ཟས་ཟོས་མ་ཐག་པའི་འཛེམ་བྱ་བདུན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »ཟས་ཟོས་མ་ཐག་པའི་འཛེམ་བྱ་བདུན།
ཟས་ཟོས་མ་ཐག་པའི་འཛེམ་བྱ་བདུན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-05ལྟ་ཀློག (6918)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟས་ཟོས་མ་ཐག་པའི་འཛེམ་བྱ་བདུན།

གཅིག དུ༌བ༌འཐེན༌པ།  ཟ༌མ༌ཟོས༌མ༌ཐག༌ཕོ༌བ༌དང༌རྒྱུ༌མའི༌ནུར༌འགུལ༌དང༌ལུས༌ཀྱི༌ཁྲག༌རྒྱུན༌འཁོར༌སྐྱོད༌ཇེ༌མང༌དང༌ཇེ༌མགྱོགས༌སུ༌སོང༌ཡོད༌ཕྱིར༌དུ༌བའི༌ཁྲོད༌ཀྱི༌དུག༌རྫས༌ཀྱང༌ནམ༌རྒྱུན༌ལས༌ལྡབ༌བཅུ༌ཡིས༌མཐོ༌བ༌ཞིག༌ལུས༌སྟེང༌ལ༌འཇིབ༌ཀྱིན༌ཡོད༌པ༌རེད།གཉིས།ཇ༌འཐུང༌བ། ཇའི༌ནང༌གི༌སྐྱུར༌རྫས༌དང༌ཟ༌མའི༌ཁྲོད༌ཀྱི༌ལྕགས༌དང༌ཏི༌ཚའི༌རིགས༌སོགས༌འདྲེས༌ན༌ཕོ༌བར༌ཞུ༌དཀའ༌བའི༌རྫས༌སུ༌གྱུར༌བས༌ཟ༌མའི༌ཁྲོད༌ཀྱི༌རྫས༌དེ༌དག༌གིས༌འཚོ༌བཅུད༌ཀྱི༌ནུས༌པ༌

མི༌ཐོན༌པ༌སོགས༌ཀྱི༌གནོད༌པ༌ཡོད༌ཕྱིར༌དུས༌ཚོད༌ཕྱེད༌ཀའི༌རྗེས༌ནས༌འཐུང༌ན༌གནོད༌པ༌ཆེན༌པོ༌མེད།གསུམ།ལུས༌པོ༌བཀྲུ༌བ། ཟ༌མ༌ཟོས༌མ༌ཐག༌ལུས༌པོ༌བཀྲུས༌ན༌ཕོ༌བ༌དང༌རྒྱུ༌མའི༌ཁྲག༌གི༌འཁོར༌རྒྱུན༌ཇེ་དལ༌དུ༌སོང༌བ༌དང༌བསྟུན༌ཕོ༌བའི༌འཇུ༌སྟོབས༌ཀྱང༌ཇེ༌ཞན༌དུ༌འགྲོ༌བས༌ཆུ༌ཚོད༌གཅིག༌གམ༌གཉིས༌ཀྱི༌རྗེས༌ནས༌བྱས༌ན༌བཟང༌།བཞི།འཆམ༌འཆམ༌དུ༌འགྲོ༌བ།ཟ༌མ༌ཟོས༌མ༌ཐག༌འཆམ༌འཆམ༌དུ༌སོང༌ན༌འགུལ་བསྐྱོད་ཀྱི༌འཕར༌ཚད༌དང༌བསྟུན༌ཕོ༌བའི༌ཟ༌མ༌འཇིབ༌ལེན༌གྱི༌ནུས༌པ༌ཇེ༌ཞན༌དུ༌འགྲོ༌བ༌དང༌ལྷག༌པར༌བགྲེས༌པོ་དག༌ལ༌མཚོན༌ན༌སྙིང༌ནུས༌དང༌ཁྲག༌རྒྱུན༌འཁོར༌བསྐྱོད༌ལ༌སྙོམ༌སྒྲིག༌བྱེད༌པར༌ཡང༌ཤུགས༌རྐྱེན༌མི༌ལེགས༌པ༌ཐེབས༌ཀྱིན༌ཡོད།

ལྔ།རླངས༌འཁོར༌བསྐོར༌བ།བརྟག༌དཔྱད༌བྱས༌པ༌ལྟར༌ན།ཁ༌ལོ༌བས༌ཟ༌མ༌ཟོས༌ནས་འགྲངས༌པའི༌སྐབས༌སུ༌རླངས༌འཁོར༌བསྐོར༌ན༌དོན༌རྐྱེན༌འབྱུང༌སླ༌བ༌དང༌རྒྱུ༌མཚན༌ནི༌ལྟོ༌འགྲངས༌པའི༌སྐབས༌སུ༌ཕོ༌བ༌འཇུ༌བར༌བྱེད༌པ༌ལ༌ལས༌ཀྱི༌ཁྲག༌མང༌པོ༌ཞིག༌མཁོ༌སྤྲོད༌བྱེད༌དགོས༌པས༌གནས༌སྐབས༌སུ༌ཀླད༌པའི༌ཁྲག༌རྒྱུན༌ཇེ༌ཉུང༌དུ༌བྱིན༌པས༌ནོར༌འཁྲུལ༌མང༌པོ༌འབྱུང༌བཞིན༌ཡོད༌པ༌རེད།

དྲུག སིལ༌ཏོག༌གི༌རིགས༌ཟ༌བ།  ཕོ༌བའི༌ཟ༌མ༌འཇུ༌བ༌ལ༌ཆུ༌ཚོད༌གཅིག༌ནས༌གཉིས༌ལྷག༌གི༌གོ༌རིམ༌བརྒྱུད༌རྗེས༌ད༌གཟོད༌རྒྱུ༌ཆུང༌དུ༌དེད༌པ༌ཡིན༌ལ༌སྐབས༌འདིར༌སིལ༌ཏོག༌གི༌རིགས༌ཟས༌ན༌ཟ༌མ༌ཡུན༌རིང༌བོར༌འཇུ༌དཀའ༌བར་མ༌ཟད༌ཕོ༌བའི༌འཇུ༌སྟོབས༌ཀྱང༌ཇེ༌ཞན༌དུ༌འགྲོ༌བས༌ཟ༌མ༌ཟས༌སྔོན༌ལ༌ཟས༌ན༌འཚོ༌བཅུད༌ལ༌ཧ༌ཅང༌ཕན།

བདུན། སོ༌བཀྲུ༌མི༌རུང༌བ།  ཟ༌མ༌ཟས༌རྗེས༌ཟ༌མའི༌ཁྲོད༌ཀྱི༌སྐྱུར༌རྫས༌རིགས༌མང༌པོ༌ཞིག༌སོ༌སྟེང༌དུ༌ཆགས༌ཏེ༌སོ༌རྩི༌ཇེ༌སྙིར༌འགྲོ༌བ༌དང༌།དེ༌དག༌སོའི༌གསང༌གི༌གཱེ(钙)དང༌ལཱེན(磷སོགས༌ཀྱི༌འདུས༌རྡུལ༌རིགས༌ལ༌འགྱུར༌བ་འབྱུང༌བ༌དང༌སྐབས༌འདིར༌སོ༌བཀྲུས༌ན༌སོའི༌སྤུས་ཚད༌སྔར༌ལས༌ལྷག༌པའི༌ཇེ༌ཞན༌དུ༌འགྲོ༌བ༌ཡིན།གཞན༌ད༌དུང༌ཟ༌མ༌ཟོས༌མ༌ཐག༌མལ༌དུ༌ལོག༌ན༌ཚོ༌འབུད༌པ༌དང༌དོར༌ཆབ༌ལྷོད༌ན༌ཕོ༌བ༌ལུགས༌པ༌སོགས༌ལུས༌སེམས༌གཉིས༌ཀ༌ལ༌གནོད༌པའི༌གོམས༌གཤིས༌ངན༌པ༌འདི༌དག༌ལ༌ཀུན༌གྱིས༌གཟབ༌པར༌འཚལ།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503581
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།