ཅོག་ཙེ་རྒྱལ་པོ་ལ་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ཅོག་ཙེ་རྒྱལ་པོ་ལ་གནང་བ།
ཅོག་ཙེ་རྒྱལ་པོ་ལ་གནང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-11-05ལྟ་ཀློག (3295)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ཅོག་ཙེ་རྒྱལ་པོ་ལ་གནང་བ།   

       

ཀུན་མཁྱེན་འཇིགས་མེད་དབང་བོས་མཛད། 

ཨོཾ་སྭ་སྟི་སིངྷི། 

སྐུ་ནི་ཀཻ་ལ་ཤ་ལྟར་རབ་དཀར་འཛུམ་ཞལ་བདུད་རྩིའི་ཟེགས་མ་འཕྲོ། །

གསུང་ནི་ཚངས་པའི་དབྱངས་ལྟར་རབ་སྙན་བླང་དོར་མ་ལུས་གསལ་བར་སྟོན། །

ཐུགས་ནི་ནམ་མཁའི་མཐའ་ལྟར་རབ་ཡངས་མཁྱེན་དང་བརྩེ་བས་ཡོངས་སུ་གཏམས། །

རྒྱལ་བའི་ཡུམ་མཆོག་ཡིད་བཞིན་འཁོར་ལོས་དེང་འདིར་དགེ་ལེགས་ཆར་དུ་སྙིལ། །

སྔོན་བསགས་བསོད་ནམས་མཁྱེན་པའི་འདྲེན་བྱེད་རབ་ཡངས་སྟོབས་འབྱོར་དམར་སེར་རལ་བས་ཕྱུག །

དགེ་བཅུའི་ཁྲིམས་ཀྱི་གད་རྒྱངས་དྲག་པོས་གཞན་སྡེའི་རི་དྭགས་འདར་བྱེད་པ། །

མཐོན་པོའི་རིགས་འཁྲུངས་མི་ཡི་སེང་གེ་ནོར་འཛིན་ཆོས་བཞིན་སྐྱོང་བའི་དྲུང་། །

ཐུབ་བསྟན་ཆུ་སྐྱེས་ལྡིང་ཁང་དུ། །

རོལ་རྩེད་བགྱིད་པའི་རྐང་དྲུག་པ། །

རྨད་བྱུང་ཀུན་དགའི་སྦྲང་རྩི་ཡིས། །

མྱོས་གྱུར་ཞུ་མཆིད་དབྱངས་འདི་སྒྲོགས། །

གང་སྔོན་རྒྱ་ཆེན་སྨོན་ལམ་མཐུ་སྨིན་པས། །

ཐུབ་པའི་རིང་ལུགས་སྤྱི་དང་ཁྱད་པར་དུ། །

བློ་བཟང་རྒྱལ་བའི་བསྟན་ལ་ཆེར་གུས་པའི། །

ངང་ཚུལ་མཐོང་བས་བདག་ཡིད་ལྷག་པར་རངས། །

ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པ་ཡིས། །

རྒུད་པའི་མུན་པ་སེལ་ཕྱིར་མཆོད་ཡོན་གཉིས། །

ཞལ་འཛོམ་དགའ་སྟོན་ཆུ་ཡི་ཟེགས་མ་ཙམ། །

འཐོར་འདིར་མཁྱེན་པའི་སྤྱན་རས་གཡོ་བར་འཚལ། །

རྟེན་མཚོན་པར་མཛོད་བཏགས། གོས་ཆེན་རྒྱན་བཞི་མ་དམར་གྱི་པགས་པ།  ཕྲུག་གཉིས། ཆེབས་ཆེན་གཅིག་བཅས་དགུན་ཚན་གཅིག་ཕུལ།

 མི་ཡི་ལུས་ནི་ཡིད་བཞིན་ནོར་བུ་ལྟར། །

ཤིན་ཏུ་རྙེད་དཀའ་དོན་ཆེན་དགོངས་ནས་ནི། །

སྙིང་པོ་བླང་ཆེད་རིན་ཆེན་དམ་པའི་ཆོས། །

རྟག་ཏུ་སྒྲུབ་པས་ངོམས་པ་མེད་པར་མཛོད། །

མཁའ་ཁྱབ་ལུས་ཅན་ཀུན་གྱི་ཕན་བདེ་ནི། །

ཐུབ་པའི་བསྟན་པ་མཆོག་ལ་རག་ལས་ཕྱིར། །

ཤཱཀྱའི་བསྟན་དང་དེ་འཛིན་ཚོགས་བཅས་པར། །

མི་ཕྱེད་གུས་པས་རྩེ་གཅིག་མཆོད་པར་མཛོད། །

སྲས་བཅས་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། །

མི་དབང་སྐུ་ཚེ་གངྒཱའི་རྒྱུན་ལྟར་རིང་། །

སྟོབས་འབྱོར་མངའ་ཐང་སྟོང་འཁུན་རྒྱལ་བོར་འགྲན། །

སྡེ་བཞིའི་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །

མཆོད་ཡོན་ལས་སྨོན་འབྲེལ་བའི་པདྨ་དཀར། །

དམ་ཚིག་ཉི་མའི་འོད་དང་འགྲོགས་པ་ལས། །

མཛའ་བཅུགས་འདབ་སྟོང་ལུ་གུ་བརྒྱུད་ཉིད་དུ། །

མངོན་པར་བཞད་པའི་ལེགས་ཚོགས་སྤྲོ་བར་ཞུ། །

འདི་ཅོག་ཙེ་རྒྱལ་པོ་ལ་གནང་བའོ། །ཀུན་མཁྱེན་འཇིགས་མེད་དབང་བོའི་ཆབ་ཤོག་ཕྱོགས་བསྒྲིགས་ལས་བཤུས། 

རྩོམ་ཡིག་མཁོ་སྤྲོད་པ། རང་རེའི་དྲ་བའི་གསར་འགོད་པ་སེང་དཀར་ལགས་ཡིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499415
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།