ཚོང་ལས་ཡར་སྐུལ་གྱི་ཚོགས་འདུ་SIYB ཅན་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཚོང་ལས་ཡར་སྐུལ་གྱི་ཚོགས་འདུ་SIYB ཅན་གྱི་གསབ་སྦྱོང་འཛིན་གྲྭ་བ
ཚོང་ལས་ཡར་སྐུལ་གྱི་ཚོགས་འདུ་SIYB ཅན་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-09ལྟ་ཀློག (3427)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མང་རྫོང་སུམ་མདོ་ས་ཁུལ་དུ་སྐབས་དང་བོའི་ཚོང་ལས་ཡར་སྐུལ་གྱི་SIYBགསབ་སྦྱོང་འཛིན་གྲྭ་བསྡུས་པ།

   ༢༠༡༦ལོའི་ཟླ་༩བའི་ཚེས༧ཉིན། མང་རྫོང་སུམ་མདོ་གྲོང་བརྡལ་གྱི་གངས་ལྗོངས་ཁྱད་ནོར་འབྲོག་ལས་ཆེད་ལས་མཉམ་སྒྲུབ་ཁང་གི་ལས་འཛིན་དཔོན་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་བོན་བརྒྱ་སྟག་ལ་འབུམ་གྱིས་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་དག་གཙོ་བྱས་པའི་འབྲོག་པ་དམངས་ཚོགས་ཀྱི་དཔལ་འབྱོར་འདུ་ཤེས་ཆེར་བསྐྱེད་དང་། ཁྲིམས་ལུགས་ཆུ་ཚད་གོང་སྤེལ། ལག་རྩལ་དང་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་ཡོང་བ་བཅས་དམིགས་གཞི་རུ་བཟུང་ནས་སུམ་མདོ་བྱེ་སྣ་ས་ཁུལ་དུ་༼སྐབས་དང་བོའི་ཚོང་ལས་ཡར་སྐུལ་གྱི་SIYBགསབ་སྦྱོང་འཛིན་གྲྭ་༽གཙོ་སྒྲུབ་བྱས་ཏེ་འགོ་འཛུག་མཛད་སྒོ་སྤེལ།
ཚོགས་ཐོག་ཏུ་རྫོང་ལས་ཞུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་འབུམ་ལུང་སྡེ་བའི་ཆེད་མངགས་ཧྲུའུ་ཅུ་དང་བོ་བསོད་ནམས་རིན་ཆེན། དཔའ་ཧྥུན་སློབ་གྲྭའི་སློབ་གཙོ་པདྨ་ཚེ་རིང་། ཐེངས་འདིའི་ཆེད་ཞུས་དགེ་རྒན། འགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཐུགས་རྗེ་རྒྱལ།སྡེ་འདུག་ལས་བྱེད་པདྨ་འབུམ། ལས་འཛིན་དཔོན་བོན་བརྒྱ་སྟག་ལ་འབུམ་སོགས་མི་བཞི་བཅུ་ལ་ཉེ་བ་ཞིག་ཚོགས་འདུ་རུ་ཞུགས་ཤིང་།
རྫོང་ལས་ཞུགས་ཅུའུ་ཡི་ཅུའུ་ཀྲང་གིས་ད་རེས་ཀྱི་ཉིན་བཅོ་ལྔའི་རིང་གི་གསབ་སྦྱོང་འཛིན་གྲྭ་བདེ་ལེགས་ངང་གྲུབ་རྗེས་ལས་སྒོ་གསར་འབྱེད་ཀྱི་ཚད་མཐུན་དཔང་ཡིག་བསྟེར་རྒྱུ་ཡིན་པ་དང་། སྐྱེད་ཀ་མེད་པའི་དངུལ་བུན་བསྐྱི་ཐུབ་པ་སོགས་ཀྱི་གསུང་བཤད་གནང་བ་དང་། ཧྲུའུ་ཅུ་བསོད་ནམས་རིན་ཆེན་གྱིས་དབུལ་ཕོངས་ཁྱིམ་ཚང་དག་གིས་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱད་དེ་ངེས་པར་དུ་ཚོང་ལམ་ལ་ཞུགས་ནས་མགྱོགས་མྱུར་ངང་དབུལ་ཐར་ཡོང་དགོས་པར་བསྟན་པ།   འགོ་གཙོ་ཐུགས་རྗེ་རྒྱལ་དང་སྡེ་འདུག་ལས་བྱེད་པ་པདྨ་འབུམ།  དགེ་རྒན་ལིས་ལགས་སོགས་ཀྱིས་མི་རིགས་མཐུན་སྒྲིལ་ངང་འཕེལ་རྒྱས་སུ་གཏོང་དགོས་པའི་སྐོར་དང་། གསབ་སྦྱོང་འདི་ནི་རྣམ་པ་གསར་ལ་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཚོང་ལས་ཀྱི་གསབ་སྦྱོང་འཛིན་གྲྭ་ཞིག་ཡིན་པ་དང་། ས་གནས་ཚོང་གཉེར་བ་དག་གིས་ཅིས་ཀྱང་དམ་འཛིན་བྱེད་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་།

ཐེངས་འདིར་རྫོང་ལས་ཞུགས་ཅུའུ་དང་ཁུལ་དཔའ་ཧྥུན་ལས་རིགས་གསབ་སྦྱོང་སློབ་གྲྭ་གཉིས་ཀྱིས་རོགས་སྒྲུབ་དང་མཐུན་རྐྱེན་སྦྱར།

ཡུལ་དངོས་ཀྱི་ཚོགས་རའི་རྣམ་པ།

ཚོགས་ཞུགས་མི་སྣའི་མཉམ་པར།

ཐེངས་འདིའི་གཙོ་སྒྲུབ་པ་བོན་བརྒྱ་སྟག་ལྷ་འབུམ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531419
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།