གྲོགས་ཀྱི་རྒྱབ་ཁུག་ཏུ་བསྡད་དེ་ཡོ་རོབ་ཡོངས་ལ་ལྗོངས་རྒྱུ་བྱེད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 10 ཚེས 24 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »གྲོགས་ཀྱི་རྒྱབ་ཁུག་ཏུ་བསྡད་དེ་ཡོ་རོབ་ཡོངས་ལ་ལྗོངས་རྒྱུ་བྱེད་
གྲོགས་ཀྱི་རྒྱབ་ཁུག་ཏུ་བསྡད་དེ་ཡོ་རོབ་ཡོངས་ལ་ལྗོངས་རྒྱུ་བྱེད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-03ལྟ་ཀློག (1778)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲོགས་ཀྱི་རྒྱབ་ཁུག་ཏུ་བསྡད་དེ་ཡོ་རོབ་ཡོངས་ལ་ལྗོངས་རྒྱུ་བྱེད་པ།
        2016-03-21    15:53:16

     གཏམ་རྒྱུད་འདིའི་བརྗོད་བྱ་གཙོ་བོའི་མི་སྣའིི་མིང་ལKevan Chandlerཟེར་བ་དང་གཟུགས་པོའི་ལྗིད་ཚད་ལ་སྤྱི་རྒྱ་30ཙམ་ལས་མེད། དེ་ནི་ཁོ་རང་ལ་སྒལ་ཀླད་རང་བཞིན་གྱི་ཤ་གནད་ཉམས་པའི་ནད་(脊髓性肌肉萎缩症)བྱུང་ཡོད་པའི་རྐྱེན་གྱིས་ཡིན་ལ། རྐང་བ་ཟུང་རྩ་བ་ནས་འགུལ་སྐྱོད་བྱེད་མི་ཐུབ་པ་དང་ལག་པ་ཟུང་ཡང་ཁྱབ་ཁོངས་ཆུང་ཆུང་ཞིག་ནས་མ་གཏོགས་འགུལ་སྐྱོད་བྱེད་མི་ཐུབ།

   ཡིན་ནའངKevanནི་སྤྲོ་སེམས་རབ་ཏུ་འཁོལ་བའི་མི་ཞིག་ཡིན་པ་དང་དུས་རྒྱུན་དཔེ་དེབ་རྩོམ་བཞིན་ཡོད་པ་དང་གྲོགས་པོའང་མང་བོ་ཡོད་པར་མ་ཟད། ཚང་མ་ཡིད་རྟོན་བྱས་ཆོག་པ་ཤ་སྟག་ཡིན།

   གྲོགས་པོ་ཚོསKevanལ་མཐོང་ཆུང་གཏན་ནས་མི་བྱེད་པ་དང་དམིགས་བསལ་ལྡབ་འགྱུར་གྱིས་ཁོ་ལ་བདག་སྐྱོང་བྱེད་པ་ཡིན་ལ། ཐེངས་རེ་རེར་ལྷན་འཛོམས་བྱུང་དུས་སུ་ནམ་ཡང་ཁོ་རང་བརྗེད་མི་སྲིད་པ་དང་མཉམ་པར་སྒྲོན་དུས་སོགས་སུའང་ཁོ་རང་དེ་བས་ཀྱང་མེད་མི་རུང་བ་ཞིག་ཡིན།

   གལ་སྲིད་ཁང་བརྩེགས་ཀྱི་སྐས་དང་ཡང་ན་ཐེམ་སྐས་ཡོད་པའི་གནས་དག་ཏུ། གྲོགས་པོ་ཚོས་སྐད་ཆ་ཅི་ཡང་མི་བཤད་པརKevanཔང་དུ་བཟུང་ནས་ཡར་འགྲོ་བ་ཡིན།

     Kevanནི་ཕུགས་བསམ་ལྡན་པའི་མི་ཞིག་ཡིན་ཞིང་། ཉི་མ་རེ་རེར་འཁོར་ལྡན་རྐུབ་སྟེགས་སྟེང་སྡོད་དགོས་ཀྱང་ཁོ་རང་གི་ཉེན་མཆོང་བྱེད་འདོད་པའི་སྙིང་སྟོབས་ལ་ཡེ་ནས་ཉམས་པ་མེད། ལོ3གྱི་སྔོན་ལ། གྲོགས་པོ་ཚོས་ས་འོག་སྦུག་ལམ་གྱི་གསང་བར་མྱུལ་ཞིབ་བྱེད་དུ་སྐྱོད་པར་གྲོས་མོལ་བྱས། Kevanགྱིས་དེ་ཐོས་རྗེས་ཡིད་སྨོན་ཚད་མེད་སྐྱེས་པ་དང་གྲོགས་པོ་ཚོར་རང་ཉིད་ཀྱང་འགྲོ་འདོད་ཡོད་པ་བཤད། ས་འོག་སྦུག་ལམ་ནི་གཟུགས་པོ་བདེ་ཐང་ཡིན་པའི་མི་འགྲོ་དགོས་ནའང་ཅུང་དཀའ་ཁག་ཆེ་བས། Kevanལ་མཚོན་ན་དེ་ནི་ཆེས་དཀའ་ཁག་ཆེ་བ་ཞིག་ཡིན་པ་སྨོས་ཅི་དགོས་ཏེ། འཁོར་ལྡན་རྐུབ་སྟེགས་བཀོལ་ནས་མྱུལ་དཔྱད་བྱེད་ཐབས་ཀྱང་ག་ལ་ཡོད་ཨང་། ཡིན་ནའང་གྲོགས་པོ་ཚོས་ནམ་ཡངKevanལ་རེ་ཐག་ཆད་དུ་འཇུག་མི་སྲིད་དེ། ཁོ་ཚོས་འཕྲལ་དུ་རྒྱབ་ཁུག་ཅིག་བཙལ་ནས་དེ་ལ་ཁུང་བུ་འགའ་བརྟོལ་ཞིང་རྒྱུ་སྤུས་ཤིན་ཏུ་ལེགས་པའི་རས་མཐུག་པོས་ལྷན་པ་གཡོགས་རྗེས། Kevanདེའི་ནང་སྡོད་དུ་བཅུག་ནས་སྤྱིན་ཤོག་དང་ཀོ་ཐིག  རས་ཐིག་སོགས་ཀྱིསKevanརྒྱབ་ཁུག་ནང་བརྟན་པོར་བཅིངས་པ་རེད།

      གྲོགས་པོ་ཚོས་བཤད་དོན། "ང་ཚོ་ས་འོག་སྦུག་ལམ་དུ་འཛུལ་དུས། ནང་དུ་ཤིན་ཏུ་བརླན་གཤེར་ཆེ་ཞིང་དྲི་ངན་གྱིས་ཁྱབ་ནས་ཡོད་ལ། མཐོང་ལ་མི་མཐོང་བའི་ཙི་གུ་སོགས་ཀྱིས་ཀུན་ནས་ཁེངས་ཡོད་པས་སྐབས་རེར་ཧ་ཅང་ཞེ་མེར་ལངས་པ་ཞིག་རེད། མཐར་ང་ཚོས་ས་འོག་སྦུག་ལམ་གྱི་མ་ལག་གསུམ་བརྒྱུད་ཐུབ་སོང་བ་དང་། དཀའ་སྡུག་ཤིན་ཏུ་ཆེ་ནའང་མྱུལ་དཔྱད་འདིའི་གོ་རིམ་ནི་ཧ་ཅང་མི་ལ་སེམས་འགུལ་ཐེབས་པ་ཞིག་རེད།" དེ་ཡང་ཆེས་དཀའ་ལས་ཆེ་ཤོས་ནིKevanགྱི་གྲོགས་པོ་བཞི་རེད། ཁོ་ཚོས་ཕྱོགས་གཅིག་ནས་ཤིན་ཏུ་དོག་ཅིང་མུན་ནག་ཡིན་པའི་སྦུག་ལམ་ནང་ནས་མདུན་སྐྱོད་ཀྱི་ལམ་བུ་བཙལ་ཞིང་། ཕྱོགས་གཅིག་ནས་ཁོ་ཚོས་རེས་མོས་བཞིན་Kevanརྒྱབ་ཏུ་ཁུར་བ་རེད། དེ་འདྲ་ཡིན་ནའང་མཐར་ཚང་མ་སྤྲོ་དགའ་འབུམ་གྱིས་མྱོས་པ་ཡོད་དེ། ཁོ་ཚོསKevanལ་རོགས་རམ་བྱས་ཏེ་ཁོ་རང་གི་རེ་བའི་རྨི་ལམ་མངོན་འགྱུར་བྱེད་ཐུབ་སོང་བར་སེམས་གཏིང་ནས་དགའ་ཡོད།

    ཐེངས་དེ་ནས་བཟུང་། Kevanནི་རིམ་གྱིས་"རྒྱབ་ཁུག་ནང་གི་སྐུ་མགྲོན་"དུ་གྱུར་བ་རེད། གནས་གང་ཞིག་ཏུ་འགྲོ་དགོས་ཀྱང་། འཁོར་ལྡན་རྐུབ་སྟེགས་བགྲོད་མི་ཐུབ་པའི་གནས་ཤིག་ཡིན་ཚེ། ཁོ་རང་གྲོགས་པོ་དག་གི་རྒྱབ་ཁུག་ནང་བསྡད་དེ་འགྲོ་བཞིན་ཡོད། གྲོགས་མཆོག་དག་ཀྱང་ཁོ་རང་རྒྱབ་ཏུ་ཁུར་ནས་གང་སར་སྤྲོ་འཆམ་ལ་འགྲོ་བར་ཤིན་ཏུ་དགའ། རིམ་གྱིས། གྲོགས་པོ་དག་གིས་དེ་བས་ཀྱང་རྒྱ་ཆེ་བའི་འཆར་གཞི་ཞིག་བཟོས་པ་ནི། ཁོ་ཚོསKevanརྒྱབ་ཏུ་ཁུར་ནས་ཡོ་རོབ་གླིང་ཡོངས་ལ་ཡུལ་སྐོར་འགྲུལ་བཞུད་བྱེད་འདོད་པའི་ཁོ་རང་གི་སེམས་འདུན་འགྲུབ་པར་རོགས་རམ་བྱེད་འདོད་པ་དེ་རེད།

    ནམ་ཡངKevanགྱིས་སེམས་སུ་ཉར་ནས་བསྡད་ཡོད་པ་ནི་ཡོ་རོབ་ཡོངས་ལ་ཡུལ་སྐོར་འགྲུལ་བཞུད་བྱེད་རྒྱུ་དེ་ཡིན། ཡིན་ནའང་གཟུགས་པོ་བདེ་ཐང་མིན་པའི་དབང་གིས་རེ་བའི་རྨི་ལམ་དེ་ཉིད་སེམས་ཀྱི་སྒྲོམ་དུ་འཇུག་པ་ལས་ཐབས་གཞན་གྱིས་དབེན། བསམ་ཡུལ་ལས་འདས་པ་ཞིག་ལ། རྨི་ལམ་དུ་སྦྲུམ་པའི་ཁོ་རང་གི་རེ་བ་དེ་གཞི་ནས་མངོན་འགྱུར་བྱེད་ཐུབ་སོང་། གྲོགས་པོ་ཚོས་གྲོས་མོལ་སྣ་ཚོགས་བྱས་རྗེས། མཐར་ཡུལ་སྐོར་འགྲུལ་བཞུད་ཀྱི་ལམ་ཐིག་གཏན་ལ་ཕབ་པ་རེད། དེ་ནི་Kevanའགྲོ་འདོད་ཡོད་པའི་ས་གནས་འབའ་ཞིག་ཡིན་ཏེ། འགྲུལ་བཞུད་ཀྱི་ཚིགས་མལ་དང་བོ་ནི། ཧྥ་རན་སིའིSamois Ser Sieneཡིན། རྒྱུ་མཚན་གནས་འདི་ནིKevanགྱིས་ཡིད་སྨོན་བྱེད་པའི་སྐད་གྲགས་ཅན་གྱི་རྩོམ་པ་བོDjango Reinhardt(ཧྥ་རན་སིའི་དབྱངས་རྩོམ་མཁན་ཞིག)ཞེས་པའི་ཕ་ཡུལ་ཡིན་པས་སོ།། ཚིགས་མལ་གཉིས་པ་ནི་ལུན་ཏུན་ཁིན་ཞིན་ཏོན་མེ་ཏོག་ལྡུམ་ར་ཡིན་ལ། གནས་འདི་ནི་Kevanཆེས་དགའ་སའི་རྩོམ་པ་བོJ.M. Barrieནས་བརྩམས་གནང་མཛད་པའི《皮特潘》ཞེས་པའི་རྟོག་འཆར་གྱི་འབྱུང་ཁུངས་ཡིན། ཚིགས་མལ་གསུམ་པ་ནི་ཨེ་ཨར་ལན་གྱི་ངོ་མཚར་བའི་གླིང་ཕྲནSkellig Michaelཡིན། གནས་དེ་རུ་དུས་རབས6པའི་སྐབས་ཀྱི་སྒོམ་སྒྲུབ་གླིང་ཞིག་སྲུང་སྐྱོབ་སྒོས་མ་ཉམས་པར་གནས་ཡོད། ཡིན་ནའང་སྒོམ་སྒྲུབ་གླིང་འདིར་འགྲོ་ན་སྐས་རིམ600བརྒྱུད་རྗེས་གཞི་ནས་སླེབས་ཐུབ། Kevanདང་ཁོའི་གྲོགས་པོ་ཚོར་མཚོན་ན་དེ་ནི་འགྲན་རྩོད་ཆེན་པོ་ཞིག་རེད། 

    ཁོ་ཚོ་ལོ་འདིའི་དབྱར་ཁ་འགྲོ་རྩིས་ཡོད་པ་དང་། ཉི་མ19རྗེས་སུ་གནས་དེ་གསུམ་པོར་འགྲོ་ཐུབ། རྒྱབ་ཁུག་ཀྱང་གྲ་སྒྲིག་ཨང་གསར་བྱས་ཡོད་ལ། ཐེངས་འདིའི་འགྲུལ་བཞུད་ནི་ཤིན་ཏུ་རིང་བས་རྒྱབ་ཁུག་སྔར་ལས་ཀྱང་བཟང་བོ་ཡིན་དགོས། Kevanགྱི་གྲོགས་པོ་ཞིག་གི་བཤད་དོན། གནས་མཆོག་དེ་གསུམ་ནི་ནམ་ཡངKevanགྱི་རེ་བའི་རྨི་ལམ་ཡིན། གལ་ཏེ་ང་ཚོས་ཁོ་ལ་རོགས་རམ་མ་བྱས་ན། གཅིག་བྱས་ན་ཁོས་མི་ཚེ་གང་བོར་མངོན་འགྱུར་བྱ་ཐབས་བྲལ།

   ནམ་ཉི་མ་ཞིག་ལ། ང་ཚོ་ཚང་མ་རྒས་ནས་འགྲོ་ཐབས་མེད་པས་གཞན་གྱི་རོགས་རམ་ལ་བརྟེན་དགོས། ད་ལྟ་ང་ཚོས་ཁོའི་རེ་བའི་རྨི་ལམ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་ཐུབ་ན། ཅིའི་ཕྱིར་རོགས་རམ་མི་བྱེད་དམ། འདི་ལྟ་བུའི་གྲོགས་པོ་ཡོད་ན་ནི། དངོས་གནས་མི་ཚེ་གང་བོར་འགྱོད་སེམས་རྩ་བ་ནས་མི་འདུག་ཟེར།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
8520341
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།