ཉི་ཧོང་གི་ལོ90ཡིན་པའི་བློ་དཀར་གཞུང་དྲང་གི་རྒན་པོ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཉི་ཧོང་གི་ལོ90ཡིན་པའི་བློ་དཀར་གཞུང་དྲང་གི་རྒན་པོ་ཞིག
ཉི་ཧོང་གི་ལོ90ཡིན་པའི་བློ་དཀར་གཞུང་དྲང་གི་རྒན་པོ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-26ལྟ་ཀློག (5556)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཉི་ཧོང་གི་ལོ90ཡིན་པའི་བློ་དཀར་གཞུང་དྲང་གི་རྒན་པོ་ཞིག  

        2016/10/21      09:50:15 

         ཏུང་ཅིན་གྱི་ཀི་ཧྲི་ཁུལ་གྱི་སྲང་ལམ་རྙིང་བ་ཞིག་ཏུ་ཡ་མཚར་བའི་མངར་ཆ་ཚོང་ཁང་ཞིག་ཡོད་པ་དང་། ཚོང་ཁང་དེའི་སྒོ་བྱང་རྙིང་རལ་དུ་གྱུར་ཞིང་སྒོ་མོ་བཙའ་ཡིས་ཟིན་ཡོད་པས། འགྲམ་གྱི་རང་འགུལ་འཚོང་གཉེར་འཕྲུལ་ཆས་དེ་ནི་གསར་བ་གསར་རྐྱང་ཞིག་ཡིན་པ་མིག་ལམ་དུ་གསལ་བོར་མངོན་འོངས། དེ་ཡང་མི་རྣམས་ཆེས་བསམ་ཡུལ་འདས་པ་ཞིག་ནི་ནམ་རྒྱུན་ཚོང་ཁང་འདིའི་ཉིས་སྒོ་ལས་སྒོ་ཕྱེད་ཆུང་བ་དེ་གཅིག་པུ་ཕྱེས་ནས་ཡོད་པ་དེ་རེད།

     རྙིང་རལ་དུ་གྱུར་ཞིང་སྒོ་ཕྱེད་ཕྱེས་པའི་ཚོང་ཁང་འདི་ནི་རྒྱང་རིང་བོ་ནས་ཕར་བལྟས་ན་ནག་རོག་གེར་འདུག་པ་དང་། ཚོང་ཁང་འདི་གཅིག་པུར་བལྟས་པ་ཡིན་ན་ཁྱེད་རང་གི་ཀླད་པའི་ནང་བགྲང་ལས་འདས་པའི་གྲོང་ཁྱེར་གྱི་གཏམ་རྒྱུད་འབའ་ཞིག་འཚང་འོངས་པ་དང་། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དེ་དག་གློ་བུར་དུ་སྲང་ལམ་འདིའི་ཚོང་ཁང་ནང་དུ་མངོན་འོང་སྙམ་པར་བྱེད་སྲིད།

     ཡིན་ནའང་ཉེ་འཁོར་གྱི་སྡོད་དམངས་ཚོས་བཤད་དོན། ཚོང་ཁང་འདིའི་ཡ་མཚར་བའི་ལྐོག་གྱུར་ལ་སྔ་མོ་ནས་གོམས་པར་གྱུར་ཡོད་དེ། མི་ཐམས་ཅད་ཀྱི་སྣང་ངོར་ཚོང་ཁང་འདི་ནམ་རྒྱུན་འདི་ལྟར་ཡོད་ལ་ཕར་སོང་ནས་གནས་ཚུལ་འདྲི་མཁན་མི་གཅིག་ཀྱང་མེད། དེ་ལྟ་བུའི་ཉེ་འཁོར་གྱི་མི་དག་གི་སྣང་ཚུལ་དེས་ཚོང་ཁང་འདི་ཉིད་དེ་བས་ཀྱང་ཡ་མཚན་ལྐོག་གྱུར་དང་སྐྱི་གཡའ་བའི་གནས་སུ་གྱུར། "གལ་སྲིད་ལས་གཉེར་བྱེད་པ་ཡིན་ན་སྒོ་ཆ་ཚང་ཅིའི་ཕྱིར་མི་འབྱེད་པ་ཡིན་ནམ། གལ་ཏེ་ཚོང་ཁང་མ་དགོས་པར་དོར་བ་ཡིན་ན་ཅིའི་ཕྱིར་སྒོ་ཕྱེད་ཙམ་ཕྱེས་ཡོད་པ་ཡིན་ནམ། དོན་ངོ་མར་སྒོ་འདི་ལ་ཆག་སྐྱོན་བྱུང་བ་ཡིན་ནམ། ཚོང་བས་ངལ་གསོ་བྱེད་བཞིན་པ་ཡིན་ནམ། ཚོང་བདག་རླུང་ལངས་སླ་བ་ཞིག་ཡིན་པའི་རྐྱེན་གྱིས་ཡིན་ནམ།" མཐར་མི་ཞིག་གསང་བ་ལྐོག་གྱུར་གྱི་ཚོང་ཁང་འདི་ལ་ཡ་མཚན་སྐྱེས་ཏེ་དོ་སྣང་བྱས། མི་དེ་ནི་མིང་ལRyoཟེར་བའི་གསར་འགོད་པ་ཞིག་ཡིན་ལ་ཁོ་རང་ཟུར་ཟའི་རི་མོ་ཉོ་འཚོང་ལ་མིང་རྟགས་འགོད་པའི་མཛད་སྒོའི་བཅར་འདྲིའི་ལས་ཀ་མཇུག་རྫོགས་རྗེས། མངར་ཆ་ཚོང་ཁང་འདི་བརྒྱུད་ནས་འགྲོ་སྐབས་ཤིག་ལ་སེམས་སུ་དོགས་འདྲི་སྣ་ཚོགས་བྱུང་བ་དང་། ཧང་སངས་ཤིང་ཡ་མཚར་བའི་ངང་ཚོང་ཁང་འདིའི་ནང་དུ་གོམ་ཁ་བསྒྱུར་བ་རེད།   བསམ་ཡུལ་ལས་འདས་པ་ཞིག་ལ། ཐེངས་འདིའི་བཅར་འདྲི་དེས་ཕར་བལྟས་པ་ཙམ་གྱིས་ཡ་མཚན་ཞིང་སྐྱི་གཡའ་བར་བྱེད་པའི་མངར་ཆ་ཚོང་ཁང་འདི་ཉིད་ཏུང་ཅིན་གྱི་ཆེས་རོ་མངར་གྱི་བྲོ་བ་ལྡན་པའི་ཚོང་ཁང་ཞིག་ཏུ་འགྱུར་བར་བྱས་སོང་།

     Ryoཀྱིས་བཤད་དོན། ཆེས་ཐོག་མར་ཅུང་འཇིགས་ཡེར་བར་འདུག་པས་སྒོ་ཁར་ཡར་འགྲེངས་ནས་ཡུད་ཙམ་རིང་བསྡད་པ་ཡིན་ལ། སེམས་པའི་ངོགས་སུ་འཇིགས་སྐྲག་ལྡན་པའི་གློག་བརྙན་གྱི་སྣང་བརྙན་དག་བསྟུད་མར་ཤར་ཡོང་བ་དང་ལྷག་པར་དུ་འཇིགས་ཤིང་སྐྱི་གཡའ་བའི་འཇམ་ཐིང་ཐིང་གི་གནས་སུ་ཉེན་བརྡ་གཏོང་ཆས་ལ་ཆག་སྐྱོན་ཤོར་བའི་རྣམ་པ་དེ་མངོན་འོངས། ཁོ་རང་གི་སེམས་སུ་རང་ཉིད་ནི་ཏ་བེ་ནགས་མའི་ཚལ་གྱི་གློག་བརྙན་ཆེ་གེ་མོ་ནང་གི་འཆི་བར་བྱེད་པའི་སྐྱེས་པ་འཁྲབ་སྟོན་མཁན་དེ་ཡིན་པའི་རྣམ་པའི་ཉམས་སྣང་ཤར། སེམས་ཁམས་ལ་སྙོམ་སྒྲིག་ཡུན་རིང་བྱས་མཐར་ཉིན་མོ་ཞིག་གི་སྔ་དྲོའི་ཆུ་ཚོད་བཅུ་བའི་སྟེང་ཁོས་རང་གིས་རང་ལ་སྤོབས་སེམས་བསྐྱེད་དེ་ཚོང་ཁང་འདིའི་སྒོ་ཐེམ་བརྒལ་བ་རེད།   འོ། སྐྱོན་མི་འདུག ཕར་བལྟས་ན་ཚོང་ཁང་འདི་འཇིགས་ཡེར་རེར་འདུག་ཀྱང་དོན་དངོས་སུ་ད་དུང་ལས་གཉེར་བྱེད་བཞིན་ཡོད་པ་དང་།Ryoསྒོ་ནང་འཛུལ་མ་ཐག་"གནས་འདིར་ཕེབས་པར་དགའ་བསུ་ཞུ"ཞེས་པའི་སྐད་འཇམ་པོ་ཞིག་རྣ་ལམ་དུ་གྲགས་བྱུང་། དེར་མཐུད་ནས་གདོང་ཡོངས་འཛུམ་གྱིས་ཁེངས་པའི་རྒན་པོ་ཞིག་མིག་ལམ་དུ་སྣང་བྱུང་ལ། ཚོང་བདག་ཁོ་ཚོང་སྒྲོམ་གྱི་རྒྱབ་ཏུ་ཡར་ལངས་བསྡད་ཡོད་པ་དང་འཛུམ་དམུལ་དམུལ་ངང་ཁོ་ལ་བལྟས་ནས་བསྡད་འདུག་པས།Ryoཀྱི་འཇིགས་དངངས་དེ་མ་ཐག་ཞི་བར་གྱུར།

     རྒན་པོ་འདིའི་མིང་ལ་ནཱེ་ཧྲན་ཅེ་ཞོང་ཟེར་བ་དང་ཚོང་ཁང་འདིའི་ཚོང་བདག་རེད། ད་ལོ་རང་ལོ90ལ་སླེབས་ཡོད་ནའང་དབང་བོ་ཧ་ཅང་གསལ་བོ་ཡིན་པ་དང་གཤིས་ཀའང་འཇམ་ཞིང་སྤྲོ་སྣང་གིས་ཁེངས་ཡོད། ཚོང་བདག་ནཱེ་ཧྲན་ནི་ཧ་ཅང་གླེང་མོལ་བྱེད་པར་དགའ་ཞིང་། གསར་འགོད་པ་དང་ཁོང་གཉིས་གླེང་མོལ་བྱེད་སྐབས་ཧ་ཅང་སྤྲོ་སེམས་ཀྱི་ཀུན་ནས་ཁེངས་ཡོད། ཁོང་གིས་གསར་འགོད་པར་བཤད་དོན། ཚོང་ཁང་འདི་ནི་ཁོང་གིས་ལོ50སྔོན་ལ་ལས་གཉེར་བྱས་པ་དང་དེ་ཡང་ཐོག་མར་མངར་ཆའི་བག་ལེབ་འཚོང་ས་ཞིག་ཡིན་མོད། ཡིན་ནའང་རྗེས་སོར་མངར་ཆའི་བག་ལེབ་འཚོང་གི་མེད་པར་ཐ་མག་འཚོང་བཞིན་ཡོད་ཟེར།

     གསར་འགོད་པས་ཡ་མཚར་བའི་སྒོ་ནས། "ལས་གཉེར་བྱེད་བཞིན་པའི་ཚོང་ཁང་ཞིག་ཡིན་ན་ཅིའི་ཕྱིར་སྒོ་ཕྱེད་ཙམ་ལས་མི་འབྱེད་པ་ཡིན་ནམ།"ཞེས་དྲིས་པ་ན་ཚོང་བདག་ནཱེ་ཧྲན་ཧང་སངས་པ་དང་ཡང་ཁོང་གིས་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་བྱུང་། "ལོ་ངོ་གཉིས་ཀྱི་སྔོན་ལ། མགྲོན་པོ་ཞིག་གི་ཁུག་མ་ངའི་ཚོང་ཁང་འདི་ནས་བརྗེད་དེ་ལུས་སོང་བས། ངས་ཁུག་མ་དེ་ཚོང་སྒྲོམ་དུ་བཞག་ནས་བདག་ཉར་བྱས་པ་ཡིན། མ་གཞི་ཚོང་ཁང་གི་སྒོ་བརྒྱབ་སྟེ་ང་རང་ལས་ཁྱུར་ངལ་གསོ་བྱེད་རྩིས་ཡོད་མོད། ཡིན་ནའང་མགྲོན་པོ་དེ་ནམ་ཞིག་གི་ཚེ་དངོས་པོ་ལེན་པར་སླེབས་འོང་བསམ་ནས་ཉིན་ལྟར་སྒོ་ཕྱེས་པ་ཡིན། ཁོ་རང་འོངས་པར་རེ་སྒུག་བྱས་ནས་ལོ་ངོ་གཉིས་ཕྱིན་སོང་"ཟེར།   དཔེ་མི་སྲིད་སྙམ་སྟེRyoཀྱིས་ཐོག་མར་ཡིད་ཆེས་མ་བྱས་པ་དང་འདི་ནི་རྒན་པོ་འདིས་རྫུན་སྒྲིག་བྱས་པ་ཞིག་རེད་བསམ་མོད། ཡིན་ནའང་ཚོང་སྒྲོམ་དུ་དངོས་གནས་ཁུག་མ་ཞིག་མཐོང་བ་དང་སྟེང་དུ"བོར་དངོས་ཕྱིར་ལེན"ཞེས་པའི་ཡི་གེ་བྲིས་ཏེ་བཞག་འདུག

    ལོ་ངོ་གཉིས་ཀྱི་རིང་དུ། ཚོང་བདག་ནཱེ་ཧྲན་གྱིས་ཁུག་མ་འདིའི་ནང་ཅི་ཞིག་ཡོད་པར་བལྟ་འདོད་ཀྱིས་ཁ་གཏན་ནས་འབྱེད་མ་མྱོང་། རྒྱུ་མཚན་དེ་ནི་གཞན་གྱི་སྒེར་དངོས་ཡིན་པས་སོ།། ཕྱི་ནས་བལྟས་ན་ཧ་ལམ་ཡོ་བྱད་ཅིག་ཡིན་པ་འདྲ།  ངས་མང་བོ་མང་བོ་ཞིག་ལ་བསམ་བློ་བཏང་བ་ཡིན་མོད། འོན་ཀྱང་གནས་ཚུལ་འདི་འདྲ་ཞིག་ཡིན་པ་གཏན་ནས་བསམ་མ་བྱུང་།   རང་ལོ90ཡིན་པའི་ཚོང་བདག་ནཱེ་ཧྲན་གྱིས་ནང་དུ་ཅི་ཡོད་མི་ཤེས་པའི་མགྲོན་པོ་ཞིག་གི་ཁུག་མ་སྲུང་ནས་བསྡད་པ་དང་། མ་གཞི་ཚོང་སྒོ་བརྒྱབ་ནས་ངལ་གསོ་བྱེད་རྩིས་ཡོད་ཀྱང་། ཡིད་རྟོན་དང་གཞུང་དྲང་གི་རེ་སྒུག་དེ་ནི་ཉི་མ་གཅིག་དང་གཉིས་ཙམ་མ་ཡིན་པར་ལོ་ངོ་ཧྲིལ་བོ་གཉིས་ཡིན་ནོ།།   ལོ་གཉིས་པོ་འདིའི་ནང་ཁུག་མའི་སྐོར་འདྲི་རྩད་བྱེད་པའི་མི་གཅིག་ཀྱང་མེད་ནའང་། ཚོང་བདག་ནཱེ་ཧྲན་གྱིས་མགྲོན་པོ་དེ་ནམ་ཉི་མ་ཞིག་ལ་སླེབས་འོང་སྙམ་གྱིན་ཡོད།   དགུང་ལོ90ཡིན་པའི་མི་ཞིག་ལ་མཚོན་ན་ཁོའི་མི་ཚེ་ནང་ལོ་ངོ་གཉིས་ག་ཚོད་ཅིག་ལྷག་ཡོད་དམ། ཧ་ལམ་ཁུག་མ་འདིའི་བདག་པོས་དོན་འདི་སྔ་མོ་ནས་བརྗེད་ཟིན་མོད་ཀྱི། ཡིན་ནའང་ཚོང་བདག་ནཱེ་ཧྲན་གྱིས་མགྲོན་པོ་འདི་ལ་བཅངས་པའི་གཞུང་དྲང་བློ་དཀར་གྱི་ཡིད་རྟོན་དེ་ནམ་ཡང་བརྟན་སྲུང་བྱས་ཏེ་བསྡད་ཡོད་པ་དང་། ཉི་མ་རེ་རེ་བཞིན་རེ་སྒུག་དེ་ལ་རྒྱུན་འཁྱོངས་བྱས་ཡོད།

    གཞན་སྐུ་མགྲོན་དེ་གང་མགྱོགས་ངང་ཁུག་མ་ལེན་པར་ཕེབས་ཏེ་རྒན་པོ་ཁོང་སྔ་མོ་ནས་ངལ་གསོ་བར་བྱེད་པ་ནི་མཇུག་མཐའི་རེ་བའོ།།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505671
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།