རྩྭ་ཐང་བུ་མོའི་སློབ་གླིང་དུ་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གླིང་དུ་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་གྱ
རྩྭ་ཐང་བུ་མོའི་སློབ་གླིང་དུ་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-04ལྟ་ཀློག (6930)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩྭ་ཐང་བུ་མོའི་སློབ་གླིང་དུ་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

       2016ལོའི་ཟླ་10ཚེས2ཉིན་གྱི་སྔ་དྲོར་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་ཉིས་སྟོང་བཅུ་དྲུག་ལོའི་འབྲིང་རྒྱུགས་རྒྱུགས་ཞུགས་ཁྲོད་མགོ་ལོག་ཁུལ་ཡོངས་ཀྱི་རྒྱུགས་འབྲས་རྩེར་སོན་སློབ་མའི་གཟེངས་བསྟོད་མཛད་སྒོ་ཞེས་པའི་བྱ་འགུལ་ཞིག་སྤེལ། བྱ་འགུལ་སྟེང་སློབ་གླིང་འདིའི་བྱེད་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ཕེབས་ནས་རང་སློབ་གླིང་གི་དགེ་སློབ་ཡོངས་ལ་བཀའ་སློབ་གནང་བར་མ་ཟད། ད་ལོའི་མགོ་ལོག་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་སློབ་མ་2295ཁྲོད་ཨང་དང་བོ་ཐོབ་པའི་སློབ་མ་རིན་ཆེན་མཚོ། ཨང་གསུམ་པ་ཐོབ་པའི་སློབ་མ་སྙིང་དཀར་མཚོ། ཨང་ལྔ་བ་ཐོབ་པའི་སློབ་མ་དབང་ཆེན་མཚོ། ཨང་བཅོ་ལྔ་བ་ཐོབ་པའི་སློབ་མ་གཅོད་པ་སྐྱིད་སོགས་རྒྱལ་སྟོན་དུས་ཆེན་གྱི་སྐབས་དང་བསྟུན་ནས་ཕྱིར་སློབ་གྲྭར་བོས་ཏེ། སྦྱངས་འབྲས་གཡུར་དུ་ཟ་བ་བླངས་པ་ལ་བྱ་དགའ་གནང་། ད་དུང་སློབ་དཔོན་ལགས་ཀྱིས་མཐར་ཕྱིན་པའི་སློབ་མ་དང་མཐར་ཕྱིན་འགྱུར་གྱི་སློབ་མ་ཡོངས་ལ་གསུང་བཤད་རིན་ཐང་བྲལ་བ་གནང་སྟེ།  གསེར་ལས་ལྷག་པའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་འབད་པ་བྱེད་དགོས་པའི་སྐོར་གྱི་ལམ་སྟོན་བསླབ་བྱ་གནང་བར་དེར་བཞུགས་ཀྱི་དགེ་སློབ་ཡོངས་སྤྲོ་དགའི་དཔལ་གྱིས་འཁུམས་པར་བྱས།

ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་ཨང་དང་ཐོབ་པའི་སློབ་མ་རིན་ཆེན་མཚོ་ལ་བྱ་དགའ་གནང་བཞིན་པ།

རྒྱུགས་འབྲས་རྩེར་སོན་སློབ་མར་གཟེངས་བསྟོད་བྱ་དགའ་གནང་བཞིན་པ།

ཁུལ་ཡོངས་ཀྱི་ཨང་དང་བོ། ཨང་གསུམ་པ། ཨང་ལྔ་བ་སོགས་ཐོབ་པའི་སློབ་མར་གཟེངས་བསྟོད་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།

      2016ལོའི་ཟླ་10ཚེས2ཉིན་ཀྱི་དགོང་མོར་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་མོ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་གྱི་དགེན་མཁའ་མོ་རྒྱལ། གཞན་ནུབ་བྱང་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྐོར་ཞིག་གིས་རྩོམ་ཡིག་བརྒྱ་ཕྲག་ཅིག་ལས་ལྷུག་རྩོམ་ཉི་ཤུ་བདམས་ཐོན་བྱུང་སྟེ། ཨང་རིམ་བཀར་ནས་ཞིབ་འཇུག་སློབ་མ་གཅོད་པ་མཚོ་དང་རྣམ་རྒྱལ་མཚོ་གཉིས་དགེན་དཔལ་མོ་དང་དགེན་མཁའ་མོ་རྒྱལ་གཉིས་ཀྱི་ཚབ་བྱས་ཏེ་ལན་ཀྲུ་ནས་ཆེད་དུ་ངེད་སློབ་གླིང་ལ་ཕེབས་ནས་བོད་ཀྱི་རྩོམ་ཡིག་གི་འགན་ཁྲི་དང་བོད་ཀྱི་བུ་མོའི་རྩོམ་ཡིག་གི་འགན་ཁྲིའི་སྐོར་ནས་གཏམ་བཤད་གནང་བར་མ་ཟད།  སློབ་བུ་ཉི་ཤུ་ལ་བྱ་དགའ་གནང་། རང་སློབ་གྲྭའི་གླུ་མ་ལས་དབང་ལྷ་མོ་དང་ཡེ་ཤེས་ཆོས་སྒྲོན་སོགས་གླུ་མ་སྐོར་ཞིག་གིས་གླུ་དབྱངས་དང་རིག་རྩལ་གྱིས་རྟེན་འབྲེལ་ཞུས། ངེད་སློབ་གྲྭའི་སློབ་གཙོ་ཡུལ་ལྷ་ལགས་དང་སློབ་སྟོན་པ་དགེ་རྒན་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་ཀྱང་དགེ་སློབ་དྲུག་བརྒྱ་ལྷག་གི་ཚབ་བྱས་ཏེ་དགེ་རྒན་དཔལ་མོ་དང་མཁའ་མོ་རྒྱལ། ཞིབ་འཇུག་སློབ་མ་ཁོ་ཚོའི་བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང་སྐྱིད་ལ་དགེ་མཚན་འབྱུང་བའི་སྨོན་པ་དང་བཀའ་དྲིན་ཞུས།

སྐབས་ལྔ་བའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་ཁྲོད་སློབ་སྟོན་པ་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

སྐབས་ལྔ་བའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་བུ་ཡོངས།

སྐབས་ལྔ་བའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་ཁྲོད་ཞིབ་འཇུག་སློབ་མ་གཅོད་པ་མཚོ་དང་རྣམ་རྒྱལ་མཚོ་གཉིས་ཀྱིས་སློབ་མ་ཚོར་བོད་ཀྱི་བུ་མོའི་འགན་འཁྲི་གླེང་བཞིན་པ།


གླུ་མ་ལས་དབང་ལྷ་མོའི་ངག་གི་འགྱུར་ཁུགས་ཀྱིས་རྟེན་འབྲེལ་ཞུ་བཞིན་པ།

གསར་འགོད་པ། དཀར་མོ་ཡེ་ཤེས།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533847
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།