དཀར་འོ་མ་སོགས་ཀྱི་ཕན་གནོད་ལས་འཕྲོས་པའི་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » དཀར་འོ་མ་སོགས་ཀྱི་ཕན་གནོད་ལས་འཕྲོས་པའི་གཏམ།
དཀར་འོ་མ་སོགས་ཀྱི་ཕན་གནོད་ལས་འཕྲོས་པའི་གཏམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-09-29ལྟ་ཀློག (8067)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

           དཀར་འོ་མ་སོགས་ཀྱི་ཕན་གནོད་ལས་འཕྲོས་པའི་གཏམ།


 ཧྲོང་བོ་ཚེ་བརྟན་རྒྱལ།

   དེ་ཡང་དཀར་གསུམ་སྟེ་ཡོངས་གྲགས་ཀྱི་ཞོ་འོ་མ་མར་བཅས་དང་ད་དུང་དེའི་ཤུགས་ལས་ཕྱུར་བ་ཕྱུར་ཁུ་ཇ་དཀར་ཁུ་ཞུན་མར་སོགས་ཀྱི་ཐུན་མིན་གྱི་ཕན་ཡོན་དང་ལྡོག་ཕྱོགས་ཀྱི་མཉམ་འཇོག་བྱེད་ས་བཅས་གླེང་བར་བྱའོ།།

 གཅིག   འོ་མའི་ཕན་གནོད་གླེང་བ།

   འོ་མ་སྤྱིའི་ནུས་པ་ནི། རྗེ་དེའུ་དམར་བའི་ཤེལ་གོང་ཤེལ་ཕྲེང་ལས། སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་སྤྱིར། །འོ་མ་རོ་དང་ཞུ་རྗེས་མངར་ཞིང་སྣུམ། །མདངས་སྐྱེད་ལུས་ཟུངས་ས་བོན་འཕེལ་བར་བྱེད། །བད་ཀན་སྐྱེད་བསིལ་ལྕི་བས་རླུང་མཁྲིས་སེལ། །eq \o\ac(○,1)1ཞེས་པ་དང་། དཔལ་ལྡན་རྒྱུད་བཞི་ལས། འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། །πཞེས་པ་ལྟར་ལགས། དེ་ལས་བྱེ་བྲག་ཏུ་བོད་རོང་འབྲོག་ཁུལ་དུ་བསྟེན་གྱིན་པའི་འོ་མ་གཙོ་བོ་ནི་འབྲི་དང་བ་མོ། མཛོ་མོའི་འོ་མ་བཅས་ཡིན་ལ། འདིར་དཔེ་མཚོན་དུ་འབྲི་མོའི་འོ་མ་འགོད་པར་བྱ་སྟེ། དེ་ཡང་དཔལ་ལྡན་རྒྱུད་བཞི་ལས། འབྲི་ཡི་འོ་མ་བད་མཁྲིས་ནད་ལ་གནོད། །ρཅེས་པ་དང་། དེ་ལས་ཤེལ་ཕྲེང་དུ་གོམ་གང་མདུན་སྤོས་སྒོས། འབྲི་འོས་རླུང་འཇོམས་བད་མཁྲིས་ནད་ལ་གནོད། །ςཅེས་པ་ལྟར་དུ་འབྲི་མོའི་འོ་མས་ཟུངས་སྐྱེད་ཅིང་རླུང་འཇོམས་པ་དང་། བད་ཀན་དང་མཁྲིས་པའི་ནད་ལ་གནོད་ཅིང་སློང་བར་བྱེད། ད་དུང་ཁྲག་ཤེད་མཐོ་བའི་ནད་པར་ཡང་ཤིན་ཏུ་གནོད་པར་འདུག  འབྲི་མོའི་འོ་མ་ལ་ཡང་བེའུའི་ལོ་གྲངས་དང་བསྟུན་ནས་དབྱེ་བ་གསུམ་ཙམ་ཕྱེས་ཏེ། རྟིང་མ་ཞེས་བེའུ་ལོ་གཅིག་ཅན་གྱི་འབྲི་མོའི་འོ་མ།ཡར་མ་ཞེས་བེའུ་ལོ་གཉིས་ཅན་གྱི་འབྲི་མོའི་འོ་མ། སུམ་ཡར་ཅན་གྱི་འབྲི་མོ་ཞེས་བེའུ་ལོ་གསུམ་ཅན་གྱི་འབྲི་མོའི་འོ་མ་བཅས་ཡོད་ལ། དེ་ལས་རྟིང་མའི་འོ་མ་ནི་བཅུད་ཀྱི་ཆ་ནས་ཅུང་ཞན་པ་དང་། ཡར་མའི་འོ་མ་འབྲིང་ཙམ།སུམ་ཡར་ཅན་གྱི་འབྲི་མོའི་འོ་མ་ནི་བོངས་ཉུང་ཡང་མར་གྱི་གྲུབ་ཆ་མང་བས་ལུས་ཟུངས་གསོ་བར་ཤིན་ཏུ་བཟང་ཞེས་ཀུན་གྱིས་དགའ་བོ་བྱེད། དེ་ལྟར་བཤད་པའི་འོ་མའི་རིགས་ཀུན་ལས་བཞོས་ནས་གྲང་མོར་སོང་བའི་འོ་རློན་ནི། ལྕི་ཞིང་བསིལ་བས་སྲིན་དང་བད་ཀན་གྱི་ནད་སྐྱེད་པ་དང་། ལེགས་པར་བསྐོལ་ན་ནུས་བ་ཡང་ཞིང་ཡོན་ཏན་དྲོ་བ་དང་ལྡན་པ་ཡིན། འོ་མ་ཡུན་དུ་བསྐོལ་ནས་སུམ་ཆ་དང་བཞི་ཆར་བསྡུས་ན་འཇུ་དཀའ་ཞིང་ངོ་བོ་ལྕི་བ་ཡིན།བཞོས་མ་ཐག་པའི་འོ་མ་དྲོན་མོ་ནི་ལུས་ཁམས་ལ་ཤིན་ཏུ་ཕན་པས་བདུད་རྩི་དང་མཚུངས་ཟེར་ཡང་། དེང་དུས་ཚན་རིག་གིས་བརྟག་དཔྱད་བྱས་པ་ལ་གཞིགས་ན་འོ་མ་རློན་པ་མ་བསྐོལ་བའི་ནང་དུ་སྲིན་བུ་ཕྲ་མོ་ཆུ་བུར་མིག་གིས་མཐོང་མི་ཐུབ་པ་ཡོད་པའི་སྲིན་ནད་འདྲ་མིན་སྐྱེད་པར་བྱེད་ངེས་རེད་ཟེར་བས་འོ་མ་བསྐོལ་ནས་བཏུང་ན་ལེགས། ད་དུང་བོད་ཁུལ་ནས་འོ་འཐག་བཟོ་གྲྭ་སོགས་ནས་ཐོན་པའི་མིས་བཟོས་འོ་སྐམ་དང་ཁྱད་པར་དུ་རྒྱའི་འོ་མ་ཞེས་ཆུ་ཤོག་ཁུག་མར་བླུགས་པའི་མིས་བཟོས་འོ་མ་ཡིས་ལས﹙伊利 ﹚དང་སོག་ནོར﹙蒙牛 ﹚སོགས་སྣ་མང་པོ་ཆེ་རྒན་པ་ནས་ཆུང་བྱིས་པ་སོགས་ཐམས་ཅད་ཀྱིས་བསྟེན་གྱིན་འདུག་པ་དང་། ཁོ་བོས་དེའི་ཕན་ནུས་རྩད་གཅོད་བྱས་པ་ལས་མང་ཆེ་ཤོས་ཀྱིས་རྒྱའི་འོ་མ་འདི་བྱིས་པ་ཟླ་འགའ་ནས་ལོ་གཅིག་གཉིས་ཅན་ལ་བླུད་ན་ལྟོ་བ་འཁྲུ་བར་འདུག་ཟེར་བ་ཡོངས་ཁྱབ་ཡིན་པ་ལས།དེས་རིམ་གྱིས་གནོད་པ་ཅི་ཞིག་འབྱུང་གྱིན་ཡོད་པ་ཚོར་ཐུབ་ཀྱི་མི་འདུག་མོད།ཡིན་ན་ཡང་། ང་ཚོ་བོད་ཁུལ་ནས་མ་ཤེས་པ་མ་གཏོགས་ཀྲུང་གོའི་ནང་ལོག་གཙོས་ཀྲུང་གོ་སྤྱི་དང་ཐ་ན་འཛམ་གླིང་ལ་འཇིགས་ཡེར་བའི་དོན་དག་ཅིག་བྱུང་བ་ནི།སྤྱི་ལོ་༢༠༠༨ལོའི་ཀྲུང་གོའི་དུག་ཅན་འོ་མའི་དོན་རྐྱེན་དེ་མིན་ནམ།དུག་ཅན་འོ་མའི་དོན་རྐྱེན་བྱུང་ཚུལ་ནི་ཤྭ་གསུམ་ཚོགས་ཁག་གིས་ཐོན﹙ 三鹿集团 ﹚སྐྱེད་བྱས་པའི་འོ་ཕྱེ་མང་དུ་བསྟེན་དུ་བཅུག་པའི་བྱིས་པ་དམར་འབྱར་རྣམས་ལ་མཁལ་མའི་རྡེའུ་སྐྲན་ཆགས་པ་ཤེས་རྟོགས་བྱུང་བ་དང་། དེ་ལས་འོ་ཕྱེ་དེ་རིགས་ཀྱི་ཁྲོད་རྫས་འགྱུར་བཟོ་ལས་ཀྱི་གྲུབ་ཆ་སན་ཅུས་ཆིན་ཨན﹙三聚氰胺 ﹚ཡོད་པའང་མཐོང་བ་རེད། གྲངས་ཀ་གསལ་བསྒྲགས་བྱས་པ་ལྟར་ན།༢༠༠༨ལོའི་ཟླ་༩པའི་ཚེས་༢༡ཉིན་བར་འོ་ཕྱེའི་རྐྱེན་གྱིས་སྒོ་སྟེན་སྨན་བཅོས་དང་ལེན་བྱས་པའི་བའི་བྱིས་པ་དམར་འབྱར་ཁྱོན་བསྡོམས་༣༩༩༦༥ཡོད་པ་དང་། བྱིས་པ་༡༢༨༩༢ཙམ་དངོས་སུ་ཞག་སྡོད་བྱས་ཡོད། དེ་སྔར་བྱིས་པ་༡༥༧༩ཞག་སྡོད་སྨན་བཅོས་བྱས་ནས་ཕྱིར་བུད་པ་དང་། དེའི་ཁྲོད་བྱིས་པ་དམར་འབྱར་༤ཤི་སོང་བ་རེད།དེ་ལས་གཞན་ཡང་ཟླ་༩བའི་ཚེས་༢༥ཉིན་བར་ཞང་ཀང་གི་མི་༥དང་ཨོ་མིན་གྱི་མི་༡ལའང་ནད་བྱུང་ཡོད་པ་ངོས་འཛིན་བྱས་པ་རེད། ཀྲུང་གོའི་རྒྱལ་ཁབ་སྤུས་གཤེར་ཅུའུ་ཡིས་རྒྱལ་ནང་གི་འོ་བཟོས་ཟས་རིགས་བཟོ་གྲྭ་ཡིས་ཐོན་སྐྱེད་བྱས་པའི་བྱིས་པ་དམར་འབྱར་གྱི་འོ་ཕྱེའི་ཟན་ཅུས་ཆིན་ཨན་གྱི་ཞིབ་བཤེར་སྙན་ཞུ་འབུལ་དུས།

 གནས་ཚུལ་དེ་ལས་ཀྱང་ཛ་དྲག་ཏུ་འགྱུར་བ་རེད།དེ་ནི་ཡིས་ལས﹙伊利 ﹚དང་སོག་ནོར་﹙蒙牛 ﹚གཟི་འོད﹙ 光明﹚དང་ཧྲིན་ཡན﹙ 圣元﹚ཡ་ཧྲི་ལས﹙雅士利  ﹚ལ་སོགས་འདུས་པའི་བཟོ་གྲྭ་མང་པོའི་འོ་ཕྱེའི་ནང་ནས་ཀྱང་སན་ཅུས་ཆིན་ཨན་ཡོད་པ་ཤེས་རྟོགས་བྱུང་བ་དེའོ། །ཞེས་པ་ལྟར་ཡིན་ལ།དེ་ལས་ང་ཚོས་ཤེས་གསལ་ལྟར་བོད་ཁུལ་དུ་རྒྱའི་འོ་མ་ཡིས་ལས﹙伊利 ﹚དང་སོག་ནོར﹙蒙牛 ﹚གཉིས་ནི་བཀོལ་སྤྱོད་ཤིན་ཏུ་ཆེ་བ་ལས་དེ་ལ་དོགས་ཟོན་བྱེད་པའི་བློ་གྲོས་དང་གོམས་གཤིས་གཏན་ནས་མེད་པས་ན། གོང་དུ་སྨྲས་པ་སོགས་ཀྱི་ཉམས་མྱོང་ལ་གཞིགས་ནས་རོང་འབྲོག་ས་ཁུལ་ནས་བྱིས་པ་སོགས་ལ་འབྲི་མོའི་འོ་མ་སོགས་རང་བྱུང་གི་འོ་མ་སྤྱོད་པ་ལས་མིས་བཟོས་འོ་མ་སོགས་ཉེན་ཆེའི་རིགས་མི་སྤྱོད་རྒྱུ་ཧ་ཅང་གལ་ཆེའོ། །ད་དུང་བོད་ཁུལ་དུ་འོ་མ་རྐྱང་རྐྱང་བསྐོལ་ནས་འཐུང་བ་དང་། འོ་མ་བསྐོལ་བར་ཀ་ར་ཕྱེ་མ་བཏབ་ནས་འཐུང་བའང་ཡོད་ལ། དེ་ནི་ཤིན་ཏུ་མངར་བཅུད་ཆེ་ཞིང་འབྲི་མོའི་འོ་མ་དྲོད་བཅུད་ཆེ་བ་དང་ཀ་ར་བསིལ་བ་ཡིན་པས་དེ་ཉིད་བསིལ་དྲོད་སྙོམས་པའི་བཅུད་ཟས་ཤིག་ཡིན་སྲིད་སྙམ།

གཉིས།  ཆུ་དཀར་དང་འོ་ཇ་ལས་འཕྲོས་པ།

 ༡ ཆུ་དཀར།

 ཆུ་ཁོལ་དུ་ཇ་མ་བཏབ་པར་འོ་མ་བརྒྱབ་ནས་བསྐོལ་བ་ལ་ཆུ་དཀར་ཟེར་ཞིང་། ཁོ་བོའང་ཆུང་དུས་དེ་བཏུང་བར་ཧ་ཅང་དགའ་ལ་སྔོན་དུས་བོད་དུ་ཇ་མ་དར་བའི་ཡར་སྔོན་དུ་འདི་ལྟར་བསྐོལ་བར་ངེས་ལ། དེ་ལྟ་བུའི་ཆུ་དཀར་གྱི་ནུས་པ་བཤད་ན།དཔལ་ལྡན་རྒྱུད་བཞི་ལས། ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད།།eq \o\ac(○,5)5ཅེས་པ་ལྟར་ཡིན་ལ། འབྲི་ཡི་འོ་མ་ནི་གོང་ནས་བཤད་པ་ལྟར་ཟུངས་སྐྱེད་ཅིང་རླུང་འཇོམས་པ་དང་།བད་ཀན་དང་མཁྲིས་པའི་ནད་ལ་གནོད་ཅིང་སློང་བར་བྱེད་པ་ཡིན།

 ༢ཇ་དཀར་ཁུ།

  ཇ་དཀར་ཁུ་ནི་ཇ་ནག་ཕྲུག་གི་ནང་དུ་འབྲི་སོགས་ཀྱི་འོ་མ་བླུགས་ནས་བཏུང་བ་ཞིག་ཡིན་ལ།དེའི་ནུས་པ་ནི་འབྲི་ཡི་འོ་མས་ལུས་ཟུངས་གསོ་ཞིང་རླུང་ནད་སེལ་བ་དང་།བད་ཀན་དང་མཁྲིས་པའི་ནད་ལ་གནོད་ཅིང་སློང་བར་བྱེད་པ་མ་ཟད། ཁྲག་འཕེལ་བའི་ནད་དང་ཕོ་ནད་རིགས་ལའང་གནོད་པ་འཚོ་བ་དངོས་ལས་རྟོགས་ཐུབ་པར་འདུག་ལ། དེ་ལ་གཙང་སྨན་ཡེ་ཤེས་བཟང་བོས།འོ་མ་སྐོལ་དང་མ་སྐོལ་གཉིས། །གྲོད་པར་བླུག་ལ་འཁྱག་ཏུ་བཅུག། འོ་མ་ཡོད་ཟེར་ཇ་ནང་བླུག། ཇ་དཀར་བཏུང་ཞེས་ཡིད་སྤྲོ་བ། །དེ་འདྲའི་འོ་མ་ཁེངས་འཁྱག་རིགས། །ཉེས་པ་གསུམ་ལ་གནོད་པར་འདུག། མདོར་ན་འོ་མའི་རིགས་གང་ཡང་། །ཉིན་རེ་བཞོས་པ་དེ་ཉིན་བསྐོལ། །དེ་ཉིན་བཏུང་བ་བཅུད་ཀྱི་མཆོག།  eq \o\ac(○,6)6ཅེས་པ་ལྟར་འོ་མ་ལྡུག་སའི་སྣོད་དང་ཉར་ཚགས་བྱེད་ཡུན་ལ་ཤིན་ཏུ་མཉམ་འཇོག་བྱེད་རྒྱུ་གལ་ཆེའོ།།

  ༤ ཚྭ་ཇ།

  ཇ་དཀར་ཁུའི་ཚྭ་ཇ་ནི་ཇ་ནག་ཕྲུག་བསྐོལ་བའི་ཁུ་བར་འོ་མ་བླུགས་ཏེ་ཁོལ་ཙམ་བྱུང་བར་ཚྭ་ཉུང་ཙམ་ཞིག་བཏབ་ནས་འཐུང་བ་དེ་ཡིན་ཞིང་། སྤྱིར་འོ་མའི་ནུས་པ་ནི་གོང་ནས་བཤད་པ་ལྟར་དང་། ལན་ཚྭས་ནི་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད་ཅིང་ཕོ་བའི་དྲོད་སྐྱེད་པ་དང་། ཟས་འཇུ་བ་སླ། བཤང་བ་བདེ་བར་འབྱིན་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཡིན། ད་དུང་ལོ་ལོན་རྒན་པ་སོགས་ཀྱིས་གཅིན་ཁ་སྙི་བར་མཚན་མོ་ཉལ་དུས་ཚྭ་ཇ་འཐུང་ན་གཅིན་གཏོང་གྲངས་ཇེ་ཉུང་དུ་འགྲོ་བ་རེད།

གསུམ། ཞོ་མར་དར་ཕྱུར་གྱི་ཕན་གནོད་ལས་འཕྲོས་པ།

  ༡ འབྲི་ཞོ།

  འབྲི་མོའི་འོ་མ་ལས་ཕབ་པའི་ཞོ་ནི། དབྱར་ཆར་ཆུ་རྒྱུས་དུས་དང་སྟོན་ཚ་བའི་དུས་སུ་བསྙོལ་ཕབ་བྱེད་པ་དང་། ད་དུང་དགུན་ཞོའང་ཡོད།ཞོ་སྙོལ་དུས་ཐོག་མར་འོ་མ་བསྐོལ་ནས་ཟེའུ་སྣོད་དུ་ལྡུག་པ་དང་། དྲོད་ཅུང་ཡལ་རྗེས་དེའི་ནང་དུ་ཞོའི་སྐྱུར་རྟ་སྟེ་རུ་མ་བླུགས་ནས་ཕྱར་བ་དང་ཕྱིང་བ་སོགས་ཀྱིས་དྲོད་ཚད་སྙོམས་པར་བཏུམས་ཏེ། ཞག་གཅིག་ཙམ་ལ་བཞག་པ་ན་ཞོ་དེ་གད་པ་བཞིན་ཆགས་པའི་ཚད་ཡིན་པས་ད་གཟོད་འཐུང་ཆོག་པ་དང་། དཔལ་ལྡན་རྒྱུད་བཞི་ལས། ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །རྟུག་སྐམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། །eq \o\ac(○,7)7ཅེས་པ་ལྟར་ཞོ་ཡིས་འགྲམས་འཁྲུགས་ཀྱི་རིམས་སེལ།འཁྲུ་བ་གཅོད། གཉིད་བདེ་བར་བྱེད། སྐོམ་ཚད་སེལ། རྟུག་སྐམ་སེལ། ཟས་ཀྱི་འཇུ་སྟོབས་སྐྱེད་ཅིང་དང་ག་འབྱེད། རླུང་ཚད་སེལ།ཞོ་ཁ་ཆུ་སྟེ་ཞོའི་ཁར་ཐོན་པའི་ཆུ་སྐྱུར་དེས་འཁྲུ་བའི་ནད་སེལ་པ་དང་། རྩ་སྦུབས་ཀྱི་ནད་སྦྱོང་བར་བྱེད། བོད་དམངས་ཁྲོད་དུ་ཞོ་དེ་སྦྱར་དུག་དང་གྱུར་དུག་ལ་ཕན་ཟེར། དུག་འབུ་ཨང་ང་ཙིས་རྨུགས་པར་ཡང་ཞོ་སྐྱུར་མྱུར་དུ་བསྐུ་བ་ནི་རྒྱུན་སྲོལ་ཞིག་རེད། ད་དུང་ཕོ་ནད་ཚབས་ཆེན་ཕོ་བའི་གཉན་སྐྲན﹙胃癌﹚དང་བད་ཀན་མིད་འཆུས﹙食道癌﹚སོགས་ལའང་གོ་བོའི་ཕོ་བ་རུ་འབྲི་ཞོ་བརྒྱབ་ནས་བསྟེན་གྱིན་པ་མང་པོ་མཐོང་མྱོང་ལ། དེས་ཀྱང་ཕན་ཐོགས་ཆེ་ཟེར།སྦྱར་དུག་དང་ཟས་དུག་སྨན་དུག་བཅས་ཀྱི་རྗེས་གཅོད་ལའང་འབྲི་ཞོ་མང་དུ་བསྟེན་ན་ཕན་ཐོགས་ཆེ་བའང་མངོན་གསལ་རེད། ཡིན་ནའང་། ནད་པ་སོགས་ཀྱིས་སྨན་བསྟེན་གྱིན་པའི་སྐབས་སུ་ཞོ་འཐུང་ན་སྨན་ནུས་འཇོམས་འགྲོ་བས། དེ་ལ་ཀུན་གྱིས་མཉམ་འཇོག་བྱ་དགོས་པ་ཞིག་རེད།ད་དུང་ཞོ་འཁྱགས་པ་ལས་ཞོ་དྲོན་དུག་དང་འདྲ་བས་བསྟེན་མི་ཉན་ཟེར།གཞན་ཡང་རྒྱུད་ལས།ཞོ་ཡིས་ཚད་པ་གཅོག་ཅིང་ཁ་ཟས་ལེན།།eq \o\ac(○,8)8ཞེས་མཚོན་རྨ་གསོ་བའི་སྐབས་སུ་གསུངས་ཡོད་པ་རེད།

 ༢ འབྲི་མར།

   འབྲི་མར་ནི་འོ་མ་མང་པོ་བསྐོལ་ཏེ་ཤུག་དམར་གྱི་ཟོ་བ་རུ་བླུགས་ནས་དེའི་ནང་དུ་ད་དུང་འབྲི་ཞོ་ཡི་སྐྱུར་རྟ་ལྡུག་པ་དང་། དེ་རྗེས་འོ་རྟ་ཞེས་ཤུག་དམར་གྱི་ཤིང་ལེབ་གྲུ་བཞི་ཆུང་ཆུང་གཉིས་ངོས་མཉམ་པར་བསྣལ་ནས་དེ་ལ་ཡུ་བ་སྤྲད་དེ། གཅིག་ཡ། གཉིས་ཡ། གསུམ་ཡ། ཞེས་དུས་ཡུན་ཐེངས་བརྒྱད་བརྒྱ་དགུ་བརྒྱ་ཙམ་བསྲུབས་ཤིང་དཀྲོགས་པ་ན། ད་གཟོད་དར་བའི་ཁ་རུ་འབྲི་མར་སེར་ལམ་མེར་ཆགས་ཡོང་བ་རེད། རང་ཉིད་ཀྱང་ཆུང་དུས་ཨ་མར་ལས་རོགས་བྱས་ནས་ཟོ་བ་རུ་འོ་མ་མང་དུ་བསྲུབས་མྱོང་བ་ཡིན། དེས་ན་འབྲི་མར་གྱི་ནུས་པ་ནི། བད་རླུང་གི་ནད་སེལ་ཞིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད། གྲང་རླུང་གི་ནད་སེལ།ལུས་ཟུངས་གསོ། འབྲི་མར་བསྲུབས་བྱེད་ཀྱི་འོ་ཟོ་དང་འོ་རྟ་ནི་ཤུག་དམར་གྱི་ཤིང་ལས་བྱས་པ་ཡིན་པས། དེ་ལ་ནུས་པ་ཅི་ཞིག་ཡོད་པ་དང་། དགོས་པ་གང་ཞིག་གི་ཆེད་དུ་ཤུག་དམར་བཀོལ་ལམ་སྙམ་ན། ཤུག་པ་ཚེར་ཅན་ལས་ཤུག་དམར་རམ་ལྷ་ཤིང་ཤུག་པའི་ནུས་པ་ཞིབ་ཕྲར་གསུངས་ཡོད་པ་ཞིག་རྒྱུད་དང་ཉམས་ཡིག་གཞན་ལས་མཐོང་དཀོན་ན་ཡང་། མཁས་དབང་ཀརྨ་ཆོས་འཕེལ་གྱི་བདུད་རྩི་སྨན་གྱི་འཁྲུངས་དཔེ་ལས། ལྷ་ཤུག་རྒྱས་འགྲེལ་བྱེད་སྐབས། སྤྱིར་ཤུག་པར་རིགས་མི་འདྲ་བ་ཁ་ཤས་ཡོད་ཀྱང་སྨན་ལ་གོང་དུ་རྒྱ་ཤུག་སྐབས་བཤད་པ་བཞིན་ནོ། ཞེས་དང་རྐྱང་བའི་ཕན་ཡོན་གོང་རྒྱ་ཤུག་སྐབས་དང་མཚུངས་སོ།།eq \o\ac(○,9)9ཞེས་པ་ལྟར་ཤུག་འབྲས་ཀྱིས་འགགས་པ་འབྱིན་ཞིང་ཚ་ནད་སེལ། དྲེག་དང་གློ་མཆིན་མཁྲིས་ནད་སེལ་ཞིང་། མཁལ་མའི་ནད་དང་མཆེར་ནད་ཆུ་སྲི་ལྒང་བའི་ནད་བཅས་ལ་ཕན་པ་མ་ཟད། ཚིགས་ལ་ཆུ་སེར་འཁོར་བ་སེལ་བ་དང་བཅུད་ལེན་པར་བྱེད། ལོ་མ་ནི་བདུད་རྩི་ལྔ་ལུམས་ཀྱི་ཡ་གྱལ་ཡིན་ཞིང་ལུས་ཀྱི་རེངས་འཁུམས་སེལ་བ་དང་། པགས་པ་མཉེན་པར་བྱེད་ཅིང་ཆུ་སེར་ཕྱིར་འབྱིན་པར་བྱེད། དམངས་ཁྲོད་དུ་འོ་ཟོ་དང་འོ་རྟ་འོ་ཟེའུ་སོགས་ཤུགས་དམར་གྱིས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་གོང་ནས་བཤད་པའི་ནུས་པ་དེ་དག་ཐོན་པ་ལས་གཞན་དུ། ཤུག་པ་ལས་བྱས་པའི་སྣོད་ཅ་ལག་ལ་རུལ་རྒྱུ་མེད་པ་དང་། ལྷ་ཤིང་ཡིན་པས་མནོལ་གྲིབ་འགོག་ཅིང་སེལ་བ། ཁྱིམ་དང་ཅ་ལག་ལ་དུག་སེལ་དང་ནད་འབུ་ཕྲ་མོ་གསོད་པ། དྲི་ཞིམ་ལྡང་བ་བཅས་ལ་དམིགས་པ་ཤ་སྟག་སྟེ། སྤྱིར་བོད་ཁུལ་དུ་མནོལ་གྲིབ་སེལ་བྱེད་གཙོ་བོ་ནི་ཤུག་པ་ཡིན་པ་དང་། གཙང་སེལ་བྱེད་དུས་ཤུག་ལོ་སོགས་མེར་བརྒྱབ་ནས་མི་གཙང་བ་ཐམས་ཅད་གཙང་བར་གྱུར་ཅིག་གུ། གཙང་སེལ་ལོ་ལོ།ཞེས་ཤུག་དྲིས་བདུག་པ་ནི་རྒྱུན་སྲོལ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་དང་། དེས་ན་འོ་ཟོ་དང་འོ་རྟ་འོ་ཟེའུ་ཤུག་དམར་གྱིས་བཟོས་པ་དེས་ཀྱང་འོ་མ་དང་ཞོ་སོགས་སུ་མཆིས་པའི་ནད་འབུ་ཕྲ་མོ་སོགས་ཀྱིས་མཚོན་པའི་མི་གཙང་བའི་ཟས་ཕོ་བ་དང་ལུས་ཕུང་ལ་གནོད་པ་དག་ཞི་བར་བྱེད་ནུས་པ་བསྙོན་དུ་མེད་སྙམ། ད་དུང་ཤུག་པ་རུ་འོ་མ་དཀྲོགས་ན་གཡང་མི་ཉམས་པ་དང་དཀར་ཆུ་མི་འགོང་བ། དེ་ལས་ཕྱུག་པོ་འབྱོར་ལྡན་དུ་འགྲོ་བའི་རྟེན་འབྲེལ་ལའང་བལྟས་པར་སྙམ་སྟེ། སྦྲ་གསར་ཕུབ་དུས་ཀྱང་སྒོ་ཆོན་འདེགས་བྱེད་ཀྱི་ཀ་བ་ནི་ངེས་པར་དུ་ཤུག་པ་ཡིན་པ་དང་། དེ་ནི་ཕྱུག་གི་རུ་མ་ཐང་དུ་བརྡལ་བའི་རྟེན་འབྲེལ་ཡིན་ཟེར་བ་ལྟར་རོ། །གཞན་ཡང་རྒྱུད་ཀྱི་མཚོན་རྨ་གསོ་བའི་སྐབས་སུ། མར་གྱིས་རྨ་རེད་རྩ་ཁ་སྡོམ་ན་ཤིས། །eq \o\ac(○,10)10ཞེས་ཀྱང་གསུངས་འདུག་པ་རེད།

 ༣ ཞུན་མར།

  ཞུན་མར་ནི་མར་ཁུ་བཞུས་ནས་བཙག་ཐག་བཅད་དེ་ལྦུ་སྙིགས་ཕྱུང་ཞིང་། དེའི་ནང་དུ་ཕྱུར་བ་བཏབ་པའི་ཕྱུར་ཞུན། རྩམ་པ་བཏབ་པའི་རྩམ་ཞུན་དང་གྲོ་མ་བཏབ་པའི་གྲོ་ཞུན། ཀ་ར་བཏབ་པའི་ཀར་ཞུན་སོགས་ཡོད་ལ། དེ་ཡིས་བློ་རིག་ཇེ་གསལ་དུ་འགྲོ་ཞིང་དྲན་པའི་དབང་བོ་རྒྱས་པར་བྱེད། ལུས་ཀྱི་དྲོད་སྟོབས་ཆེས་ཆེར་བརྟས་པར་བྱེད། ཡིད་གཞུང་བ་དང་ཚེ་ཐག་རིང་ཞིང་མིག་གསལ་ལ་ལུས་མདངས་བཟང་བར་བྱེད། རྒས་པ་གསོ་ཞིང་གཞོན་ལུས་ལྟ་བུར་བྱེད། གློ་རྡོལ་དང་དང་སྐེམ་པོ། གཅོང་ནད། འབྲས། མཚོན་རྨ། མེས་ཚིག་རྨ་དང་དུག་ནད། རླུང་མཁྲིས་དང་སྨྱོ་ནད་སེལ། དྭངས་མ་ཉམས་པ་སྟེ་ཟུངས་ཁྲག་ཟད་པ་དང་རིམས་ཚད་སེལ་བ་བཅས།མདོར་ན་ཞུན་མར་ནི་སྣུམ་གྱི་ནང་ནས་ནུས་བཅུད་མཆོག་ཏུ་གྱུར་བ་སྟེ། འདིས་ནི་ལུས་ཀྱི་ཟུངས་སྟོབས་རྒྱས་པ་དང་། བཀྲག་མདངས་འཕེལ་བ། ན་ཚོད་དར་ལ་འཇོག་པ་ཞིག་ཡིན་ཡང་ཁྲག་མཁྲིས་ལ་གནོད།

 ༣་༡  གྲོ་ཞུན།

  སྔོན་དུས་བོད་ཁུལ་དུ་སྟོན་དཔྱིད་ཀྱི་དུས་སུ་བུད་མེད་མང་པོ་སྐོར་དང་སྐོར་བྱས་ནས་སོང་སྟེ་གྲོ་མ་བཏུ་བ་དང་། དེ་ལ་གྲོ་རྐོན་ཟེར།བུད་མེད་གྲོ་རྐོན་མང་པོའི་སར་སྐྱེས་པ་དག་གིས་ཁ་ཤོམ་འཐེན་མི་ཉན་ལ། ཁ་ཤོམ་འཐེན་མཁན་གྱི་སྐྱེས་པ་རེ་གཉིས་ལག་ཏུ་ཚུད་ཚེ་དེ་ལ་རྩེད་མཚར་གྱིས་བརྙས་བཅོས་སྣ་ཚོགས་བྱེད་པའི་གཏམ་རྒྱུད་གང་ས་གང་དུ་ཁྱབ་ཡོད་པ་ལྟར་རེད་ལ། དེ་ལས་བོད་པ་གྲོ་མ་བཟའ་བར་ཧ་ཅང་དགའ་བའང་ཤེས་ནུས། དེས་ན་གྲོ་ཞུན་ནི་ཐོག་མར་གྲོ་མ་བརྔོས་ནས་ལག་སྐོར་གྱིས་ཞིབ་བཏགས་བྱས་ཏེ་བུ་རམ་མམ་ཀ་ར་ནག་པོ་དང་བསྲེ་བ་དང་། དེ་རྗེས་འབྲི་མར་བཙགས་ཐག་ཆོད་པའི་མར་ཁུ་སྡེར་མ་འབྲིང་ཤོས་མར་རྒྱ་མ་བཅུ་ཙམ་ཤོང་བ་ཞིག་གི་ནང་བླུགས་ནས་དཀྲུགས་རྗེས་ཞག་གཅིག་ལ་འཁྱགས་སྒོང་དུ་བཞག་སྟེ་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ། དེས་ནི་སྤྱིར་རླུང་ནད་འཇོམས་པ་དང་ཚེ་རིང་པོ་ཡོང་ཞིང་ལུས་སྟོབས་ཉམས་པ་གསོ་བར་བྱེད། དེ་ལས་གྲོ་མའི་ནུས་པ་ནི། ཤེལ་གོང་ཤེལ་ཕྲེང་ལས། གྲོ་མ་ནུས་བསིལ་མངར་ཡང་ཚ་འཁྲུ་གཅོད། །eq \o\ac(○,11)11ཅེས་པ་དང་། འཁྲུངས་དཔེར། གྲོ་མ་ཞེས་པ་ཁ་ལུང་སྐྱེ། །ལོ་མ་སྔོ་སྐྱ་འོག་དཀར་ལ། །ལོ་སྡོང་ས་སྟེང་ཁྱབ་པར་བརྡལ། །ངར་པ་དམར་པོས་དྲ་བ་བརྐྱངས།།མེ་ཏོག་སེར་པོ་མདངས་དང་ལྡན། །རྩ་བ་རྡོག་པོ་རིལ་མ་འདྲ། །རོ་མངར་ནུས་བསིལ་ཀུན་གྱི་ཟས། །སྟོན་དུས་ནུས་པ་དྲོད་དུ་འགྲོ།སྟོན་གྲོ་བཟང་ལ་དཔྱིད་གྲོ་གྲང་། །ནུས་པས་འཁྲུ་བ་གཅོད་པར་བྱེད། །ཅེས་པ་ལྟར་ཡིན་ལ །སྟོན་གྲོ་བཟང་བའི་རྒྱུ་མཚན་ནི་གྲོ་མ་རྩ་བའི་རིགས་ཡིན་པས། སྟོན་དུས་སྐྱེ་དངོས་ཐ་དག་གི་ནུས་བཅུད་རྩ་བར་ཡོད་པས་ཡིན་ལ། དཔྱིད་གྲོ་སྟོན་གྲོ་ལས་ཅུང་ཞན་དོན་ནི། དཔྱིད་དུས་གྲོ་ལོའི་མྱུ་གུ་རྒྱས་འགོ་བརྩམས་པས་ན་གྲོ་མའི་རྩ་བའི་ནུས་པ་ཕྱེད་ཅིག་དེ་རུ་འགྲོ་བས་ཡིན།ཀྲུང་ལུགས་ཀྱིས་གྲོ་མ་ལ་ཆིག་ཐུབ་དམར་པོ(红人参果﹚ཟེར་བ་དང་། ཀརྨ་ཆོས་འཕེལ་གྱི་བདུད་རྩི་སྨན་གྱི་འཁྲུངས་དཔེ་ལས།ལུས་སྟོབས་རྒྱས་ཤིང་འཁྲུ་བ་གཅོད་པར་བྱེད།eq \o\ac(○,12)12ཅེས་གྲོ་མའི་ནུས་པ་གསུངས་ཡོད། སྔོན་དུས་ལྷ་སར་ཇོ་མཇལ་དུ་འགྲོ་དུས་ལྡང་ལ་རི་བོ་ནས་རྫ་དུག་ཕོག་པར་ཕན་ཞེས་ཨ་མདོའི་མཇལ་བས་ཕ་ཡུལ་ནས་གྲོ་མ་དང་ས་ཁྱེར་ནས་འགྲོ་བའང་རྒྱུན་སྲོལ་ཞིག་ཡིན་ཟེར།ཞུན་མར་གྱི་ནུས་པ་ནི། ཀྲུང་གོའི་གསོ་རིག་ཀུན་འདུས་ལས།རྩི་མར་བཞུས་ཤིང་ལྦུ་སྙིགས་ཕྱུངས་པའི་ཞུན་མར་གྱིས་ནི་བློ་རྣོ་ཞིང་དྲན་པའི་དབང་པོ་གསལ་བ་དང་། ལུས་ཀྱི་དྲོད་སྟོབས་ཆེས་ཆེར་སྐྱེད་པ་དང་། ཚེ་འཕེལ་བར་བྱེད་པ་སོགས་ལ་ཕན་པས་ན་སྣུམ་རིགས་ཀྱི་ནང་ནས་མཆོག་གམ་གཙོ་བོར་གྱུར་པ་སྟེ་ཕན་པའི་ལས་སྟོང་ཙམ་ཡང་བྱེད་ནུས་པ་ཡིན་ནོ། །eq \o\ac(○,13)13ཞེས་པ་དང་། བུ་རམ་གྱི་ནུས་པ་ཡང་། ཤེལ་གོང་ཤེལ་ཕྲེང་ལས། སྨན་རྟ་བུ་རམ་གྲང་རླུང་སེལ་བའི་རྟ། །eq \o\ac(○,14)14ཞེས་པ་ལ།རང་བྱུང་བས།བུ་རམ་རླུང་གི་ནད་ལ་བཟང་། །ཞེས་པ་དང་། ཀ་ར་ནག་པོ་ཡང་དེང་དུས་སྦྲུམ་མ་སོགས་ཀྱི་ཟུངས་ཁྲག་ཟད་པ་གསོ་བྱེད་གཙོ་བོ་ཡིན་པ་ཤེས་གསལ་ལྟར་རོ།།

 ༣་༢ ཕྱུར་ཞུན།

  ཕྱུར་ཞུན་ནི་ཐོག་མར་ཕྱུར་བ་ལག་སྐོར་དུ་ཞིབ་བུར་འཐག་རྗེས་མར་ཁུ་བཙགས་ཐག་བཅད་པའི་ནང་དུ་བླུགས་ཏེ་དཀྲུགས་ནས་ཞག་གཅིག་ལ་བཞག་ནས་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ། ཕྱུར་ཞུན་ཕལ་ཆེར་གྱི་ཆེ་ཆུང་ནི་རྒྱ་མ་བཅུ་ཙམ་ཡིན། དེའི་རོ་མངར་ཞིང་ལུས་ཟུངས་གསོ་བར་ཤིན་ཏུ་ཕན། དེ་ལས་རྩི་མར་བཞུས་ཤིང་ལྦུ་སྙིགས་ཕྱུངས་པའི་ཞུན་མར་གྱིས་ནི་བློ་རྣོ་ཞིང་དྲན་པའི་དབང་པོ་གསལ་བ་དང་། ལུས་ཀྱི་དྲོད་སྟོབས་ཆེས་ཆེར་སྐྱེད་པ་དང་། ཚེ་འཕེལ་བར་བྱེད་པ་སོགས་ལ་ཕན་པས་ན་སྣུམ་རིགས་ཀྱི་ནང་ནས་མཆོག་གམ་གཙོ་བོར་གྱུར་པ་སྟེ་ཕན་པའི་ལས་སྟོང་ཙམ་ཡང་བྱེད་ནུས་པ་ཡིན་པ་དང་། ཕྱུར་བའི་རོ་སྐྱུར་བ་ཡིན་པ་དང་། སྐྱུར་བ་རོ་མཚུངས།ཞེས་པ་བཞིན་ཞུ་རྗེས་ཀྱང་སྐྱུར་བ་ཡིན་པ་དང་རོ་སྐྱུར་བ་ནི་འབྱུང་བ་མེ་ས་གཉིས་ཀྱིས་བསྐྱེད་པ་ཡིན་པས།མེ་སྨན་གྱི་ཚ་རྣོ་ལ་སོགས་ཀྱི་ཡོན་ཏན་གྱི་དབང་གིས་དེའི་ནུས་པས་ཕོ་བའི་མེ་དྲོད་སྐྱེད་ཅིང་བད་ཀན་སེལ་བ་སྟེ། སྐབས་འདིར་ཞུན་མར་བདེ་བླག་ཏུ་འཇུ་བར་བྱེད། ཕྱུར་བར་ད་དུང་དེང་དུས་ཀྱི་ནད་ངན་གཉན་སྐྲན་སྔོན་འགོག་བྱེད་པར་ཕན་པའི་ནུས་པ་ཡོད་ཚུལ་ཀྱང་རིག་པ་སྨྲ་བ་ལ་ལས་གླེང་གྱིན་ཡོད་པར་གྲགས།

 ༤ དར་ཕྱུར།

  དེ་ལྟར་འོ་མའི་དྭངས་བཅུད་འབྲི་མར་དེ་བླངས་པ་ན་ཤུལ་དུ་ལྷག་ཡོད་པ་ནི་རོ་སྐྱུར་ལ་ནུས་པ་བསིལ་བའི་དར་བ་ཡིན།དར་བ་དེ་ཟངས་ང་རུ་བླུགས་ནས་བསྐོལ་བ་ན་སྣོད་ཀྱི་ཁ་རུ་ཕྱུར་བ་དཀར་སོབ་བེར་ཆགས་ཡོང་བ་དང་། གཏིང་དུ་ཕྱུར་ཁུ་ལྗང་ཏིག་གེར་འཁྱིལ་ཡོང་། ཕྱུར་བས་ཀྱང་ཁ་ཟས་ཀྱི་ཡི་ག་འབྱེད་པ་དང་། རྟུག་པ་སྐམ་པ་སེལ། བད་ཀན་གྱི་ནད་འཇོམས། ཕྱུར་ཁུས་བད་ཀན་གྱི་ནད་སེལ་ཞིང་རླུང་མཁྲིས་ལ་མི་གནོད། ཞོ་དང་དར་བ་ཕྱུར་ཁུ་སོགས་ལ་ཐུན་མོང་དུ་དུག་སེལ་གྱི་ནུས་པ་ལྡན་པས། འགྲིམ་འགྲུལ་སྟབས་མི་བདེ་བའི་རོང་འབྲོག་ཁུལ་དུ་སྦྱར་དུག་གི་གནོད་པ་སེལ་བྱེད་དང་མྱུར་སྐྱོབས་བྱེད་པའི་རང་བྱུང་གི་སྨན་གཙོ་བོ་ཞིག་ཡིན་ཏེ། དེ་ཡང་དུག་འཐུང་བའི་ནད་པར་ཞོ་དང་དར་བ་མང་དུ་བསྟེན་དུ་འཇུག་ལ། དེ་གཉིས་དུག་ཁ་ལེན་བྱེད་དང་རྗེས་གཅོད་དུ་གཙོ་བོར་བསྟེན་ལ། ཕྱུར་ཁུ་ལྗང་ཏིག་གེར་འདུག་པ་དེ་བོངས་མང་དུ་བསྟེན་དུ་བཅུག་ནས་དུག་ཁོང་ནས་འཁྲུ་བར་བྱེད་པ་དང་། ཕྱུར་ཁུས་སྦྱོང་སྨན་བཞིན་ཁོང་པ་དྲག་ཏུ་སྦྱོང་ནུས་ལ། དེ་ལྟར་དུག་ཁོང་ནས་མྱུར་དུ་སྦྱང་བས་ནད་པའི་སྲོག་སྐྱོབས་པར་ཕན་པ་ཤིན་ཏུ་ཆེ་ལ།འདི་ནི་དེང་དུས་ཀྱི་ནུབ་ལུགས་སྨན་ཁང་དག་ཏུ་དུག་འཐུང་བའི་ནད་པར་ཕོ་བ་བཀྲུས﹙洗胃法﹚ནས་མྱུར་སྐྱོབས་བྱེད་པའི་ཐབས་ཤེས་དང་ཡང་ཀུན་ནས་མཚུངས་པ་དང་། དཔལ་ལྡན་རྒྱུད་བཞི་ལས། དར་གསར་བསྐ་སྐྱུར་ཡང་ཞིང་མེ་དྲོད་སྐྱེད། །སྐྲན་མཚེར་གཞང་འབྲུམ་མར་མ་ཞུ་བ་སེལ།།eq \o\ac(○,15)15ཞེས་པ་ལྟར། དར་བས་ཕོ་བའི་མེ་དྲོད་སྐྱེད་པ་དང་། སྐྲན་ནད། མཚེར་བའི་ནད།གཞང་འབྲུམ་གྱི་ནད། མར་མ་ཞུ་བའི་ནད། དུག་ནད་བཅས་སེལ། དར་བ་འཐུང་བས་སྐྱ་རྦབ་འཇིལ་བར་བྱེད། །eq \o\ac(○,16)16ཅེས་པའི་ནུས་པ་ཡང་ལྡན་ལ། གཞན་ཡང་དེ་ཉིད་ལས། ཕྱུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ། །eq \o\ac(○,17)17ཞེས་པ་ལས་གོང་དུ་བཤད་པའི་ཕྱུར་ཁུ་ལ་ད་དུང་ནུས་པ་འདི་དག་ཀྱང་ཡོད་པ་ཤེས་ཐུབ་བོ། ། 

                                   མཇུག་བསྡུ་བ།

  འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི་ཁོ་བོས་འབྲི་ཁུལ་བྱས་པའི་རྩོམ་ཡིག་འདིའི་ནང་གི་འོ་མ་ནས་ཞོ་དར་ཕྱུར་གསུམ་དང་། ཞུན་མར་ཇ་དཀར་ཁུ་དང་ཆུ་དཀར་སོགས་ནི་ནོར་ནག་འབྲི་མོའི་འོ་མ་གཙོར་བཟུང་སྟེ་སྨྲས་པ་ཞིག་ཡིན་ཞིང་། དེ་ནི་ཁོ་བོ་འབྲི་མོའི་འོ་མ་སོགས་ལས་གཞན་ར་མ་དང་མ་མོ། བ་མོའི་ཞོ་མར་ཕྱུར་གསུམ་སོགས་ལ་ཉམས་མྱོང་ཞན་པའི་སྟབས་ཀྱིས་འོལ་ཚོད་ཀྱི་སྐད་ཆ་ཆེར་བཤད་མེད་པ་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།

 eq \o\ac(○,1)1eq \o\ac(○,11)11eq \o\ac(○,14)14དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་། མི་རིགས་དཔེ་སྐྲུན་ཁང་།2001. 449‑.450.450.293. 453.

πρeq \o\ac(○,5)5eq \o\ac(○,7)7eq \o\ac(○,8)8eq \o\ac(○,10)10eq \o\ac(○,15)15eq \o\ac(○,16)16གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2000.   58.  58. 59. 58. 408. 408. 58. 162. 58.

 eq \o\ac(○,6)6གཙང་སྨན་ཡེ་ཤེས་བཟང་བོ། གཙང་སྨན་པའི་སྨན་ཡིག་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།2007.42.

 eq \o\ac(○,9)9eq \o\ac(○,12)12ཀརྨ་ཆོས་འཕེལ། བདུད་རྩི་སྨན་གྱི་འཁྲུངས་དཔེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1993.  58.280.

 eq \o\ac(○,13)13ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2000 191.

                                                               尚吾才旦加,藏医副主任医师,藏医硕士研究生,青海省海南藏族自治州兴海县藏医院。

 邮箱:1115902404@qq.com

 ཧྲོང་བོ་ཚེ་བརྟན་རྒྱལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་བོད་སྨན་ཁང་། གསོ་རིག་རབ་འབྱམས་པ། སྨན་པ་འབུམ་རམས་གཞོན་པ།

 ཁ་པར་ཨང་གྲངས།          18097083222 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ig8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531524
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།