འབྲོག་པའི་དམངས་ཁྲོད་གཏམ་དཔེ་ཕྱོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» འབྲོག་པའི་དམངས་སྲོལ། »འབྲོག་པའི་དམངས་ཁྲོད་གཏམ་དཔེ་ཕྱོགས་བསྡུས།
འབྲོག་པའི་དམངས་ཁྲོད་གཏམ་དཔེ་ཕྱོགས་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-26ལྟ་ཀློག (11644)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲོག་པའི་དམངས་ཁྲོད་གཏམ་དཔེ་ཕྱོགས་བསྡུས།

   དེ་ཡང་འཛམ་གླིང་རིག་གནས་ཀྱི་ལྡུམ་ར་ཆེན་པོའི་ཁྲོད་དུ་བོད་རིག་པ་ཞེས་པའི་མཚར་སྡུག་ཡིད་འོང་གི་མེ་ཏོག་རྐང་གཅིག་ཡོད་པ་ནི་ཕྲན་གྱིས་འུད་བསྟོད་བྱེད་མི་དགོས་ཤིང་།གཞན་གྱིས་བསྐུར་བ་བཏབས་པས་གང་ཡང་མི་ནུས་པ་ཀུན་ལ་ཧ་ཅང་གསལ་བས་འདིར་རྨོངས་རྟགས་བསྟན་ཏེ་མང་བོ་སྨྲ་བར་མི་བྱ། འོན་ཀྱང་བོད་ཀྱི་གཏམ་དཔེ་འདི་ཉིད་བོད་མི་ཐུན་མོང་གི་རྒྱུན་རིང་འཚོ་བའི་ཉམས་མྱོང་དང་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཞིག་ཡིན་པས་ན་ཡིད་འོང་གི་མེ་ཏོག་འདི་ཚར་དུ་མངར་བྱེད་ཀྱི་རྒྱུ་མ་ཡིན་ནོ་ཞེས་སུ་ཡིས་སྨྲ་སྤོབས།  ལར་སྔ་མི་རྒན་པ་དག་གི་མཛད་པའི་དུས་ཟིན་ཏེ་ཕྱི་རབས་པ་དག་ལ་རྩིས་སྤྲོད་ཞུ་མཚམས་འདིར་རང་བློའི་ཤེས་ཚད་དམའ་ཞིང་ཤེས་རབ་ཀྱི་བློ་མིག་སྟོང་བའི་རྐྱེན་གྱིས་ཁོང་ཅག་གིས་ང་ཚོར་སྤྲད་གནང་མཛད་པའི་རིག་གཞུང་དག་ལ་བདག་པོ་རྒྱག་མི་ནུས་སྟབས་སུ་དང་གང་ལའང་རྩིས་སྤྲོད་ཞུ་ཐབས་ཁྱོན་ནས་ཕྲ། ཡིན་ནའང་སོ་སོའི་ནུས་པའི་འཇོན་ཚད་ཀྱིས་ཞབས་ཞུ་སྒྲུབ་སྟངས་ཤིག་ཡོད་པར་སྙམ་ནས་ངག་ནས་ངག་བརྒྱུད་པའི་རིག་གནས་འདིར་སྲུང་སྐྱོབ་བྱ་ཐབས་ཙམ་དུ་འཚོལ་བསྡུའི་ལས་ཙམ་གཉེར་བདེའོ།།

  ངེས་དགོས་པ་ཞིག་ལ་རང་ཅག་གི་གཏམ་དཔེ་འདིར་བརྗོད་བྱའི་གནད་ཐོན་ཞིང་རྗོད་བྱེད་ལ་སྙན་ཆ་ལྡན་ལ།ད པེ་དོན་ཀུན་ནས་མཐུན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། འདི་ལ་བསྟོད་པའི་སྐོར་དང་སྨད་པའི་སྐོར།གཉེན་བཤད་ཀྱི་སྐོར། གྱོད་བཤད་ཀྱི་སྐོར་སོགས་མང་བས་བཀོལ་སྤྱོད་ཀྱི་ངོས་ནས་ཀྱང་འཚོ་བའི་ཟུར་གང་དུའང་སྤྱད་ཆོག་པ་ཞིག་ཡིན། འདི་རུ་མཚོ་ལྷོ་མང་རྫོང་ཡུལ་གྱི་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཁ་ཤས་ཤིག་《དམངས་ཁྲོད་གཏམ་དཔེ》ཕྱོགས་བསྒྲིགས་ཀྱི་དེབ་ལས་བཤུས་ཡོད་པ་འདིས་རིག་གནས་འདི་དང་འདིའི་མཛད་སྤྱོད་པ་དག་ལ་ཕན་ཐོག་པར་གྱུར་ཅིག

༡ བསྟོད་པའི་སྐོར།
གེ་སེར་སྒྲུང་ལ་མི་ཐེ་བའི་སྲིད་པའི་ཆགས་རིམ།།
སྲིད་པའི་གཏམ་ལ་མི་ཐེ་བའི་ཕ་ཁུའི་སྐྱེས་རབས།།


བླ་མ་དགུང་གི་ཉི་མ་འདྲ་འདྲ།།
དཔོན་པོ་དུང་གི་ཟླ་བ་འདྲ་འདྲ།།

བློ་རིག་པ་གློག་དམར་འཁྱུག་འཁྱུག།
གཏམ་ཁ་ལྕེ་མེ་ལྕེ་འབར་འབར།།

དཔོན་ཆེན་པོའི་ཁ་ལོ་གང་ལ་འཁོར་ན།།
འབངས་སྡེ་བའི་ཁ་ལོ་དེའི་སར་འཁོར་ར།།
རྟ་འདོ་བའི་ཁ་ལོ་གང་ལ་འཁོར་ན།།
སྒ་བེ་སང་སྔ་རུ་དེ་རུ་འཁོར་ར།།

སྐྱིད་ཀྱི་རྟ་ཕོ་དྲུག་ཞེང་ཅན་པོ།།
གཡང་གི་རྒོད་མ་ཐེར་ཞེང་ཅན་པོ།།

རྒྱབ་རི་ལྷ་བསང་ཤུག་པ་ཡིན།།
བསང་ཤུག་གཞན་ན་རེ་མི་དགོས།།
མདུན་རི་གནམ་མཚོ་ཕྱུག་མོ་ཡིན།།
འཐུང་ཆུ་གཞན་ན་རེ་མི་དགོས།།

དཔའ་བོ་ལྕག་ནག་གི་ཐོ་འདྲ་བ།།
མཁས་པ་རྨ་བྱ་ཡི་སྒྲོ་ཇི་བཞིན།།

བྲེ་སེར་འབྲོང་གི་རྭ་འདྲ་འདྲ།།
དམར་ཡག་སྟག་གི་མཆེ་འདྲ་འདྲ།།

མི་རྒྱུད་ལྷ་དང་།།
ཆུ་རྒྱུད་གངས།།

སོ་སུམ་བཅུའི་བར་ནས་སོའུ་བརྒྱབ།།
ལྕེ་དར་མའི་ཁུག་ནས་གཏམ་བཤད།།

མགོ་བླ་རིའི་སྟེང་ལ་རྭ་བཙུགས།།
སོ་སུམ་ཅུའི་སྟེང་ལ་ལྕེ་སྤྲད།།

ཕར་བཤད་ཚིག་གི་སྨྲ་དག།
ཚུར་བཤད་ཚིག་གི་དོན་གོ།

དགུང་ཨ་སྔོན་འགྱོག་གི་ཀ་བ།།
ས་དོག་མོ་ཆགས་པའི་རྟེན་ཕུར།།

ཁ་མ་རྒས་ཨ་ལོང་ཙ་ན་ཡོད་དུས།།
མིག་མ་རྒས་ཆག་ག་མཐའ་ན་ཡོད་དུས།།
ལུས་མ་རྒས་སྨྱུག་མ་ཚིགས་དྲུག་ཡིན་དུས།།

ཕུ་ནུ་ཁ་གྲངས་ཅན་ཞིག་གཞུག་ན་ཡོད།།
བུ་ཚ་དཔུང་རྡང་ཅན་ཞིག་སྔོན་ན་ཡོད།།

རྟ་ནག་ལམ་ཁར་བརྒྱབ་ན་ཇག་པས་མི་འདེད།།
གཏོར་མ་གྱང་ཁར་བཞག་ན་ཁྭ་ཏས་མི་འཁྱེར།།

དཔའ་ཡང་དག་གི་རྩ་བ་གླེན་དགོས།།
མཚོན་ཡང་དག་གི་རྩ་བ་ཡང་དགོས།།

ལྷ་སྲུང་མ་གོས་ཀྱི་འཇམ།།
ཤ་རུས་པ་དུང་གི་དཀར།།

ལྕེ་དམར་རྐན་ལ་བརྡབ་ནས་སྲིད་པའི་ཆགས་རིམ་བཤད།།
སྔོན་མོ་མིག་ལ་བླངས་ནས་གཤོག་ཐོག་དགུང་ནས་འཕེན།།

མགྱོགས་པ་ཤ་སྤྱང་འདྲ་ཟིག་ཞོན་ཡོད།།
མདའ་མོ་ཐོག་རྒོད་འདྲ་ཟིག་ཁུར་ཡོད།།

ཤཱཀྱ་ཐུབ་པ་ཕེབས་ན་ཞྭ་མི་འཕུད།།
གླང་ཆེན་སྨྱོན་པར་ཐུག་ན་ལམ་མི་གཟུར།།

ཆོས་འབྲེལ་གསེར་གྱི་ཐག་པ་ཁྲ་ཤག་སེ།།
དམ་ཚིག་ཤེལ་གྱི་སྒོང་ང་འོད་ལམ་མེ།།

ཝ་དམར་དམར་གྱི་སོག་པའི་མེ་ལོང་།།
དོམ་ནག་ནག་གི་སྙིང་གི་དཀར་ཐིག།

ཁ་ཞག་གྱི་ལེ།།
ཁུ་ཞག་ལྡེམ་མེ།།

རྩྭ་ཡར་སྐྱེས་ཀྱི་རྫོང་མཐུག་ས།།
ཆུ་མར་འབབ་ཀྱི་གཏིང་ཟབ་ས།།

ཉིན་ནས་བཞག་ན་མི་དྲོས།།
སྲིབ་ནས་བཞག་ན་མི་འཁྱག།

མཁོ་སྤྲོད་པ། གསར་འགོད་པ་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528996
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།