ཁོ་ལོམ་པི་ཡའི་སྲིད་འཛིན་སང་ཐོའོ་སི་ལ་ནོལ་པེ་ཞི་བདེ་གཟེངས་རྟགས་ཐོབ་པ།
གསར་འགོད་པ། སྤྲེལ་ཉི་མ་རྒྱལ་མཚན།
ནོར་ཝེ་རྒྱལ་ཁབ་ནོལ་པེ་གཟེངས་རྟགས་ལྷན་ཚོགས་ནས་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ནོལ་པེ་ཞི་བདེ་གཟེངས་རྟགས་དེ་ཁོ་ལོམ་པི་ཡའི་སྲིད་འཛིན་ཧོ་འན་•མན་ནོའོ་ཨེའར་སང་ཐོའོ་སི་ལ་གནང་རྒྱུ་ཁྱབ་བསྒྲགས་གནང་། ལྷན་ཚོགས་ནས་ཁོང་གིས་ཁོ་ལོམ་པི་ཡའི་མི་ལོ་ལྔ་བཅུའི་རིང་གི་ནང་འཁྲུག་མཇུག་སྒྲིལ་བའི་བྱས་རྗེས་ལ་བསྔགས་བརྗོད་གནང་ཡོད། ནང་འཁྲུག་འདིའི་རྐྱེན་ད་ལྟའི་བར་ཉུང་མཐར་ཡང་ཁོ་ལོམ་པི་ཡའི་མི་ཉིས་འབུམ་ཉིས་ཁྲི་ལྷག་གི་སྲོག་ཤོར་ཞིང་མི་གྲངས་ས་ཡ་དྲུག་ཡུལ་གྱར་བར་གྱུར་ཡོད་དོ།།
ཁོ་ལིམ་པུ་ཡའི་སྲིད་འཛིན་ཧོ་འན་མན་ནོའི་ཨེའར་སང་ཐོའི་སི།
ནོལ་པེ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་གནང་བཞིན་པ།
༼ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་གསར་འགྱུར་པོད་འཕྲིན་ལས་བཤུས་ཏེ་བསྒྱུར་ཏོ། ༽
|