རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི
རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-02ལྟ་ཀློག (6348)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།

བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྟེང་སློབ་གཙོ་ཡུལ་ལྷ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

    2016ལོའི་ཟླ་10ཚེས་1ཉིན་གྱི་ཕྱི་དྲོ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དམའ་འབྲིང་དང་སློབ་ཆུང་གཉིས་ཏེ་སློབ་གྲྭ་སྤྱི་ནས་<<བློ་རྒྱུགས་གཙང་བོ་དལ་འབབ་>>ཅེས་པའི་བྱ་འགུལ་ཞིག་སྤེལ། དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་ཞེས་གསུངས་པ་ལྟར་བརྗོད་བྱ་དོན་གྱི་རྒན་པོ་རྗོད་བྱེད་ཚིག་གི་མཁར་བ་ལ་བརྟེན་དགོས་པའི་ཕྱིར་ཏེ།  ཚིག་ལ་མ་བརྟེན་པར་དོན་རྟོགས་ཚུལ་མེད་པས། སློབ་གཉེར་བ་ཞིག་དང་སློབ་སྦྱོང་བྱེད་པའི་མི་ཞིག་ཡིན་ན་གཞུང་ཚིག་བློ་འཛིན་མི་བྱེད་པར་བམ་ཀློག་དང་ངག་སྒྲོས་ཐན་ཐུན་གྱིས་ཅི་ཡང་མི་ཕན་པས། སློབ་མ་ཞིག་ཡིན་ན་གཞུང་ལུགས་མང་བོའི་རྩ་སྡོམ་བློར་འཛིན་རྒྱུ་ནི་གལ་ཆེན་ཞིག་ཡིན་པས་ངེད་སློབ་གྲྭའི་སློབ་མ་ཚོས་དུས་རྒྱུན་ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྐྱོར་སྦྱོང་དང་གཤར་སྦྱང་གིས་རྩ་སྡོམ་དང་རང་ལུགས་སོགས་བློར་འཛིན་རྒྱུ་ནི་སློབ་གྲྭ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་དང་གོམས་སྲོལ་ཞིག་ཏུ་ཆགས་ཡོད། ཐེངས་འདིའི་བློ་རྒྱུགས་འགྲན་སྡུར་ནི་སློབ་མ་རེ་གཉིས་ཙམ་མ་ཡིན་པར་འཛིན་གྲྭ་སོ་སོ་བྱས་ནས་བློ་རྒྱུགས་ཕུལ། སློབ་ཆུང་རིམ་པས་ལེགས་བཤད་ལྗོན་དབང་ཆ་ཚང་དང་དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཆ་ཚང་། དག་ཡིག་མཁས་པ་དགའ་སྐྱེད་ཆ་ཚང་། སུམ་རྟགས་རྩ་བ་ཆ་ཚང་། ལེགས་བཤད་ཀྱི་སྡེ། བསླབ་བྱའི་སྡེ་སོགས་བློ་རྒྱུགས་ཕུལ།  དམའ་འབྲིང་རིམ་པས་གཅིག་ཐ་དད་དང་ཡུལ་ཡུལ་ཅན། སྤྱི་བྱེ་བྲག་སོགས་ཀྱི་རང་ལུགས། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་བ། གྲངས་ཀྱི་མངོན་བརྗོད་ཆ་ཚང་། མེ་ལོང་མའི་རྩ་བ། རྒྱལ་རབས་རིམ་བྱོན་སོགས་ངག་ནས་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་དབྱངས་རྟ་སྣ་ཚོགས་ལ་དྲངས་ནས་ཞིབ་མོར་བཏོན། དགེ་རྒན་བཞི་བཅུ་ལྷག་ཕེབས་ནས་སློབ་གཙོ་ཡུལ་ལྷ་ལགས་དང་སློབ་སྟོན་པ་དགེ་རྒན་བཀྲ་ཤིས་ཚེ་རིང་། དམེ་ཚང་ཡེ་ཤེས་རྒྱ་མཚོ། བཟང་རྒྱལ། དངོས་གྲུབ་མཚོ། དཀར་མོ་ཡེ་ཤེས་སོགས་ཀྱིས་དཔྱད་འདེམ་བྱས། དམའ་འབྲིང་རིམ་པའི་ཨང་དང་བོ་དམའ་གཉིས་དང་བོ། གཉིས་པ་དམའ་གཅིག   སློབ་ཆུང་རིམ་པའི་ཨང་དང་བོ་སློབ་རིམ་བཞི་བ་དང་ལྔ་གཅིག་འཛིན་གྲྭ། གཉིས་པ་གསུམ་གཉིས་འཛིན་གྲྭ། གསུམ་པ་སློབ་རིམ་དྲུག་པ་བཅས་ཡིན། མཇུག་མཐར་བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་གཟི་བརྗིད་བསྟོད་བྱང་ཕུལ་ནས་རྒྱལ་ཁའི་ངང་མཇུག་བསྡུས།


༣ བློ་རྒྱུགས་གཙང་བོ་དལ་འབབ་ཀྱི་དཔྱད་འདེམ་པའི་དགེ་རྒན་དང་འཛིན་གྲྭ་སོ་སོ།

བློ་རྒྱུགས་གཙང་བོ་དལ་འབབ་ཁྲོད་བྱ་དགའ་ཐོབ་པའི་སློབ་ཆུང་རིམ་པ།

བློ་རྒྱུགས་གཙང་བོ་དལ་འབབ་ཁྲོད་བྱ་དགའ་ཐོབ་པའི་དམའ་འབྲིང་རིམ་པ།

བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་གནང་སྐབས་ཀྱི་ཡུལ་དངོས།

གསར་འགོད་པ། དཀར་མོ་ཡེ་ཤེས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533973
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།