གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་འཁྲུངས་སྐར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་འཁྲུངས་སྐར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-29ལྟ་ཀློག (8737)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་འཁྲུངས་སྐར།

      གནས་ཕུན་སུམ་ཚོགས་པ་ལྷོ་རྒྱུད་འཛམ་བུ་གླིང་གི་ཞིང་ཁམས། བཀའ་གདམས་གླེགས་བམ་སོགས་སུ་ལུང་གིས་ཟིན་ཞིང་བསྔགས་པའི་ཡུལ་གྲུ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ལྗོངས། རྒྱལ་དབང་བློ་བཟང་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། ལ་མོ་ཡོངས་འཛིན་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མའི་བྱིན་གྱིས་རླབས་ཤིང་ཞབས་ཀྱིས་བཅགས་མྱོང་བའི་དམར་ཡག་ཀེ་ཐོ་རི་བོའི་འདབས་རོལ་ན་འོད་དུ་འཚེར་བའི་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དང་ལུས་རྩལ་འགྲན་སྡུར་མཉམ་དུ་སྤེལ། འདས་པའི་བགྲང་བྱ་བཅུའི་ཡ་སྔོན་ཏེ། སྨིག་སྤྲིན་གྱིས་ས་གཞི་གཡོགས་ཤིང་། གྲང་ལྷགས་ཀྱིས་རི་ཆུ་བཅུམས་པའི་ལོ་ཟླ་དེ་གར། གནས་འདི་ནི་གནག་ཕྱུགས་ཀྱི་འཕེལ་ཁ་སྐྱོང་བའི་འབྲོག་ས་བཟང་བོ་ཞིག་ལས། ད་ལྟ་བཞིན་མི་རིགས་ཀྱི་བླ་སྲོག་གསོ་བའི་སློབ་གསོའི་བསྟི་གནས་ཤིག་ག་ལ་ཡིན་ཏེ་མ་ཡིན་ནོ། །

     ཡིན་ནའང་། སློབ་དཔོན་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རང་དོན་རྩྭ་བཞིན་དོར་ཏེ་རྒུད་པའི་གནས་སུ་ལྷུང་བའི་མི་རིགས་འདིའི་བདེ་སྡུག་ལ་མནོ་བསམ་མང་དུ་བཏང་མཐར། སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་བགོས་ཏེ། འཇིག་རྟེན་གྱི་བྱེད་པོ་སྟེ། རླབས་ཆེན་གྱི་ཨ་མ་དག་གི་མི་ཚེའི་རིན་ཐང་ཐོག་མར་གླེང་ཞིང་། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པར་བརྗོད་པའི་བསམ་བློ་འདིས་སྣེ་དྲངས་ཏེ། གདོད་མའི་འབྲོག་ས་འདི་རུ་གཟི་འོད་འབར་བའི་བུ་མོའི་སློབ་གྲྭ་ཞིག་གསར་དུ་བསྐྲུན་པ་ནི། བོད་བཙན་པོའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཏུ་ཅི་ལ་མི་བགྲངས། འདིས་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་སུས་ཀྱང་བསྔོགས་འདོན་མ་ཐུབ་པའི་བསམ་བློའི་གཏེར་ཁ་ཞིག་གསར་དུ་རྙེད་པ་ཡིན་ལ། མིའི་རིགས་སྤྱི་ལ་གནས་པའི་སློབ་གསོའི་གནད་དོན་ཞིག་རྩད་གཅོད་ཐུབ་པ་བྱུང་བའང་ཡིན། རླབས་ཆེན་གྱི་བསམ་བློ་འདིས་ནི། རྟ་རྔ་བཞིན་ཉག་ཕྲ་ལ། རྒྱ་ཁབ་བཞིན་འཕྲང་དོག་པའི་མི་རིགས་སློབ་གསོའི་ལས་དོན་དེ་རྒྱ་ཆེ་ལ་ཁོད་ཡངས་པའི་བགྲོད་ལམ་གསར་བ་ཞིག་ཏུ་སྣེ་ཁྲིད་བྱས།
       སློབ་གྲྭ་འདི་འཛུགས་སྒྲུབ་གྱི་གོ་རིམ་ཁྲོད། སློབ་གླིང་འདིའི་ཐོག་མའི་དགེ་རྒན་བཀྲ་ཤིས་ཚེ་རིང་དང་དགེ་རྒན་འབྲུག་འབུམ་རྒྱལ་གཉིས་གཙོ་བྱས་པའི་དགེ་བཟོ་བ་ཡོངས་ཀྱིས་ཆུ་གློག་ལམ་གསུམ་གྱི་མཐུན་རྐྱེན་དབེན་པའི་གནས་བབས་འོག  དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་གཏོར་བའི་འབྲས་རྟགས་སུ། ཐོག་མའི་དགེ་སློབ་དགུ་བཅུ་ཙམ་ནས་ད་ལྟའི་དགེ་སློབ་དྲུག་བརྒྱ་ལྷག་ཏུ་འཕེལ་ཞིང་། གནའ་དེང་ཤེས་རིག་གི་བདུད་རྩི་ཆར་བཞིན་འཇོ་བས། ཤེས་སྤྱོད་གཉིས་ལྡན་གྱི་སློབ་བུ་གང་མང་ཞིག་ཆར་རྗེས་ཀྱི་ཤ་མོ་ལྟར་བྱུང་དང་འབྱུང་བཞིན་མཆིས།
ང་ཚོས་བོད་ཀྱི་སྐད་ཡིག་གི་མངའ་ཐང་སྲུང་བའི་དཔའ་མོ་ཚོའི་ཆོད་སེམས་དང་།  འདུན་མའི་འོད་སྣང་ལ་ཤུགས་ཀྱིས་བཅར་བའི་བོད་ཀྱི་བུ་མོ་ཚོའི་སྙིང་སྟོབས་གནས་འདི་ནས་མཐོང་བྱུང་། དེ་ལས་ཀྱང་བུད་མེད་ཀྱི་རླུང་རྟ་མཁའ་ལ་བསྒྲེངས་པའི་མཐོ་སྒང་གི་མཛངས་མ་ཚོའི་གླུ་སྒྲ་དེ་ཡང་གནས་འདི་ནས་ཐོས་བྱུང་། དེ་རིང་ཁྱོད་ཀྱིས་ལོ་ན་ཆུང་བའི་བོད་ཀྱི་སློབ་གྲྭ་ཞིག་གི་ལང་ཚོའི་ཞབས་རྗེས་མཐོང་བྱུང་། དུས་རབས་ཀྱི་འཕོ་འགྱུར་བར་ནས་ཡབ་མེས་ཚོའི་མཛད་རྗེས་ལ་གོད་ཆག་ལྷུང་དུས། རིགས་ཞེན་གྱི་ཐུགས་སྟོབས་ཡོངས་སུ་རྫོགས་པའི་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རླུང་ལ་ཙག་ཤ་འདྲེས་པའི་རི་ལུང་སྟེ་ཆུ་གློག་ཀྱང་མེད་པའི་རི་སུལ་འདི་རུ་སློབ་གྲྭ་འདི་བསྒྲུབས་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་ན། བྱེད་པོ་ཁོང་གི་ཐུགས་སྨོན་ལྟར་ལོ་རེ་རེར་རིག་པའི་དཔུང་ཁག་མང་བོ་ཞིག་སྐྱེད་བསྲིངས་བྱས་ཏེ། ད་ལྟའི་བར་ཏུ་འཛིན་གྲྭ་ཅི་ཙམ་ཞིག་མཐར་ཕྱིན་ཏེ་ང་ཚོའི་རྒྱབ་དཔུང་དུ་བསྩལ་བ་ཡིན།
      ད་སྐབས་བུད་མེད་ཀྱི་རླུང་རྟ་མཁའ་ལ་བསྒྲེངས་པའི་དཔུང་ཁག་ཅིག་ཡོད་པ་ནི་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྟེ་སློབ་གྲྭ་འདིའི་བྱེད་པོ་དམ་པ་ཁོང་དང་དགེ་རྒན་དག་གི་ཐུགས་ཀྱི་འོད་སྣང་ལས་ཤེས་རབ་ཀྱི་གཤོག་ཟུང་ཐོགས་ཤིང་། ལོ་ངོ་བཅུའི་དཀའ་སྡུག་གི་འཚོ་བའི་འཐབ་འཛིང་ཁྲོད་བློ་སྟོབས་རྒྱས་ཤིང་ལོ་ན་ཆུང་བའི་སློབ་གྲྭ་ཞིག་གི་གཟི་བྱིན་མ་ཡིན་ནམ། དེ་ནི་ང་ཚོའི་སྤོབས་པ་དང་གསོན་ཤུགས་སྙེམས་པའི་རྟོགས་སད་ཀྱི་གླུ་དབྱངས་ཡིན། དེ་ནི་ང་ཚོའི་ཡིད་ཆེས་དང་སྙིང་སྟོབས་ཀྱིས་ཁྱོགས་པའི་འགྲོས་ཉམས་པའི་རྡོག་སྒྲ་རེ་རེ་ཡིན་ནོ།།

རྩྭ་ཐང་བུ་མོའི་སློབ་གླིང་གི་བྱེད་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་བཞིན་པ།

སློབ་གྲྭའི་འཁྲུངས་སྟོན་སྐབས་བཤེས་གཉེན་ཆེན་མོ་རྒན་གྲགས་པ་བཟང་བོ་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

སློབ་གཙོ་གཡོན་གཞིའི་ཡུལ་ལྷ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

སློབ་གྲྭའི་སློབ་སྟོན་པ་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ་གྱིས་ལུས་རྩལ་ཐང་དུ་གཟིགས་ཞིབ་གནང་བ།

མདུན་དུ་བསྐྱོད་བཞིན་པའི་སློབ་མའི་རུ་དཔུང་།

ལང་ཚོའི་སྟངས་སྟབས།

དགེ་རྒན་གྱི་དཔུང་སྡེ།

འཁྲུངས་སྟོན་གྱི་མཛད་སྒོ།

འཁྲུངས་སྟོན་སྐབས་བོད་རྒྱ་དབྱིན་གསུམ་སྐད་ཀྱིས་མདོ་འཛིན་བྱེད་བཞིན་པ།

འཛིན་གྲྭ་སོ་སོའི་གསོལ་སྟོན་གྱི་རྣམ་པ།

འཛིན་གྲྭ་སོ་སོས་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།

འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་པ།

ལུས་རྩལ་ཐང་གི་ཡུལ་དངོས།

2016.10.17 གསར་འགོད་པ། དཀར་མོ་ཡེ་ཤེས་ཀྱིས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ge6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་འཁྲུངས་སྐར།   སྤེལ་མཁན།: ལྷ་མོ། སྤེལ་དུས:2016/10/3
ཧ་ཅང་ཡག་གི ངོ་སོ་བསྟོད། རྒྱབ་སྐྱོར་ཡོད།
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་གཅིག་ལོན་པའི་འཁྲུངས་སྐར།   སྤེལ་མཁན།: སྟག་རྒོད་སུག་ཐུང་། སྤེལ་དུས:2016/10/2
གནསབཀྲ་ཤིས་བདེ་ལེགས་ཤོག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23534211
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།