གསར་འགོད་པ་དཔའ་རིས་ཇག་རུང་དགོན་དུ་བསྐྱོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གསར་འགོད་པ་དཔའ་རིས་ཇག་རུང་དགོན་དུ་བསྐྱོད་པ།
གསར་འགོད་པ་དཔའ་རིས་ཇག་རུང་དགོན་དུ་བསྐྱོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-10-21ལྟ་ཀློག (5841)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་འགོད་པ་དཔའ་རིས་ཇག་རུང་དགོན་དུ་བསྐྱོད་པ། 

གསར་འགོད།   འབའ་སྣང་གྲོལ།  
       རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་སྤྱི་དང་ཁྱད་པར་དུ་ཁོང་གི་སྐུ་ཚེ་སྨད་ཀྱི་མཛད་པ་ནི་བོད་རང་གི་ལོ་རྒྱུས་སྟེང་དུ་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད་ནའང་།  ཁོང་གི་དངོས་སློབ་ཏུ་གྱུར་མྱོང་བ་ལྷ་བཙུན་ནོ་མོ་ཧན་ངག་དབང་རྡོ་རྗེས་མཛད་པའི༼རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བ་༽ དང་ཡོངས་གྲགས་སུ༼ ཚངས་དབྱངས་རྒྱ་མཚོའི་གསང་རྣམ༽ ཞེས་པའི་ནང་དུ་དབུས་གཙང་གི་ཆབ་སྲིད་དུས་འཁྲུགས་དང་ལྷ་བཟང་ཧན་གྱི་ཧམ་སེམས་ཀྱི་སྒྲོག་གཏམ་ལ་བརྟེན་ནས་ཚངས་དབྱངས་པ་ཁྲི་ལས་ཕབ་ནས་པད་དཀར་འཛིན་པ་ཁྲི་ལ་བསྐོས་པ་དང་། རྒྱལ་བ་ཚངས་དབྱངས་བ་ཁོང་ནི་ལྷ་བཟང་ཧན་གྱི་གཡོ་ཇུས་ལ་བསྟེན་ནས་སོག་དམག་འགའ་དང་རྒྱ་ནག་གི་གསེར་ཡིག་པ།  གསོལ་དཔོན་སོགས་མི་འགས་རྒྱ་ནག་ཏུ་འཁྲིད་སྐབས་མཚོ་སྔོན་པོའི་ཉེ་འགྲམ་ཀུན་དགའ་ནོར་ཞེས་པའི་ས་ཆར་སླེབས་པའི་ལམ་བར་ནས་གསང་སྟབས་ཀྱིས་གཅིག་པུ་བྲོས་བྱོལ་དུ་ཕེབས་སུ་བཅུག་ཅིང་།   ཁོང་གི་མཚན་ཡང་ངག་དབང་ཆོས་གྲགས་རྒྱ་མཚོ་སོགས་སུ་བརྗེས་ནས་མདོ་སྨད་ཀྱི་ས་ཆ་འགའ་དང་། གླང་ཆེན་འགྱིང་རི།    རྒྱལ་མོ་ཚ་བ་རོང་།  ཁམས་ཕྱོགས། དབུས་གཙང་།  ཙ་རི།  བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་ཕྱིར་མདོ་སྨད་དུ་བྱོན་ནས་ཉམས་ལེན་དང་མཛད་པ་འཕྲིན་ལས་བསྐྱངས་པའི་སྐུ་ཚེ་སྨད་ཀྱི་མཛད་པ་ཅུང་ཞིབ་རྒྱས་སུ་བྲིས་ཡོད་པས།    དེ་ལ་བསྟེན་ནས་བོད་རང་གི་མཁས་པ་ཕལ་མོ་ཆེས་ཚངས་དབྱངས་བའི་སྐུ་ཚེ་སྨད་ཀྱི་མཛད་པ་ཞལ་གྱིས་བཞེས་པར་མ་ཟད། དགུང་གྲངས་ཀྱང་རེ་བཞིར་སྐུ་ཚེ་འཚོ་བཞེས་གནང་བར་བརྗོད།   དཔའ་རིས་མཁས་པ་དོར་ཞི་རིན་པོ་ཆེའི་ཚངས་དབྱངས་པའི་སྐུ་ཚེ་སྨད་ཀྱི་མཛད་པའི་ཤེས་བྱེད་གལ་ཆེན་འགའ་ཞིག་བཤད་པའི་རྣམ་ཐར་དཔྱད་རྩོམ་ནང་དུའང་ཡིད་རྟོན་བྱས་ཆོག་པའི་རྒྱལ་བ་ཚངས་དབྱངས་པའི་སྐུ་ཚེ་སྨད་ཀྱི་ཤེས་བྱེད་ཟློག་ཏུ་མེད་པ་འགའ་ཆེད་དུ་རྩལ་འདོན་གནང་ནས་དཔྱད་པ་གནད་དུ་འཁེལ་བ་གནང་ཡོད་པ་ཡིན་ལ།   དེས་ན་གོང་གི་ཚངས་དབྱངས་པའི་གསང་རྣམ་དང་དོར་ཞི་རིན་པོ་ཆེའི་རྣམ་ཐར་དཔྱད་བརྗོད་གང་ཡིན་ཡང་ཡར་ལུང་ཇག་རུང་དགོན་ཐོས་བསམ་དར་རྒྱས་གླིང་ནི་རྒྱལ་བ་ཚངས་དབྱངས་པས་དངོས་སུ་ཕྱག་འདེབས་མཛད་པ་ཡིན་ཞིང་།  དགོན་པ་འདི་ཁོང་གི་སྐུ་ཚེ་སྨད་ཀྱི་མཛད་པའི་ནང་དུ་ཆེས་གནད་འགག་དང་ཆེས་དམིགས་བསལ་གྱི་དགོན་པ་ཞིག་ཏུ་གྱུར་ཡོད་པས་ན།   ང་ཚོ་དགོན་པ་འདི་ལ་དངོས་སུ་བསྐྱོད་ནས་རྒྱུས་ལོན་དང་འདྲི་གཅོད་བྱ་བ་ནི་ལོ་རྒྱུས་ཀྱི་ངོས་ནས་དོན་སྙིང་ཧ་ཅང་ཆེ་བ་ཡིན་པར་བསམས་སོང་།

     ཇག་རུང་ཐོས་བསམ་དར་རྒྱས་གླིང་ནི་དཔའ་རིས་རང་སྐྱོང་རྫོང་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་བཅོ་ལྔ་ཙམ་ལ་སོང་ན་ཡར་ལུང་ཁོག་གི་ལུང་མདོའི་བྲག་འགག་དོག་པོ་ཞིག་གི་ཉེ་སར་བཏབ་ཡོད་པས་བྲག་འགག་དགོན་ཞེས་ཀྱང་འབོད་ལ། ངག་རྒྱུན་དུ་རྒྱལ་བ་ཚངས་དབྱངས་བ་ཁོང་གི་སྐུ་ཚེ་དེ་ལ་རུང་གསུམ་འདེབས་པར་ལུང་བསྟན་ཡོད་པར་གྲགས་པའི་ནང་གི་གཅིག་ནི་ཇག་རུང་དགོན་འདི་ཡིན་པར་བཤད་དོ།།   དགོན་པ་འདི་ནི་གོང་མ་ཡོན་ཅིང་ཁྲི་ལོ་ལྔ་བ་ནས་ཁྲི་ལོ་དགུ་བའི་བར་ཙམ་ལ་གསར་དུ་བཞེངས་ཤིང་། ཚོགས་ཆེན་འདུ་ཁང་གཅིག་པོ་ལའང་དངུལ་སྲང་སྟོང་ཕྲག་བདུན་ཙམ་གྱིས་འགྲོ་སོང་བཏང་ནས་བཞེངས་པར་གྲགས། རྒྱལ་བ་ཚངས་དབྱངས་བ་ཁོང་མདོ་སྨད་དུ་ཕེབས་ནས་ཆུ་བཟང་རིན་པོ་ཆེ་སྐུ་གོང་མ། ཐུའུ་བཀྭན་རིན་པོ་ཆེ་སྐུ་གོང་མ། གསེར་ཁོགས་ཀྱི་རྗེ་ཞྭ་ལུ་པ་བློ་བཟང་དཔལ་ལྡན། དཔལ་འབྱོར་པ་ཧོ་ཐོག་ཐུ། འདན་མ་སྤྲུལ་སྐུ་ངག་དབང་མཁས་གྲུབ། བཀའ་བཅུ་བླ་མ་རྣམས་སློབ་མའི་གཙོ་བོར་གྱུར་ཅིང་།  ཁྱད་པར་དུ་ཁོང་གསེར་ཁོགས་དགོན་ལ་ཕེབས་ནས་བཞུགས་སྐབས་ཆུ་བཟང་རིན་པོ་ཆེ་དང་ཇག་རོང་ཚོ་དྲུག་སྒོམ་སྡེ་བཅུ་གསུམ་གྱི་བླ་དཔོན་མང་བོས་ནན་གྱིས་ཞུས་པ་བཞིན་ཆིབས་བསུ་རྒྱ་ཆེར་དང་བཅས་ཡར་ལུང་ཇག་རུང་གི་ཡུལ་དུ་ཕེབས་ཤིང་།   སྔོན་རྒྱལ་དབང་ལྔ་བ་རིན་པོ་རྒྱ་ནག་ཏུ་ཡུལ་འདི་བརྒྱུད་ནས་ཕེབས་སྐབས་ནང་སོ་བཟང་བོ་རྒྱལ་མཚན་ཟེར་བ་དེས་ཆེད་དུ་བཟོས་པའི་གུར་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་ཁོང་གདན་དྲངས་ནས་ཇག་རུང་ཚོ་དྲུག་སྒོམ་སྡེ་བཅུ་གསུམ་དང་བཅས་པར་ཆོས་ཀྱི་མཛད་འཕྲིན་བསྐྱངས་པ་ལོ་རྒྱུས་སུ་གྲགས་པ་ཡིན་ནོ།།  སྤྱིར་ཡུལ་འདིའི་ཡར་ལུང་གི་སྟོད་ཙམ་དུ་ཇག་རུང་དགོན་ཟེར་བ་ཞིག་སྔོན་ནས་ཡོད་ཀྱང་སྐབས་འདི་ཙམ་ལ་གོང་མའི་དམག་གིས་མེ་བསྲེགས་པ་སོགས་ཉམས་ཆག་བློས་མི་ཤོང་བ་བྱུང་བས་ཁོང་གིས་ཡང་བསྐྱར་དགོན་ས་ཡར་ལུང་ཁོག་གི་སྨད་ཙམ་སྟེ་བྲག་འགག་འདི་བདམས་ནས་ཇག་རུང་ཐོས་བསམ་དར་རྒྱས་གླིང་ཞེས་པ་འདི་བཞེངས་པས་དེ་ནས་ཡུལ་འདི་ལ་ཇག་རུང་དགོན་གསར་རྙིང་གཉིས་བྱུང་བར་མངོན་ལ། རྒྱལ་བ་ཚངས་དབྱངས་ཁོང་དགོན་པ་འདིར་ལོ་གྲངས་ཉེར་ལྔ་བཞུགས་པར་བཤད་དོ།།   ས་འདིའི་རྒན་པོ་རྣམས་ཀྱིས་སྔོན་དགོན་པ་འདི་ཧ་ཅང་རྒྱས་པའི་སྐབས་ན་གྲྭ་བ་བརྒྱད་བརྒྱ་ཙམ་དང་།  ལྷ་རམས་པ་དང་རྡོ་རམས་པ་ཁོ་ནའང་ཉི་ཤུ་ལྷག་ཙམ་བཞུགས་པ་སྔོན་གྱི་མེས་པའི་ངག་སྒྲོས་ལས་ཐོས་ཟེར་བ་དང་།    ཡང་ཁོང་གི་དངོས་སློབ་ལྷ་བཙུན་ངག་དབང་རྡོ་རྗེས་བྲིས་པའི་༼ཚངས་དབྱངས་རྒྱ་མཚོའི་གསང་རྣམ༽ དུའང་དགོན་འདིར་གྲྭ་བ་ལྔ་བརྒྱ་ཙམ་འདུས་པར་བཤད་ཡོད་པར་བལྟས་ན་སྔར་དགོན་པ་འདི་ཧ་ཅང་རྒྱས་ཡོད་པ་ང་ཚོས་གོ་ཐུབ་པ་ཡིན་ལ།    ཡིན་ནའང་ཡིད་ཕངས་པ་ཞིག་ལ་ང་བརྒྱད་དང་རིག་གསར་སྐབས་བོད་ཁམས་ཀྱི་དགོན་པ་སྤྱི་དང་འདྲ་བར་ཇག་རུང་དགོན་འདི་ཡང་རྩ་གཏོར་དུ་སོང་ནས་ཡུན་རིང་ཤུལ་མེད་དུ་ལུས་ཤིང་།  ལོ་རྒྱུས་སྟེང་ཧ་ཅང་སྐད་གྲགས་ཆེ་བའི་ནང་བའི་དགོན་ཆེན་འདིར་ད་སྐབས་ཚོགས་ཆེན་འདུ་ཁང་དང་བྱམས་ཁང་།  ཨ་ལག་ཤ་བསྟན་དར་ལྷ་རམས་པའི་ནང་ཆེན་བཅས་ལོ་རྒྱུས་ཀྱི་དྲན་གསོ་ཙམ་གསར་བཞེངས་གནང་སྟེ་གྲྭ་བ་རྒན་པ་གཉིས་དང་གཞོན་པ་གཅིག་བཅས་ཁྱོན་བསྡོམས་གྲྭ་བ་གསུམ་གྱིས་སྲུང་ཡོད་པས་ང་ཚོ་རང་གི་རིག་གནས་ལ་དུང་ཞེན་ཆེ་བ་ཞིག་ཡིན་ན་རང་དབང་མེད་པར་འདང་རྒྱག་ཅིག་ཀྱང་མི་ཤོར་ཀ་མེད་ཡིན། དགོན་པ་འདིའི་ནང་རྟེན་གཙོ་བོ་ལའང་རྒྱལ་བ་ཚངས་དབྱངས་པའི་ན་བཟའ་དང་།  ཁོང་གི་སྐུ་དངོས་ཀྱིས་བྲིས་པའི་ཁོང་གི་སྐུ་བརྙན་ཞིག  ཇག་རུང་དགོན་གྱི་བཅའ་ཡིག་ལག་བྲིས་མ།  ལྷ་མོ་འོད་ཟེར་ཅན་མའི་རྡོ་སྐུ།   ལྷ་བཙུན་ངག་དབང་རྡོ་རྗེས་བྲིས་པའི་ཚངས་དབྱངས་པའི་གསང་རྣམ་ལག་བྲིས་མ།  ད་དུང་སྐུ་འདྲ་དང་གླེགས་བམ་བྱིན་ཅན་འགའ་བཞུགས་པར་བཤད་ཀྱང་འགའ་ཞིག་རྐུ་ལ་ཤོར་བ་དང་།  འགའ་ཞིག་ནི་གཞུང་གིས་ཁྱེར་བ།  ད་དུང་རེ་འགའ་དགོན་པར་བཞུགས་ཡོད་པར་ཐོས་པས་ཆེད་དུ་གྲྭ་བ་དགུང་ལོ་གྱ་བརྒྱད་ཙམ་ལ་སོན་པའི་བློ་བཟང་ཐབས་མཁས་ལགས་ལ་ཆེད་བཅར་གྱིས་བཀའ་འདྲི་དང་ཞུ་བ་ཡང་ཡང་གནང་ཡང་མཇལ་བའི་སྐལ་བ་མ་བྱུང་བ་ནི་ཧ་ཅང་ཡིད་ཕངས་ཤིང་།  དགོན་པ་འདི་ཆགས་སའི་སའི་དབྱིབས་སྤྱི་ནི་ས་པད་མ་འདབས་བརྒྱད་དང་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་རྣམ་པས་ཕྱོགས་བཞི་རི་རྒྱུད་ཀྱིས་ཡུག་གཅིག་ཏུ་སྦྲེལ་ནས་ཡོད་ཅིང་།  མདུན་རི་ནི་སེང་གེ་ཐུར་དུ་འགྱིངས་པའི་ཚུལ་གྱིས་དང་།  རྒྱབ་རི་ནི་གླང་ཆེན་ཐུར་འགྲོས་ཀྱི་ཚུལ་དུ་ཡོད་པས་གླང་ཆེན་དང་སེང་གེའི་མཆུ་སྣ་གཉིས་ཀྱིས་ད་གཟོད་འགག་དོག་པའི་བྲག་འགག་གི་རྣམ་པ་གྲུབ་ཡོད་ལ།  ཡུལ་འདིར་རི་དང་བྲག་འབར་འབུར་རྩེ་མོ་མཐོ་བ་ཧ་ཅང་མང་བ་བས་ཡུལ་མི་རྣམས་ཀྱིས་བཤད་ན་དེ་དག་ནི་གདུགས་དང་རྒྱལ་མཚན་གྱི་རྣམ་པས་གྲུབ་ཡོད་པར་བཤད་དོ།།  ཡར་ལུང་ཁོག་བརྒྱུད་ནས་བཞུར་བའི་ཆུ་བོ་ནི་བྲག་དགག་བརྒྱུད་ནས་ལྷོ་ཕྱོགས་སུ་བཞུར་གྱིན་ཡོད་ལ།  ཆུ་འདི་སྔོན་ཧ་ཅང་ཆེ་བས་མི་རྟ་མང་བོ་རྒྱུན་དུ་ཆུས་ཁྱེར་བའི་གནོད་པ་བྱུང་བས།   དེ་ཟློག་པའི་ཐབས་སུ་གླང་ཆེན་རིའི་སྣ་འགྲམ་གྱི་བྲག་རིའི་ངོས་སུ་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད་ཀྱང་།  ལམ་ཆེན་བཏོད་པ་དང་གཏེར་ཁ་སྔོག་པ་སོགས་ཀྱི་དབང་གིས་འགད་རྫས་བཀད་དེ་མི་ལོ་སྟོང་ཕྲག་མང་བོར་འགག་རུབ་ཏུ་གནས་པའི་བྲག་འགག་འདི་ཡང་ཧ་ཅང་ཁོད་ཡངས་པོ་ཞིག་ཏུ་བཏང་ཡོད་པར་མ་ཟད།  དེ་ལས་ཀྱང་ཕངས་པ་ཞིག་ལ་ལོ་ངོ་དྲུག་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའི་བྱམས་པའི་སྐུ་བརྙན་དེའང་ཤུལ་མེད་དུ་གྱུར་ཞིང་།   སྔོན་ཧ་ཅང་དབེན་འཇགས་སུ་གནས་པའི་དགོན་ཆེན་འདིའི་མཐར་སྐོར་ཡོངས་ཀྱང་རྒྱ་སྡེ་དང་གཏེར་ཁ་སྔོག་འདོན་གྱི་ས་ཚིགས་ཀྱིས་ཡོངས་སུ་བཟུང་པས་ཁོར་ཡུག་གི་རི་བྲག་ཀུན་སྐྱ་ཉིལ་ལེར་ཡོད་པས་སྨྲ་མི་ཤེས་པའི་སྐྱོ་བ་ཞིག་ཀྱང་སེམས་ལ་ངང་གིས་འཁོར་ཡོང་།   ཡང་ཇག་རུང་དགོན་གྱི་མར་འགྲམ་ནས་ལུང་བ་ཆུང་ངུ་ཞིག་སྤྱི་ལེ་བཞི་ཙམ་བརྒྱུད་ནས་ལུང་ཕུག་ལ་སླེབས་ན་དགེ་བཤེས་དཔའ་རིས་རབ་གསལ་ཚང་གི་འཁྲུངས་གཞིས་དངོས་ཡོད་ཅིང་།  ཁོང་འཁྲུངས་ཁྱིམ་གྱི་ས་རུ་བཙུན་མ་ལྷ་མོ་ཟེར་བས་ལོ་ངོ་ཉི་ཤུ་ལྷག་གི་རིང་སྲིད་གཞུང་ལ་ཡར་ཞུ་བྱས་པ་བརྒྱུད་ད་ལྟ་དགོན་པ་ཆུང་བུ་ཞིག་བཏབ་ནས་དགོན་མིང་ལ་དཔའ་རིས་རབ་གསལ་ལྷ་མོ་དགོན་ཞེས་བཏགས་ཡོད་ལ།  རྟེན་གཙོ་བོ་དཔའ་རིས་རབ་གསལ་ཚང་གི་ཞབས་རྗེས་དང་།  ཁོང་གི་གསོལ་ཕོར་གཟུངས་འཇུག་གནང་བའི་མཆོད་རྟེན་ཞིག   ཁོང་གི་སྒྲུབ་ཕུག་བཅས་བཞུགས་ཡོད་དོ།། 

ཡར་ལུང་ཇག་རུང་དགོན་ཐོས་བསམ་དར་རྒྱས་གླིང་། 

རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་དངོས་ཀྱིས་བྲིས་པའི་ཁོང་གི་སྐུ་བརྙན།

ལོ་དྲུག་བརྒྱ་ཙམ་འགོར་བའི་ལྷ་མོ་འོད་ཟེར་ཅན་མའི་རྡོ་སྐུ། 

དཔའ་རིས་རབ་གསལ་གྱི་སྐུ་གདུང་། 

བྲག་འགག་ཅེས་པའི་ཡུལ་མིང་ལས་བྲག་འགག་དགོན་དུ་ཐོགས་པ། 

དཔའ་རིས་རབ་གསལ་འཁྲུངས་གཞིས་ཀྱི་དགོན་པ་ལྷ་མོ་དགོན། 

ལྷ་མོ་དགོན་དུ་བཞུགས་པའི་དཔའ་རིས་རབ་གསལ་ཚང་གི་ཞབས་རྗེས།

འཁྲུངས་གཞིས་སུ་ཡོད་པའི་དཔའ་རིས་རབ་གསལ་ཚང་གི་སྒྲུབ་ཕུག


གསར་འགོད་པ་ཇག་རུང་དགོན་དུ་ཱའབྱོར་བ།


གསར་འགོད་པ་ཇག་རུང་དགོན་གྱི་དགུང་ལོ་བརྒྱད་ཅུ་གྱ་བཞི་ལ་སོན་པའི་གྲྭ་བ་བློ་བཟང་ཐབས་མཁས་ལགས་ལ་བཅར་བ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503971
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།