བདེ་ཐང་ནི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཡིན་པས་ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་ཚེ་སྲོག་ལ་བརྩི་སྲུང་བྱ།
༢༠༡༦ ལོའི་སྤྱི་ཟླ་༩ བའི་ཚེས་༢༣ ཉིན་རྭ་རྒྱ་གྲོང་རྡལ་བོད་ཡིག་བཅའ་སྡོད་སློབ་འབྲིང་དུ་ཞོར་ཟས་གཏན་འགོག་༼ ང་ནས་འགོ་རྩོམ་༽ཞེས་པའི་བརྗོད་གཞིའི་སྟེང་ཞོར་ཟས་གཏན་འགོག་གི་བྱ་འགུལ་སྤེལ་ཞིང་། གདན་ཞུའི་སྐུ་མགྲོན་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ༧ལྡོང་ཡོན་ཏན་རྒྱ་མཚོ་གཙོས་རྭ་རྒྱ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཏང་གཙོ་དབང་བྷོ་དང་གྲོང་གཙོ་གཞོན་པ་བསྟན་དར། དམངས་ཆེན་འགོ་གཙོ་རྟ་མགྲིན་ཚེ་རིང་། རྭ་རྒྱ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་། བཟོ་ཚོང་ཅུའུ། མངག་གཏོང་ཁང་། འཕྲོད་བསྟེན་ཁང་། རྭ་རྒྱ་བོད་ཡིག་བཅའ་སྡོད་སློབ་འབྲིང་གི་སློབ་གཙོ་ཐང་ཧྲིན་ཐེན། ཨེ་འགོག་འཕྲོད་བསྟེན་གླིང་། གྲོང་རྡལ་གྱི་འབྲོག་ཨུ་ཁང་སོ་སོའི་འགན་འཛིན་མི་སྣ་སོགས་ཟབ་ཞུགས་གནང་། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མེས་པོ་གོང་མ་རྣམ་པའི་སྐུ་རིང་ནས་ཡོད་པའི་བོད་ཀྱི་ཟས་རིགས་གཙང་མ་དེ་སྦྲང་དཀར་རྩམ་པ་སྤྱད་ན་ནད་རིགས་མི་འབྱུང་བར་ཕན་པ་ཡོད་པར་མ་ཟད་བོད་ཀྱི་ཚན་རིག་དང་མཐུན་པའི་འཚོ་བ་ཡིན་པ་བརྗོད་གཞི་བྱས་ཏེ་གསུངས་བཤད་གནང་བ་དང་།དགེ་རྒན་ཚོས་སློབ་ཁྲིད་སྐབས་སུ་གནས་ལུགས་དང་མཐུན་པའི་སྒོས་སློབ་མ་ཚོར་ཞོར་ཟས་སྤང་བའི་སློབ་གསོ་གཏོང་དགོས་པ། ད་དུང་ཁྱིམ་བདག་ཚོས་རང་གི་བུ་ཕྲུག་ཚོར་བྱ་ཤ་དང་ཉ་ཤ་ཕག་ཤ་འབུ་རིགས་ཀྱི་ཤ་སོགས་སྤང་དུ་འཇུག་པ།
དེ་མིན་དམངས་ཆེན་འགོ་གཙོ་རྟ་མགྲིན་ཚེ་རིང་སོགས་ཀྱིས་ཞོར་ཟས་གཏན་སྤང་བྱ་བའི་ཕྱོགས་ནས་རང་རང་གི་ལྟ་ཚུལ་ལྷུག་པོ་བརྗོད་དེ་ས་གནས་ཀྱི་མང་ཚོགས་རྣམས་ལ་རེ་སྐུལ་བྱས། གཞན་ཡང་སློབ་གྲྭ་རང་སྟེང་ནས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ཏེ་བྱ་འགུལ་འདི་ལ་སྤྲོ་སྣང་བླ་ལྷག་སྦྱིན། མཇུག་མཐར་རང་སློབ་གྲྭའི་སློབ་གཙོ་ཐང་ཧྲིན་ཐེན་ལགས་ཀྱིས་མི་སྒེར་ནས་ཞོར་ཟས་གཏན་སྤང་བྱེད་པའི་ཁས་ལེན་དམ་བཅའ་བཞག་པ་དང་སློབ་མ་སུམ་བརྒྱ་ལྷག་གིས་ཀྱང་རང་རྟོགས་ཀྱིས་ཞོར་ཟས་གཏན་སྤང་བྱེད་རྒྱུའི་ཁས་ལེན་བྱས་པར་སློབ་གྲྭ་རང་གིས་བྱ་དགའ་བྱིན་པ་དང་བཅས་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་རྒྱུད་མགོ་བོད་ཡིག་སློབ་འབྲིང་དུ་ཕེབས་པ།
སློབ་གྲྭའི་དགེ་སློབ་རྣམས་ཀྱིས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་ཕེབས་བསུ་གནང་བཞིན་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་བོད་ཟས་གཙང་མའི་དགེ་མཚན་དང་འབྲེལ་བའི་གཏམ་བཤད་གནང་བཞིན་པ།
བདེ་ཐང་ནི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཡིན་པས་ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་ཚེ་སྲོག་ལ་བརྩི་སྲུང་བྱ།
བདེ་ཐང་མིན་པའི་ཟས་རིགས་འགྲེམས་སྟོན་གཟིགས་ཞིབ་གནང་བཞིན་པ།
ཞོར་ཟས་གཏན་སྤངས་བྱས་པའི་སློབ་མར་བྱ་དགའ་གནང་བ།
ཚོགས་རའི་ཟུར་ངོས་ཞིག
གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་བསོད་རབ་དང་ཁྲོ་རྒྱལ་གཉིས།
|