བརྩེ་བ་དང་གཉོར་སྐྱོང་ཐོབ་པའི་བྱིས་པ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »བརྩེ་བ་དང་གཉོར་སྐྱོང་ཐོབ་པའི་བྱིས་པ་ཞིག
བརྩེ་བ་དང་གཉོར་སྐྱོང་ཐོབ་པའི་བྱིས་པ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-08ལྟ་ཀློག (6219)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བརྩེ་བ་དང་གཉོར་སྐྱོང་ཐོབ་པའི་བྱིས་པ་ཞིག

   2016/09/26     11:41:50

      ཉིན་འདི་དག་གི་ནང་། བྱིས་པ་ཞིག་བསྐྱབས་རྗེས་ཀྱི་སྔ་རྗེས་གཉིས་བསྡུར་བའི་པར་རིས་ཤིག་པོ་འཕྲིན་སྟེང་ཡོངས་ཁྱབ་ཏུ་བཀྲམ་བཞིན་ཡོད་དེ། གཡོན་ཕྱོགས་ཀྱི་པར་རིས་དེ་ནི་སྐབས་དེར་མི་མང་བོས་དྲ་བར་གང་ཐུབ་ཀྱིས་སྤེལ་བ་དེ་ཡིན་ལ། གཡས་ཕྱོགས་ཀྱི་དེ་ནི་ལོ་གཅིག་གི་རྗེས་སུ་བྱིས་པ་དེར་བརྩེ་བ་དང་བདག་སྐྱོང་ཐོབ་རྗེས་ཀྱི་པར་རིས་རེད་ཟེར།

   བསྡུར་བ་གཏོང་བའི་གཡོན་ཕྱོགས་ཀྱི་པར་རིས་འདི་ནི་ད་ལོའི་ལོ་འགོར་གང་ཐུབ་སྒོས་ཡོངས་ཁྱབ་ཏུ་བཀྲམ་པའི་འདྲ་པར་ཞིག་ཡིན་ལ། མི་རྒྱུད་དཀར་བོའི་བུད་མེད་ཅིག་གིས་ཀེང་རུས་ལྟར་སྐམ་རིད་དུ་གྱུར་ཞིང་དང་ལུས་ཡོངས་མི་གཙང་འདམ་རྫབ་ཀྱིས་སྦགས་པའི་ཧྥེ་གླིང་གི་ཉམ་ཐག་བྱིས་པ་ཞིག་ལ་ཟས་ཆུ་སྟེར་བའི་འདྲ་པར་ཡིན།བསྡུར་བ་བྱེད་པའི་གཡས་ཀྱི་པར་རིས་སྟེང་གི་བུ་ཆུང་དེ་ནི་བདག་ཉར་བྱས་ཏེ་ལོ་གཅིག་ཕྱིན་པའི་རྗེས་ཀྱི་མཉམ་པར་རེད་ཟེར། བུད་མེད་དེས་བུ་ཆུང་དེ་ལ་འོ་བྱེད་བཞིན་ཡོད་པ་དང་བུ་ཆུང་དེའང་སྔོན་ཆད་ཀྱི་རེ་ཐག་ཆད་པའི་སྣང་ཚུལ་ལ་འགྱུར་ལྡོག་ཐེབས་ནས་ངོ་གདོང་ལ་འཛུམ་ཆུང་འཁྱིལ་འདུག

  པར་རིས་འདིའི་སྟེང་གི་དབྱིན་ཡིག་གི་ནང་དོན་ནི། ལོ་ངོ་གཅིག་གི་རྗེས་སུ་མ་ཡུམ་ཞིག་བྱེད་འདོད་ཡོད་ནའང་རང་ལ་བྱིས་པ་སྐྱེ་དགོས་དོན་མེད་ཅེས་པའོ།།  གང་ལྟར་ཁོ་མོས་མི་རྣམས་ལ་ཧྥེ་གླིང་གི་བྱིས་པར་དོ་སྣང་དང་བདག་མེད་དྭ་ཕྲུག་ཉར་གསོ་བྱེད་པར་འབོད་སྐུལ་བཏང་། ཡང་མི་མང་བོ་ཞིག་ལ་བསྡུར་བ་གཏོང་བའི་པར་རིས་འདི་ངོ་མ་ཡིན་མིན་ཐད་ཐེ་ཚོམ་དང་དོགས་འདྲི་བྱུང་ཡོད། དེ་བས་ང་ཚོས་སྔོན་ལ་གཡོན་གྱི་པར་རིས་འདི་གསལ་བཤད་ཅིག་བྱ། པར་འདི་ནི་ད་ལོའི་སྤྱི་ཟླ1ཚེས31ཉིན་པར་དུ་སྒྲོན་པ་ཞིག་ཡིན་ཞིང་། བུད་མེད་འདིའི་མིང་ལ་ཨན་ཡ•རིན་གི་རོན•ལོ་བིནAnja Ringgren Lovenཟེར་བ་དང་ཏན་མག་རྒྱལ་ཁབ་ཀྱི་མི་ཡིན། ཧྥེ་གླིང་དུ་ཁོ་མོས་དགེ་སྒྲུབ་ཀྱི་སྒྲིག་གཞིའི་རྩ་འཛུགས་ལས་ཁུངས་ཤིག་གཉེར་བཞིན་ཡོད་པ་དང་ཧྥེ་གླིང་གི་བྱིས་པའི་སློབ་གསོ་དང་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་དང་། བདག་མེད་དུ་དོར་བའི་བྱིས་པ་ཚོར་འགེབས་སྲུང་དང་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

  སྤྱི་ཟླ1ཚེས31ཉིན། ལོ་བིན་གྱིས་ནེ་རི་ལེ་ཡ་རྒྱལ་ཁབ་ཀྱི་མངའ་སྡེ་ཨ་ཁྭ་དབྱི་པོ་མོའི་ལྟེ་གནས་གྲོང་ཁྱེར་བོའུ་ཡོས་ཀྱི་སྲང་ལམ་ཞིག་ཏུ་ལོ2ཙམ་ཡིན་པའི་བུ་ཆུང་འདི་མཐོང་བ་རེད། བུ་ཆུང་འདིའི་མིང་ཤེས་མཁན་མི་གཅིག་ཀྱང་མེད་པ་དང་ཕ་མ་གཉིས་སུ་ཡིན་ཤེས་མཁན་ཡང་མེད། གཅིག་ཤེས་པ་ནི་ཁོ་རང་"དམེ་ཕྲུག"ཅིག་ཡིན་པ་དེའོ།། འདིས་མི་གཞན་དང་ཐ་ན་འདི་ལ་འབྲེལ་འདྲིས་བྱེད་མཁན་རྣམས་ལ་བཀྲ་མི་ཤིས་པའི་ཆག་སྒོ་ཁྱེར་འོང་ཟེར། ཁོ་ནི་ལྷ་བ་གདན་དྲངས་ཀྱང་གདོན་འདྲེ་མ་ཐུལ་བའི་རྗེས་སུ་ཁྱིམ་མིས་ཀྱང་བས་མཐར་བདག་མེད་དུ་བསྐྲད་པ་རེད། མ་བསྐྱབས་པའི་སྔོན་ལ་བྱིས་པ་འདི་སྲང་ལམ་གང་སར་ཟླ་བ8ལྷག་གི་རིང་སྤྲང་འཁྱམ་བྱས་ཟིན་པ་དང་དུས་ཡུན་དེའི་རིང་ཁོས་ལམ་འགྲོ་བས་གད་སྙིགས་ནང་འཕངས་པའི་ཟས་ལྷག་ངན་ངོན་ལ་བརྟེན་ནས་སྲོག་འཚོ་ཐབས་བྱས། ཡིན་ནའང་མི་སུ་གཅིག་གིས་ཀྱང་ཁོ་ལ་འབྲེལ་འདྲིས་བྱེད་འདོད་མེད་པ་དང་བདག་ཉར་བྱེད་འདོད་མཁན་ནི་དེ་བས་ཀྱང་མེད་དོ།།  ལོ་བིན་བྱིས་པ་དེ་དང་འཕྲད་རྗེས་ཧང་སངས་པ་དང་དེ་མ་ཐག་ཟས་རིགས་དང་ཆུ་བྱིན་ནས་བྱིས་པ་འདིའི་བཀྲེས་སྐོམ་སེལ་ཐབས་བྱས། སྐད་ཅིག་མ་དེར་ཁོ་མོའི་འགྲོ་རོགས་ཚོས་རྗེས་སུ་སྐད་གྲགས་ཆོད་པའི་པར་འདི་སྒྲོན་པར་མ་ཟད་དགེ་སྒྲུབ་རྩ་འཛུགས་ལས་ཁུངས་ཀྱི་ངོ་དེབ་ཏུ་བཀོད།

 

   པར་འདི་དེ་མ་ཐག་ངོ་དེབ་དང་འཕྲིན་སྟེགས་གཞན་གྱི་དྲ་བར་ཡང་བརྒྱུད་འགོད་བྱས་ཏེ་གླེང་གཞིའི་ནུས་པ་ཆེན་པོ་ཐོན། དེ་ཡང་མི་མང་བོ་ཞིག་གིས་ཁོ་མོར་བྱིས་པ་འདི་ནི་བཀྲ་ཤིས་སྣ་ནག་མ་ཞིག་རེད་ཅེས་བཤད་ནའང་། ལོ་བིནLovenགྱིས་དེ་ལ་ཁ་ཡ་མ་བྱས་པར་ནད་ཡམས་དང་བཀྲེས་ལྟོགས་ཀྱིས་ལྷག་མེད་དུ་གཙེས་པའི་བུ་ཆུང་འདིའི་སྟེང་དུ་བལ་ཕྱར་བཀབ་སྟེ་པང་དུ་བཟུང་བ་དང་། ཉེ་ཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས།

བུ་ཆུང་འདིའི་ལུས་ཟུངས་ཟད་དེ་ཤིན་ཏུ་ཉམ་ཐག་པ་དང་ལུས་སྟེང་དུ་ད་དུང་རྨ་ཁས་ཁེངས་འདུག་ལ་རྨ་ཁ་ལ་ལར་འབུའང་ཞུགས་འདུག

བྱིས་པ་འདི་སྨན་ཁང་དུ་བསྐྱལ་རྗེས་དུག་སེལ་ཀྱི་ཁྲུས་བྱས་པ་དང་ནད་འབུ་གཙང་སེལ། ཁྲག་རྒྱག་པ། སྨན་གསོ་སོགས་བྱས་པ་ན་རིམ་གྱིས་ནད་གཞི་དྲག་སྐྱེད་བྱུང་།

སྨན་གསོ་བྱས་རྗེས། ཁོ་རང་ལོ་བིན་གྱི་བུ་ཆུང་དང་མཉམ་དུ་རྩེད་མོ་ལ་རོལ་བ་དང་ལོ་བིན་གྱིས་རྣམ་པ་འདི་མཐོང་རྗེས་སེམས་སུ་དུངས་པ་དང་དགའ་སྤྲོ་ཚད་མེད་སྐྱེས།

   ལོ་བིན་གྱིས་བུ་ཆུང་འདིའི་མིང་ལ་ཧོ་ཕུ(Hope)ཞེས་བཏགས་པ་དང་དེ་ནི་“རེ་བ་”ཞེས་པའི་དོན་ཡིན། ཧོ་ཕུ་ལ་སྨན་རིན་དང་བདག་མེད་དོར་བའི་བྱིས་པ་དེ་བས་ཀྱང་མང་བོ་ཞིག་སྐྱོབ་སླད། ཁོ་མོས་སྤྱི་ཚོགས་འབྲེལ་བའི་འཕྲིན་སྟེགས་དྲ་བ་བརྒྱུད་དེ་མགྱོགས་མྱུར་ངང་ཨ་སྒོར་ཁྲི་བརྒྱ་ལྷག་གི་རོགས་སྐྱོར་མ་དངུལ་གྱི་ཞལ་འདེབས་བསྡུ་ཐུབ་སོང་བ་རེད།  ཧོ་ཕུ་ནི་མནར་གཅོད་ཀྱི་སྡུག་བསྔལ་ཚད་མེད་མྱངས་པའི་དམེ་ཕྲུག་དེ་དག་ཁྲོད་ཀྱི་གཅིག་ཡིན་ནོ།།

གསར་འགྱུར་སྨྱན་གཟུགས་ཁག་གིས་སྤེལ་བར་གཞིགས་ན། ཉེ་བའི་ལོ་ངོ་འདི་དག་རིང་། ཧྥེ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་སུ་བྱིས་པ་ཧ་ཅང་མང་བོ་ཞིག"གདོན་འདྲེ་ལུས་ལ་ཞུགས་པའི""དམེ་ཕྲུག"ལ་ངོས་འཛིན་བྱས་པ་རེད། ས་ཆ་མང་བོ་ཞིག་ཏུ། "དམེ་ཕྲུག"གནས་ནས་སྐྲོད་པ་དང་ཐ་ན་དེ་ནི་ཁེ་སྤོགས་མོད་པོ་རག་པའི་རྒྱུ་ནོར་གྱི་འབྲེལ་ཐག་རིང་མོ་ཞིག་ཏུའང་གྱུར་ཡོད་དོ།།  བྱིས་པ་ཞིག་"དམེ་ཕྲུག"ཡིན་མིན་ཇི་ལྟར་ཐག་གཅོད་དམ་ཞེ་ན། དེ་ནི་ཆོས་དཔོན་གྱིས་རང་འདོད་ལྟར་ཐག་གཅོད་བྱེད་པ་ཡིན་ཏེ། གལ་ཏེ་ཆོས་དཔོན་གྱིས་བྱིས་པ་ཆེ་གེ་མོ་ནི་"དམེ་ཕྲུག"ཡིན་པར་ཐག་བཅད་ན་ཁོ་ཚོས་བྱིས་པའི་ཁྱིམ་ནས་ཧ་ལམ་དུད་ཁྱིམ་གཅིག་གི་ལོ་གཅིག་ཧྲིལ་བོའི་གྲོན་དངུལ་ཆ་ཚང་འབུལ་བར་བླངས་ཏེ་བྱིས་པ་དེ་ལ་འདྲེ་གདོན་སྐྲོད་པའི་ཆོ་ག་སྤེལ་བ་རེད།

མི་ཁ་ཤས་ཤིག་གིས་རླངས་སྣུམ་མིག་དང་རྣ་བར་བླུགས་ན་འདྲེ་གདོན་སྐྲོད་ཐུབ་སྙམ་པ་དང་བྱིས་པ་སྐོར་ཞིག་ཐ་ན་གདོན་སྐྲོད་ཀྱི་ཆོ་ག་སྤེལ་སྐབས་གཅར་རྡུང་བཏང་ནས་སྲོག་དང་བྲལ་བར་བྱས་པ་རེད།  ཡུལ་དེ་གར་ཤུགས་རྐྱེན་ཧ་ཅང་ཆེ་བའི་ཆོས་ལུགས་དབུ་ཁྲིད་དག་གིས་ཀྱང་གདོན་སྐྲོད་ཆོ་ག་ཟེར་བར་བསྙད་བཏགས་ནས་རྒྱུ་ནོར་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་དོ།།

   མིང་ལNwanaokwo Edetཟེར་བའི་ནེ་རི་ལེ་ཡའི་བྱིས་པ་ཞིག་ཆོས་ཚོགས་ཀྱི་ཆོས་དཔོན་ནས་"དམེ་ཕྲུག"ཏུ་ངོས་བཟུང་བས། ཕ་དེས་བུ་ཕྲུག་གི་ཁ་ནང་དུ་སྐྱུར་ཆུའི་རྫས་འགྱུར་བླུགས་ཏེ་གདོན་སྐྲོད་བྱས། སྐབས་དེར་ཁོས་སྲོག་བསྡོས་ཀྱིས་འཕག་འཚག་བྱས་ནའང་རྫས་འགྱུར་གྱི་སྐྱུར་ཆུ་དྲག་པོ་ཁོའི་ངོ་གདོང་དང་མིག་ཟུང་དུ་བཙན་གྱིས་བླུགས་པས་ཟླ་གཅིག་གི་རྗེས་སུ་ཉམ་ང་བའི་བྱིས་པ་འདི་འཇིག་རྟེན་དང་གཏན་བྲལ་བྱས།  འདི་ལྟ་བུའི་དོན་རྐྱེན་འདི་ནི་རི་རབ་ཀྱི་ཟུར་ཙམ་ཞིག་ཡིན་ཏེ། བསྡོམས་རྩིས་བྱས་པ་ལྟར་ན་ནེ་རི་ལེ་ཡ་རྒྱལ་ཁབ་གཅིག་པུའི་མངའ་སྡེ་གཉིས་ཀྱི་ནང་དུ། འདས་པའི་ལོ་ངོ10རིང་དུ་བྱིས་པ་ཁྲི1དང་སྟོང5ལྷག་ དམེ་ཕྲུག ཏུ་ངོས་འཛིན་བྱས་ཟིན་པ་དང་མ་མཐའ་ཡང་དེའི་ཁྲོད་ཀྱི་བྱིས་པ་སྟོང1དམར་གསོད་ཐེབས་ཡོད།  ལོ་བིན་གྱིས་བཤད་དོན། ལོ་ངོ་གསུམ་གྱི་སྔོན་དུ་ང་རང་གཅིག་པུ་ནེ་རི་ལེ་ཡ་རུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་པར་འོངས་དུས།  དམེ་ཕྲུག ཏུ་ངོས་འཛིན་བྱས་པའི་བྱིས་པ་སྐོར་ཞིག་དང་འཕྲད་བྱུང་། ཁོ་ཚོས་བཟོད་པར་དཀའ་བའི་མནར་གཅོད་དང་སྡུག་བསྔལ་ཚད་མེད་མྱངས་ཏེ་འཆི་ལ་ཉེ་བ་དང་ད་དུང་ཁ་ཤས་བདག་མེད་དུ་གྱུར་རྗེས་རང་སྲོག་རང་གིས་ལེན་པའི་གནས་ཚུལ་ཡང་བྱུང་ཡོད།   སྐྱི་གཡའ་བའི་གནས་སྟངས་དེ་མཐོང་རྗེས། ལོ་ངོ་གསུམ་གྱི་སྔོན་ལ་ལོ་བིན་དང་ནེ་རི་ལེ་ཡ་ནས་ཡིན་པའི་ཏ་བེ(David Emmanuel Uwem)གཉིས་ཀྱིས་ཧྥེ་གླིང་བྱིས་པ་རོགས་སྐྱོབ་སློབ་གསོ་དང་འཕེལ་རྒྱས་ཐེབས་རྩ(ACAEDF)ཞེས་པའི་བྱིས་པ་འགེབས་སྲུང་བདག་ཉར་ཁང་ཞིག་བཙུགས་པ་དང་། དེ་ནི་དམེ་ཕྲུག ལ་ངོས་འཛིན་བྱས་པའི་བྱིས་པ་དེ་དག་བདག་ཉར་བྱེད་སླད་ཆེད་དམིགས་སྒོས་བཙུགས་པ་ཞིག་རེད།

  ལོ་བིན་དང་ཏ་བེ་གཉིས་ལ་ལོ2ཡིན་པའི་བུ་ཆུང་ཞིག་ཡོད་པ་དང་དེ་ལས་གཞན་བདག་ཉར་བྱེད་བཞིན་པའི་བྱིས་པ30ལྷག་ཡོད་ལ། དེ་དག་ཚང་མ་ཉེས་མེད་ཉེས་འདོགས་བྱས་པའི་"དམེ་ཕྲུག"འབའ་ཞིག་ཡིན། སྔོན་ཆད་ཉེས་རྡུང་ཚད་མེད་ཐེབས་ཤིང་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་མེད་མྱངས་པའི་བྱིས་པ་འདི་དག་ད་ལྟ་ཕན་བདེ་དགེ་ལས་ཁང་འདི་རུ་བདེ་ཐང་དང་སྤྲོ་སྐྱིད་ངང་འཚར་ལོངས་བྱུང་བཞིན།

     ཧོ་ཕུའང་བྱིས་པ30ལྷག་དང་ལས་དབང་གཅིག་མཚུངས་སྒོ་ནས་ལས་ཁུངས་འདི་རུ་འཚར་ལོངས་བྱུང་བཞིན་ཡོད་ལ། ལོ་བིན་གྱིས་ཀྱང་རྒྱུན་དུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་འཕྲིན་སྟེགས་དྲ་བ་རུ་བྱིས་པ་འདིའི་འདྲ་པར་སྤེལ་བཞིན་ཡོད།

   ཧ་ལམ་འཆི་བར་ཉེ་ཞིང་ཀེང་རུས་ལྟར་སྐམ་རིད་དུ་གྱུར་བའི་"དམེ་ཕྲུག"ཧོ་ཕུ་རིམ་གྱིས་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་ཁོ་ནི་གདོང་ཡོངས་སུ་འཛུམ་ཆུང་གྲོལ་བའི་རྒྱུན་ལྡན་གྱི་བྱིས་པ་ཞིག་རེད། དེ་བས་ཐོག་མའི་པར་རིས་དེ་ལ་བསྡུར་བ་བཏང་ཆོག་པའི་འདྲ་པརའང་ཡོད་དོ།།

ཡིན་ནའང་གསལ་བཤད་བྱེད་དགོས་པ་ཞིག་ལ། བསྡུར་བ་གཏོང་བའི་གོང་གསལ་གྱི་པར་རིས་འདི་ལ་ནོར་འཁྲུལ་ཞིག་བྱུང་ཡོད་དེ། གཡས་ཀྱི་པར་རིས་དེ་ལོ་བིན་དང་ཧོ་ཕུ་གཉིས་མ་ཡིན་པར་དེ་ནི་ཁོ་མོའི་བུDavid Junior Lovén Umemདང་ཁོ་མོ་མ་བུ་གཉིས་ཀྱི་མཉམ་པར་ཡིན།

གཤམ་གྱི་པར་རིས་འདི་དག་ནི་ད་གཟོད་ལོ་བིན་དང་ཧོ་ཕུ་གཉིས་ཀྱི་མཉམ་པར་རེད།

  རྒྱུ་མཚན་དེའི་དབང་གིས། གོང་གི་འདྲ་པར་དེ་ལ་ནོར་འཁྲུལ་ཤོར་ཡོད་མོད། ཡིན་ནའང་ཧོ་ཕུ་བདེ་ཐང་ངང་འཚར་ལོངས་བྱུང་བར་བྱས་པ་ནི་དོན་ངོ་མ་ཡིན་ལ། ཧོ་ཕུ་སྤྱང་གྲུང་འཛོམས་ཤིང་སྙིང་རྗེ་བའི་བུ་ཆུང་ཞིག་ཏུ་གྱུར་བའང་ངོ་མ་ཡིན། བྱམས་བརྩེ་དང་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་ལོ་བིན་གྱི་སེམས་རྒྱུད་ནི་དེ་བས་ཀྱང་ལྷད་མེད་ངོ་མ་ཡིན་ནོ།།

ཁོ་མོ་ནི་དོན་དམ་པའི་བྱམས་སེམས་ལྡན་པའི་སྐྱེས་མ་ཞིག་གོ།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540767
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།