བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།
བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-05ལྟ་ཀློག (5377)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།

   མདོར་ན་ཚང་མའི་བསམ་བློའི་ཁ་ཕྱོགས་གཅིག་ཏུ་འཁོར་བ་དང་ནུས་པ་གང་ཡོད་རྩལ་དུ་སྤྲུགས་ན་ལེགས་འགྲུབ་མི་འབྱུང་བའི་གནས་མེད།   ཁྱེད་ཚོའི་རྩ་འཛུགས་འདི་ཚུགས་པ་དང་ཁྱེད་ཚོས་སྒྲུབ་བཞིན་པའི་བྱ་བ་འདི་དག་མཐོང་ནས་ང་རང་དགའ་བ་འབུམ་གྱིས་ཁེངས་ཡོད།  རྒྱུ་མཚན་ནི་སློབ་གྲྭ་འདི་མི་རེ་འགའ་དང་རྩ་འཛུགས་གང་ཡང་རུང་བ་ལ་སྤྲད་པ་མ་ཡིན་པར་རང་གི་སློབ་མིའི་ཚོགས་པ་སྟེ་ཐོན་མིའི་སློབ་ཚོགས་ལ་སྤྲད་པས་སོ།།     ཞེས་༢༠༡༦ལོའི་ཟླ༢ཚེས༡ཉིན་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གིས། 

བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས།    ༢༠༡༦  ༡༡   ༤ཉིན།



     2016ལོའི་སྤྱི་ཟླ་༡༡པའི་ཚེས་༤ཉིན་གྱི་སྔ་དྲོའི་ཉི་ཤར་དང་ལྷན་དུ་«བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་» ཁང་གི་སྒོ་འབྱེད་མཛད་སྒོ་དངོས་སུ་བསྡུས།  ཐོག་མར་གྲྭ་བཙུན་ཐར་འདོད་རྒྱ་མཚོ་གཙོས་དགེ་འདུན་པ་དག་གིས་བཀྲ་ཤིས་བརྩེགས་པ་དང་གཡང་འབོད་གསུངས་ཏེ་རབ་གནས་བྱས་ཤིང་།  ཕྱི་དྲོར་གཙོ་འགན་གཞོན་པ་དྲུང་ཡིག་འཇམ་དབྱངས་བཀྲ་ཤིས་དང་རྒྱུན་ལས་འགན་འཛིན་པ་འཕྲིན་ལས་དར་རྒྱས་གཉིས་ཀྱི་སྣེ་ཁྲིད་འོག་གེ་སར་ཚོང་ཁྲོམ་ཆེན་མོ་རུ་གསོལ་སྟོན་བཤམས་ཏེ་གྲོས་མོལ་ཚོགས་འདུ་བསྡུས།   ཚོགས་ཐོག་ཏུ་སློབ་གྲོགས་རེ་རེའི་བསམ་ཚུལ་བཏོན་ཞིང་མ་འོངས་པའི་འཆར་གཞི་སྣ་ཚོགས་ཀྱི་ལས་གཞི་གཏན་འཁེལ་བྱས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་ལེགས་སྐྱེས་གནང་བ།

ལས་སྒྲུབ་ཁང་དུ་ཕྱག་ལས་གནང་བཞིན་པ།

    རྒྱལ་ཁབ་ཀྱི་ཁྲིམས་མཐུན་རང་བཞིན་གྱི་ཆོག་མཆན་ཐོབ་པའི་དཔར་ཁང་འདི་ནི་ས་གནས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་དང་བསྟུན་ཏེ་ཞབས་ཕྱི་གང་ལེགས་ཤིག་གི་ཆེད་དུ་བསྒྲུབས་པ་ཞིག་ཡིན་ལ།  ཞབས་ཕྱིའི་རྣམ་གྲངས་ནི། དགོན་སྡེ་དང་སློབ་གྲྭ་མཚམས་སྦྱོར། མི་སྣ་གྲགས་ཅན་མཚམས་སྦྱོར་དང་ས་གནས་ངོ་སྤྲོད་འབྲི་བ། བརྡ་སྦྱོར་ཀློག་འདོན། སྙན་ངག་གྱེར་འདོན།  མདོ་འཛིན་པའི་གཏམ། ཤིས་ཚིག་སྣ་ཚོགས་དང་གཞས་ཚིག་སོགས་འབྲི་བ།  གཞན་ཡང་དུས་དེབ་དང་ཚགས་པར་སྣ་ཚོགས། པར་ལེན་དང་བརྙན་ལེན།  DVD CDསྒྲ་བརྙན་ཕབ་སྐྲུན། དཔེ་དེབ་ཀྱི་ཕྱི་ཤོག་ཇུས་འགོད་དང་པར་གཞི་སྒྲིག་བཟོ། ཡིག་གཏག་དང་ཞུ་དག ཆོས་དཔེ་སྒྲིག་བཟོ་དང་བསྐྱར་དཔར།  ཐང་ག  ཆོས་དར། རླུང་རྟ། ཁ་བཏགས། འཕྲེད་དར།  ལེགས་སྐྱེས་ཁུག་མ། འབྲི་དེབ། ཟིན་བྲིས་དེབ། ཁ་པར་དེབ། འབྱོར་འཛིན་དེབ། གསེར་བྱང་། ཆུ་ཤེལ་གྱི་རྟགས་མ། གསེར་དངུལ་གྱི་རྟགས་མ། ལོ་ཐོ།  དཀར་ཡོལ།  ཇ་ཕོར། ལག་ཁུག་དང་རྒྱབ་ཁུག  འགྱིག་ཁུག ཤོག་སྒམ།  ཆར་གདུགས། རླུང་གཡབ།  བྱ་དགའ་དང་དཔང་ཡིག་སྣ་ཚོགས། མགྲོན་ཤོག་སྣ་ཚོགས། ཚོང་རྟགས་ཇུས་འགོད་སོགས་ལས་གཞི་སྣ་ཚོགས་ལས་གཉེར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་ལྟར་སྒྲུབ་བཞིན་ཡོད་དོ།།

མཚོ་ལྷོ་ཁུལ་བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་ཀྱི་དྲུང་ཡིག་པ་འོད་ཟེར་ལྗང་གུས་ཚོགས་ཐོག་ཏུ་ཡི་གེར་ཕབས།

འཇིགས་མེད་མཉམ་བསྐྱོད་སློབ་གྲོགས་རྣམས་ཀྱིས་ལས་གཞིའི་ཐད་གྲོས་ཀ་གནང་བཞིན་པ།

མ་འོངས་པའི་ཁ་ཕྱོགས་ཐད་བགྲོ་གླེང་གནང་བཞིན་པ།


    མཚོ་ལྷོ་ཁུལ་བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་ཀྱི་མཉམ་པར།


བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་འབྲེལ་གཏུག་ས་གནས།

བྲག་དཀར་རྫོང་བྱང་ལམ་ཆེན་མོའི་ཉོ་ཚོང་སྲང་ལམ།   ཐོག་ཁང་ཉེར་དྲུག་གི་སྒོ་རྟགས་བརྒྱད་པ།兴海县城关北大街商贸新街(华盛小区)26-8

འབྲེལ་གཏུག་བྱ་ཡུལ། ཁ་པར། 13119746017      13619757520

         

གསར་འགྱུར་མཁོ་སྤྲོད་པ། འོད་ཟེར་ལྗང་ཁུ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2016/11/5
རྒྱབ་སྐྱོར་གནང་མཁན་ཚང་མ་བཀའ་དྲིན་ཆེ།
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: གངས་ཀླུ་སྲས། སྤེལ་དུས:2016/11/5
མཐུན་སྒྲིལ་གྱི་རྡོག་རྩ་བརྟན་པོ་ཞིག་ཡོད་ན། མདུན་སྐྱོད་ལ་ནམ་ཡང་རྒྱལ་ཁ་ཐོབ་ངེས།
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: བྱ་ཁུ་ལོ། སྤེལ་དུས:2016/11/5
བུ་རེ་བ་ཅན་འདི་ཚོར་རྗེས་སུ་ཡི་རང་ཡོད། ཤུགས་རྒྱོབས་དང་ཚང་མ་མི་ཡིན་པ་འདྲ་མཉམ་ཡིན་པས། མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྦྲེལ་ཤོག་དང། རྒྱལ་ཁ་ནི་ནམ་ཡང་མདུན་ཕྱོགས་ན་ཡོད་དོ།
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: 卓玛才让 སྤེལ་དུས:2016/11/5
相信你们 加油
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: རིག་སྙེ། སྤེལ་དུས:2016/11/5
ཐོག་མར་«བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་»ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། ཁྱེད་ཅག་གིས་དུས་རབས་ཀྱི་འགྲོས་དང་བསྟུན། སྤྱི་ཚོགས་ཀྱི་དགོས་མཁོར་དམིགས། རང་མི་རིགས་གནས་བབས་ལ་གཞིགས་ནས་ཡ་རབས་བཟང་པོའི་ཕྱོགས་ཀྱི་ལས་ཀ་འདི་འདྲ་གཉེར་བ་ནི་སྤྱིར་ན་བོད་ས་གནས་ཡོངས་དང་ཡང་སྒོས་སུ་བྲག་དཀར་རྫོང་གི་དགོན་པ་དང་སློབ་གྲྭ། ཡང་ན་གཞུང་སྒེར་གྱི་ཚོགས་པ་སོ་སོའམ་མི་སྣ་ག་གེ་མོར་རིག་གནས་ཀྱི་ཞབས་ཏོག་ལེགས་པོ་ཞིག་འགྲུབ་པ་སྨོས་མ་དགོས་པ་རེད། དེ་བས་ཁྱེད་ཅག་དང་ཁྱེད་ཅག་གི་ཕྱག་ལས་ལ་ཁོ་བོས་ཁ་ཙམ་མིན་སྙིང་ཁོང་རུས་པའི་གཏིང་ནས་ཡི་རང་དང་རྒྱབ་སྐྱོར་གྱི་མཐེ་བོང་ནམ་ཡང་གནམ་དུ་སྒྲེང་ནས་འདུག མཇུག་མཐར་ཁྱེད་རྣམ་པའི་ཕྱག་ལས་ཡར་ངོའི་ཟླ་བ་བཞིན་གོང་དུ་འཕེལ་བའི་སྨོན་ལམ་ལན་མང་འདེབས་སོ།།
  བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།   སྤེལ་མཁན།: བློ་བཟང་། སྤེལ་དུས:2016/11/5
བཀའ་དྲིན་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23532262
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།