)གིས་རེད།།
སྲིད་པའི་བ་ཆུང་བཤའ་དུས་གི།།
བ་རྔ་བླངས་ནས་ལམ་ལ་བཞག།
ལམ་འཁྱོག་ཆ་ཆེ་ནོ་གན་གིས་རེད།།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཀོ་བླངས་ནས་ཐང་ལ་གཏིང་།།ཐ
ང་བདེ་བདེ་ཡིན་ནོ་གན་གིས་རེད།།
ཅེས་དང་།ཡང་།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཤ་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་སུ་ཞིག་རེད།
མ་ཤེས་གླུ་བར་དྲིས་ནི་ཡིན།།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཚིལ་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་སུ་ཞིག་རེད།།
མ་ཤེས་གླུ་བར་དྲིས་ནི་ཡིན།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཁྲག་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་སུ་ཞིག་རེད།།
མ་ཤེས་གླུ་བར་དྲིས་ནི་ཡིན།
ཞེས་པའི་ལན་དུ།
སྲིད་པའི་བ་ཆུང་བཤའ་དུས་གི །
བ་ཤ་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་བྱ་ཕོ་རེད།།
རྐུ་མ་ཤེས་བྱ་ཕོའི་མགོ་ན་ཡོད།།
སྲིད་པའི་བ་ཆུང་བཤའ་དུས་གི།
བ་ཚིལ་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་སྐྱ་ག་རེད།།
རྐུ་མ་ཤེས་སྐྱ་གའི་ཕོ་ན་ཡོད།།
སྲིད་པའི་བ་ཆུང་བཤའ་དུས་གི།།
བ་ཁྲག་དྲི་ཞིག་བོར་སོང་ཟིག།
རྐུ་གི་རྐུན་མ་ལྕུང་ག་རེད།།
རྐུ་མ་ཤེས་ལྕུང་གའི་མཆུ་ན་ཡོད།།
བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་ལས་གསར་འགོད་པ་སེར་སྐོར་འཇམ་ཚེས་བཤུས།
|