གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་རྗེ་ཙོང་ཁ་བ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་རྗེ་ཙོང་ཁ་བ་གླེང
གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་རྗེ་ཙོང་ཁ་བ་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-21ལྟ་ཀློག (7313)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྗེ་ཙོང་ཁ་པ་མཆོག་ལ་ས་རྙིང་བཀའ་འབྲུག་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཚུལ་མདོ་ཙམ་བརྗོད་ན།

 

༡༽ བོ་དོང་པཎ་ཆེན་གྱིས།

མཁས་མཆོག་ངང་བའི་རྒྱལ་པོ་བློ་བཟང་མཆོག།

གྲགས་པ་མགྲིན་པའི་རྫ་རྔ་སྒྲོག་པ་ཅན།།

ལེགས་བཤད་སྨྲ་བའི་དབང་པོའི་ཞབས་དྲུང་དུ།།

འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་ཞུ།།

ཁྱོད་ཀྱི་རྣམ་ཐར་ཆེན་པོའི་ཆེན་པོ་རྣམས།།

རིང་ན་གནས་ཀྱང་མངོན་སུམ་བཞིན་དུ་ཐོས།།

ཕར་ཕྱིན་སྔགས་ཀྱི་ལམ་རིམ་གཉིས་ཀྱང་མཐོང་།།

དེས་ཀྱང་བདག་ཡིད་སྤྲོ་དང་དགའ་བར་གྱུར།།

                      ཞེས་སོགས་དང་།

༢༽ ཀརྨ་པ་དེ་བཞིན་བཤེགས་པས།

           ཨོ་སྭ་སྟི།

འཇིག་རྟེན་དབང་ཕྱུག་སྲིད་ཞིའི་དཔལ།།

དཔལ་ཀུན་ཡོངས་རྫོགས་མཁྱེན་པའི་ཐུགས།།

ཐུགས་རྗེ་ཆེན་པོས་གདུལ་བྱའི་དོན།།

དོན་བཞིན་མཛད་པ་དེ་ཡིས་སྐྱོངས།།

མང་ཐོས་བློ་གྲོས་ཡངས་པའི་མཁར།།

ཏིང་འཛིན་བཟང་པོའི་དཀྱིལ་འཁོར་རྫོགས།།

རྣམ་དཀར་གྲགས་པའི་འོད་འཕྲོ་བ།།

བཤེས་གཉེས་ཟླ་བ་གང་དེ་རྒྱལ།།

                ཞེས་སོགས་དང་།

༣༽  སྟག་ཚང་ལོ་ཙཱ་བས།

    ན་མོ་གུ་རུ་མཉྫུ་གྷཱོ་ཥཱ་ཡ།

བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ།།

བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས།།

གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ།།

བློ་བཟང་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ།།

དཔག་ཡས་ཚོགས་གཉིས་ཀུན་གྱི་རྩེ་མོ་སོན།།

བགྲང་ཡས་རྒྱལ་བ་ཀུན་གྱི་རིང་ལུགས་འཛིན།།

མཐའ་ཡས་འགྲོ་བ་ཀུན་གྱི་དགེ་བའི་བཤེས།།

བསམ་ཡས་ཡོན་ཏན་ཀུན་གྱི་གཏེར་ལ་འདུད།།

                    ཅེས་སོགས་དང་།

༤༽ས་བཟང་མ་ཏི་པཎ་ཆེན་གྱིས།

ཐུབ་དབང་ཞིང་དུ་ཁྱོད་ཉིད་ཁོ་ནས་ནི།།

ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་ལྟ་ན།།

ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས།།

མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ།།

ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན།།

དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས།།

སྒྲོ་སྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ།།

མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར།།

                ཞེས་སོགས་དང་།  

༥༽ཀརྨ་པ་མི་བསྐྱོད་རྡོ་རྗེས།

བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ།།

ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས།།

འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ།།

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།།

ས་དྭགས་བཀའ་གདམས་སྲོལ་འཛིན་གསང་ཕུ་བ།།

བོད་ཡུལ་བསྟན་པ་ནུབ་ཏུ་ཉེ་བ་ན།།

ཉིད་བསྟན་གསལ་བར་ཁྱབ་མཛད་ཙོང་ཁ་པ།།

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།།

༦༽ཀརྨ་པ་དབང་ཕྱུག་རྡོ་རྗེས།

ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་འདིར།།

ངུར་སྨྲིག་གོས་འཛིན་མཐའ་བྲལ་དབུ་མའི་དོན།།

ཆོས་ཀུན་ཀུན་རྫོབ་ཏུ་ཡོད་དོན་དམ་དུ།།

མེད་པར་སྟོན་མཛད་རྒྱལ་བ་དེ་ལ་འདུད།།

གསར་རྙིང་མདོ་རྒྱུད་ཀུན་ནས་ལུང་བསྟན་ཅིང་།།

ཐུགས་རྗེས་དུས་ལས་མི་གཡོ་གཟིགས་པ་ཅན།།

འབྲེལ་བ་ཐོགས་པ་ཙམ་གྱིས་རང་ཉིད་ཀྱི།།

གོ་འཕང་སྩོལ་མཛད་ཟླ་བྲལ་དེ་ལ་འདུད།།

བཅས་དང་ཁ་ན་མ་ཐོའི་ཉེས་པ་ཡིས།།

ཅུང་ཟད་མ་གོས་འདུལ་བའི་སྲོལ་ཆེན་འཛིན།།

ཞི་དུལ་བག་ཡོད་འཕྲི་ལས་བཞི་ལ་སྤྱོད།།

མཁས་བཙུན་བཟང་པོ་ཙོང་ཁ་པ་ལ་འདུད།།

                       ཅེས་དང་།

༧ ༽ཞྭ་དམར་ཆོས་ཀྱི་གྲགས་པས།

དུས་ཕྱིས་བཀའ་ཕྱག་ས་སྐྱ་པ་སོགས་ཀྱི།།

བླ་མ་མཁས་གྲུབ་རྣམས་ལ་གཏུགས་པ་ལས།།

མཁས་པ་བློ་བཟང་གྲགས་པའི་དཔལ་ཞེས་པ།།

མདོ་སྔགས་བསྟན་པ་གསལ་བར་མཛད་པ་བྱུང་།།

                          ཞེས་དང་། 

༨༽འབྲུག་པདྨ་དཀར་པོས།

དགེ་ལེགས་ཆུ་གཏེར་ཆེན་པོས་འཇིག་རྟེན་ལ།།

བློ་བཟང་ཉིན་མོར་བྱེད་པ་ཁྱོད་བྱོན་ཚུན།།

ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞིང་།།

གྲགས་པའི་གཞིར་གྱུར་དེ་ལ་ཕྱག་འཚལ་ལོ།།

ཞེས་སོགས་དང་།

འགྲན་ཟླ་ཀུན་བྲལ་ཀུན་མཁྱེན་ཙོང་ཁ་པར།།

འགྲན་ཟླར་བགྱི་བའི་མཁས་རློམ་མང་ན་ཡང་།།

འགྲན་ཟླ་མི་བྱེད་པདྨ་དཀར་པོས་བསྟོད།།

                        ཅེས་དང་། 

༩༽རྗེ་ཡིད་བཟང་རྩེ་བའི་གསུང་ལས། 

དེའི་དུས་སུ་ས་ཆེན་པོ་འདི་རྗེ་བཙུན་ཙོང་ཁ་པའི་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་བྱས་ནས་ཡོད་པ་ཡིན།

             ཞེས་དང་།

༡༠༽ཆོས་སྒོ་བ་འཇམ་དབྱངས་ལ་ཆས་ཀྱིས།

 སྤྲུལ་སྐུའི་འཁྲུངས་ཡུལ་གངས་ཅན་ཤར་གྱི་ཕྱོགས།།

ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ།།

                ཞེས་སོགས་དང་། 

༡༡༽མི་ཕམ་རྣམ་རྒྱལ་རྒྱ་མཚོས། 

སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།།

སྟོང་དང་རྟེན་འབྱུང་ཟབ་མོ་དེ་ཉིད་ལ།།

ཡིད་ཆེས་གཏིང་ནས་བརྙེད་པའི་སྒོ་གཅིག་པུ།།

ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ།།

   ཞེས་གསུངས་པ་སོགས་བསྟོད་བསྔགས་ཀྱིས་མེ་ཏོག་འཐོར་བའི་གཞུང་ཚིག་མང་དུ་ཡོད་ཀྱང་། ཚིག་མང་དུ་དོགས་ནས་འདི་དེ་ཙམ་ལས་མ་བཀོད་པ་ཡིན་ནོ།། ཡི་གེ་པ་ནི་བློའི་མིང་ཅན་ནོ།།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503076
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།