རྫ་སྟོད་རྫོང་ལ་ཚད་རིམ་༦.༢ཅན་གྱི་ས་འགུལ་བྱུང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྫ་སྟོད་རྫོང་ལ་ཚད་རིམ་༦.༢ཅན་གྱི་ས་འགུལ་བྱུང་བ།
རྫ་སྟོད་རྫོང་ལ་ཚད་རིམ་༦.༢ཅན་གྱི་ས་འགུལ་བྱུང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-10-17ལྟ་ཀློག (3385)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ་རིམ་པ་༦.༢ཅན་གྱི་ས་འགུལ་བྱུང་འདུག 

    གསར་འགོད་པ་དང་ཡིག་སྒྱུར་བ། སེང་དཀར།

ཀྲུང་གོའི་ས་ཡོམ་དྲྭ་བའི་ཡུལ་དངོས་གཏན་འཁེལ་གསར་འགྱུར་ལྟར་ན།   པེ་ཅིན་དུས་ཚོད་ཀྱི་སྤྱི་ཟླ་༡༠ཚེས་༡༧ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡༥:༡༤སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཉེ་འཁོར་(འཕྲེད་ཐིག་བྱང་མ་ཏུའུ་༣༢.༨༡དང་། གཞུང་ཐིག་ཤར་མ་ཏུའུ་༩༤.༩༣བར་གྱི་མཚམས་སུ)ས་ཡོམ་རིམ་པ་༦.༢ཅན་གྱི་ས་འགུལ་བྱུང་བ་དང་།  ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་༩ཙམ་ཡོད་པ་རེད། ས་འགུལ་བྱུང་སའི་ཡུལ་དེ་གའི་མཐའ་སྐོར་གྱི་སྤྱི་ལེ་༥ནང་རོལ་གྱི་གྲོང་སྡེ་དག་ནི་གླང་ཆེན་ནང་།རྒྱ་ཆུང་ནང་། པ་ན་ནང་།   རྐང་ཆེན་ནང་བཅས་ཡིན་འདུག་པར་མ་ཟད། ཡུལ་དངོས་ནས་སྤྱི་ལེ་༢༠མཚམས་སུ་ཤར་སྟོད་ཡུལ་ཚོད་ཡོད་ལ། རྫ་སྟོད་རྫོང་ལ་སྤྱི་ལེ་༣༦དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་སྤྱི་ལེ་༡༩༥ ལྷ་ས་ལ་སྤྱི་ལེ་༥༠༦ཡོད་པ་རེད།  རྒྱུས་ལོན་བྱས་པ་ལྟར་ན།  རྫ་སྟོད་རྫོང་གི་ས་ངོས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣.༥ཡོད་པ་དང་། ༢༠༡༣ལོར་མི་གྲངས་ཁྲི་༣.༤ལྷག་ཡོད་པ་རེད། རྫོང་འདིར་བོད་རིགས་གཙོས། རྒྱ་དང་། ཐུའུ་ཅ།  ཧུའི། སོག་རིགས་བཅས་ཡོད་ལ།   མཐོ་སྒང་གི་གནམ་གཤིས་ཁོངས་སུ་གཏོགས་ཤིང་།  ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་རྨི་༤༠༦༩ཡིན་འདུག་ལ།  ས་འགུལ་བྱུང་བའི་གནོད་སྐྱོན་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན། 


ས་འགུལ་བྱུང་སའི་ཡུལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541857
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།