ཧཱ་པ་ལ་གྲོས་འདེབས་པ་བདུད་རྩིའི་ཐིགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ཧཱ་པ་ལ་གྲོས་འདེབས་པ་བདུད་རྩིའི་ཐིགས་པ།
ཧཱ་པ་ལ་གྲོས་འདེབས་པ་བདུད་རྩིའི་ཐིགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-29ལྟ་ཀློག (3544)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཧཱ་པ་ལ་གྲོས་འདེབས་པ་བདུད་རྩིའི་ཐིགས་པ།

                    མཛད་པ་པོ།  གྲགས་པ་རྒྱ་མཚོ།

༄༅།  །ན་མོ་གུ་རུ།  ཉིན་གཅིག་ཨ་ཁུ་ཉིན་ཁ་ནས་བཞུགས་པའི་དྲུང་དུ། ཧཱ་པ་དོན་གྲུབ་ཟེར་བས་ཙོག

པུར་ཐལ་མོ་སྦྱར་ཏེ་རྒྱའི་ལུགས་ཀྱི་ཙོ་ཡེ་དང་བཅས་འདི་སྐད་ཟེར། 

ཀྭ་ཡེ་དབུ་སྐྱེས་དུང་ལྟར་དཀར་བ་ཡི།།

ཁ་ཏོན་བཟླས་བརྗོད་བརྩོན་པའི་ཀུན་སྤངས་ཁྱོད། །

ག་ལེར་གཞན་ལ་ཧཱ་པ་རྡུངས་རྡུངས་ཟེར། །

ང་ལ་བརྡུངས་པས་ཁྱོད་ལ་ཅི་ཞིག་ཕན། 

ཅ་ཅོའི་ལོང་གཏམ་སྨྲ་བ་ཁྱེད་རང་དགའ། །

ཆ་མེད་མཐོང་ཚེ་ང་རང་ཟུག་པར་དགའ། །

ཇ་སོགས་བཟའ་བཏུང་ཉི་མར་ངེད་གཉིས་དགའ།།

ཉྭ་སུག་འདུར་འདུར་རྒྱུག་པའང་འུ་ཅག་མཚུངས།།

ཏ་ཐཱ་ག་ཏའི་བསྟན་པའི་སྒོར་ཞུགས་པའི།།

ཐ་མའོ་དུས་ཀྱི་བགྲེས་པོ་མཐའ་ཐུག་ཁྱོད། །

ད་ལྟ་སྐུ་བརྗིད་ང་ལས་ཆེ་ན་ཡང་།།

ན་འཆིའི་འཇིགས་པ་སླེབས་དུས་ག་འདྲ་ཡིན།།

ཙ་རི་ཏེ་སེ་ཡན་ཆད་ཀུན་བསྐོར་ནས།།

ཚ་ཆུ་དུག་ཆུ་ལྟ་བུའི་དཀོར་ཟས་ཟོས།།

ཛ་ཡའི་གསུང་བཞིན་མ་བསྒྲུབས་རང་འདོད་དུ།།

ཝ་ལྟར་ཡིབ་པས་མི་ཕན་དགེ་སྦྱོར་རེམ།།

ཞྭ་གོས་མལ་སྟན་ཡོ་བྱད་ཐམས་ཅད་དང་།།

ཟ་འཐུང་གང་བྱས་བུ་ལོན་ཅན་ཡིན་པས།།

འ་འུར་ངང་ལ་འདི་སྣང་ནུབ་པའི་ཚེ།།

ཡ་རེ་ངའོ་ཕྱི་མར་རྣམ་སྨིན་ལྕི།།

ར་དང་ལུག་བཞིན་ཟས་ཕྱིར་ང་མི་གསོད།།

ལ་ལ་བཞིན་དུ་ཚ་གྲང་བཀྲེས་སྐོམ་མེད།།

ཤ་སོགས་གང་བྱིན་ཟོས་ཏེ་ཉལ་ན་ཆོག 

ས་འདིར་གནས་སྐབས་ང་ལས་སྐྱིད་པ་མེད།།

ཧ་མ་གོ་ཡང་ཆོས་སྒྲ་མང་ཐོས་ཕྱིར།།

ཨ་ལེ་ཨོ་ལེ་རྟེན་བཟང་ཐོབ་ཀྱང་སྲིད། །ཅེས་ཟེར་བས་ཧ་ཁུ་ན་རེ།

ཧྭ་ངན་ཧྭ་རྩོག་འདི་ཡིས་ཅི་ཞིག་ཟེར།།

སྔ་མ་ལྟ་ཅི་ཚེ་འདིའི་ཨ་མ་ཡང་།།

མི་ཤེས་རྒོལ་བའི་མཚང་ངན་ཁྱོད་ཀྱིས་བསྟན།།

ཟ་རྒྱུ་རྙེད་ཚེ་རྩེ་གྲོགས་ལ་ཡང་འཚེ།།

ཡོད་དུས་མི་ཟ་མེད་དུས་མུག་འཚོལ་བྱེད།།

ཧྭ་ངན་ཁྱོད་ལ་ཅིའི་ཕྱིར་བརྡུང་མི་ཆོག།  ཅེས་སྨྲས་པས་ཧཱ་པ་ཕྱིར་ཅུང་ཟད་བཀྱེད་དེ།

ཧེ་ཧེ་དེ་འདྲ་མ་གསུངས་བགྲེས་པོ་ལགས།།

ཐུགས་རྒྱལ་མ་བཞེངས་ཐུགས་བསམ་ཡག་པོ་བཞེས།།

ང་ཚོ་སེམས་ཅན་དག་ལ་མ་བརྟེན་པའི།།

ཁྱེད་ཚོའི་ཟས་གོས་ཡོ་བྱད་གང་ནས་བྱུང་།།

དེ་ཙམ་མ་ཟད་དུས་གསུམ་སངས་རྒྱས་རྣམས།།

ང་ཚོ་སེམས་ཅན་དག་ལ་བརྟེན་ནས་འཁྲུངས།།

སེམས་ཅན་མེད་ན་བྱམས་དང་སྙིང་རྗེ་དང་།།

རིན་ཆེན་སེམས་མཆོག་སུ་ཡི་དོན་དུ་བསྐྱེད།།

རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ཇི་ལྟར་སྤྱད།།

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སུ་ལ་བསྐོར།།

སངས་རྒྱས་ཆོས་ཀུན་སེམས་ཅན་ལ་བརྟེན་པས།།

སེམས་ཅན་མེད་ན་སངས་རྒྱས་གཞི་མ་གྲུབ།།

དེ་ཕྱིར་རྒྱལ་དང་སེམས་ཅན་ལ་བརྟེན་ནས།།

འབྲས་བུ་སངས་རྒྱས་ཆོས་འགྲུབ་འདྲ་བར་གསུངས།།

ང་ཚོ་སེམས་ཅན་ལེགས་བྱས་ཚོགས་ཀྱི་ཞིང་།།

གང་བཟང་གང་གཉན་ཡིན་པ་མཁྱེན་པ་མཛོད།།

ཅེས་ཟེར་བས་ཨ་ཁུ་ཧ་ལས་པ་ལྟར་གྱུར་ཏེ།

ཨ་མ་ཧཱ་པ་ཁྱོད་ཀྱིས་ཆོས་ཤེས་སམ།།

ཤེས་ན་ད་དུང་སེམས་ལ་འཛིན་རྒྱུའི་ཆོས།།

ཟབ་མོ་ཉུང་འདུས་ཚིག་གསུམ་གསུང་བར་མཛོད།།

གསུངས་ཤིག་གསུངས་ཤིག་དོན་གྲུབ་དགེ་བའི་བཤེས།།

ཞེས་སྨྲས་པས་ཧཱ་པ་ན་རེ།

ལེགས་སོ་ལེགས་སོ་གནས་བརྟན་རིན་པོ་ཆེ།།

ཆོས་ལ་དོན་གཉེར་བྱེད་པ་ངོ་མཚར་ཆེ།།

ཆོས་དང་མཐུན་ན་ང་འདྲས་སྨྲས་པ་ཡང་།།

མཁས་པ་རྣམས་ཀྱིས་ཉམས་སུ་བླང་བྱ་ཡིན།།

ཟླ་མེད་སྟོན་པ་ཐུགས་རྗེ་ཅན་དེ་ཡིས།།

དགེ་སློང་གང་དག་འཆི་བའི་དུས་ཀྱི་ཚེ། །

འདི་ལ་མ་ཆགས་གཞན་ལ་བྱམས་པ་དང་།།

འཁོན་དོར་བཤགས་སྡོམ་ཉེས་པར་འགྱོད་པའི་སེམས།།

དགེ་ལ་ཡི་རང་ཕ་རོལ་འཇིགས་པ་མེད།།

འདུས་བྱས་ཐམས་ཅད་མི་རྟག་སྡུག་བསྔལ་ཞིང་།།

ཆོས་རྣམས་བདག་མེད་མྱང་འདས་ཞི་བའོ་ཞེས།།

འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ་གསུངས།།

ད་ལྟ་མ་གོམས་འཆི་ཁར་དྲན་དཀའ་ཞིང་།།

རྒྱུན་དུ་གོམས་ན་ཅུང་ཟད་སླ་ཚོད་རེད།།

དེ་ཙམ་མ་གཏོགས་ང་ཡིས་བཤད་མི་ཤེས།།

ཤེས་པར་འདོད་ན་བཀའ་བསྟན་གཞུང་ལ་ལྟོས།།

བལྟས་པས་མི་ཆོག་ཡང་ཡང་སེམས་སྟེང་དུ།།

དུ་མར་བསྐོར་ཞིང་གོམས་འདྲིས་བྱས་ན་དགེ།།

ཞེས་སྨྲས་པས་ཨ་ཁུ་དགའ་སྟེ།

ལེགས་སོ་ལེགས་སོ་དོན་གྲུབ་ལགས།།

ཁྱོད་ཀྱིས་གང་བཤད་སངས་རྒྱས་གསུངས།།

ཁྱོད་ཀྱིས་ང་ལ་གོ་ཆེན་བཅད།།

ཁྱོད་ཀྱིས་དགེ་བའི་བསྐུལ་མ་བྱས།།

ཁྱོད་ཀྱིས་གསུངས་བཞིན་ཉམས་ལེན་བྱེད།།

ཁྱོད་ཀྱང་བདག་གིས་བྱམས་པས་སྐྱོང་།།

ཞེས་གསུངས་པས་ཧཱ་པ་དོན་གྲུབ་དགའ་སྟེ་མགོ་ཡུག་ཡུག་བྱེད་ཅིང་ཨ་བོའུ་ཨ་བོའུ་ཞེས་ཟུག་བཞིན་བརྒྱུགས་ཏེ་སོང་ངོ་།།

དེ་ལྟར་ཉམས་ལ་དཔགས་པའི་ཚིག  །སེམས་ཀྱི་འཆར་སྒོ་ཐོལ་བྱུང་དུ། །སྨྲ་བའཇ་ཀྱལ་ཀ་བྱེད་པ་པོ།།དབྱངས་ཅན་སྙེམས་པའི་བློ་གྲོས་སོ།། ཨོཾ་སཱ་སྟི།

<<བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས>>ལས་བདམས་ཏེ་སེར་སྐོར་འཇམ་ཚེས་ཕབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505058
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།