ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།
ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-09-07ལྟ་ཀློག (4831)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པའི་སྐབས་དང་བོའི་ཚོགས་འདུ།


       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ་འདི་བོད་སྤྱི་ཚོགས་ཀྱི་དྲ་བའི་སྡིངས་ཆ་རུ་ཤར་གཏོང་བྱས་ཏེ་མི་ལོ་ཧྲིལ་བོ་གཅིག་ལྷག་འགོར་ཡོད་ཅིང་།  འདིའི་རིང་ལ་དྲ་བའི་ཀློག་གྲངས་༡༤༤༦༧༢༣ལ་བུད་ཡོད་པས་སྤྱི་ཚོགས་ལས་རིགས་སོ་སོར་གནས་པའི་རྒྱ་ཆེ་བའི་ཀློག་མཁན་མང་བོའི་དགའ་བསུ་བླ་མེད་ཐོབ།

     སྤྱི་ལོ་༢༠༡༦ལོའི་ཟླ་༩བའི་ཚེས་༧ཉིན་སློབ་གླིང་རང་དུ་དྲ་བའི་དོ་དམ་དང་ཁ་ཕྱོགས།  རྩོམ་སྒྲིག་དང་གསར་འགོད་སོགས་ཀྱི་ཕྱོགས་ནས་ཚོགས་འདུ་འཚོགས་ཤིང་།  ཚོགས་འདུའི་སྟེང་དུ་མཐར་ཕྱིན་འཛིན་གྲྭ་སོ་སོའི་དྲ་བའི་གསར་འགོད་པ་སྐལ་བཟང་ལུང་རིགས།  ཉི་མ་རྒྱལ་མཚན།   བློ་བཟང་ཆོས་གྲགས།    རྒྱ་འདུ་སངས་རྒྱས།  གཉན་བུ།  ཐེབ་རྒྱ་རྟ་མགྲིན།  སེར་སྐོར་འཇམ་ཚེ།  རྡོ་རྗེ་ཕག་མོ།  རྟ་མགྲིན་ཚེ་རིང་།   འཇིགས་མེད་གྲགས་པ།  མགོན་པོ་སྐྱབས།   གླིང་བུའི་སྙེ་མ།   སྙིང་རྒྱལ།  འབུམ་རྩེ་ཡག   འཇམ་དབྱངས་ཀླུ་སྒྲུབ།  པདྨ་རིག་འཛིན། སྐལ་བཟང་ལུང་རྟོགས།  ཁྲི་པདྨ། མཁའ་འགྲོ་རྒྱལ།  བསོད་རབ། རྨ་ཆེན་སྐྱབས། པདྨ་སྙིང་འབུམ།  སངས་རྒྱས་སྐྱབས་བཅས་ཞུགས།

      སྔ་དྲོར་སློབ་གླིང་རང་གི་ཨ་མྱེས་ཁྲ་རྒན་རིག་གནས་ཁམས་བསང་གླིང་དུ་འཚོགས་ཏེ་དྲ་བའི་དོ་དམ་པ་ཁཱ་ཤེས་རབ་རྒྱ་མཚོས་ལོ་གཅིག་གི་རྩོམ་སྒྲིག་གི་བྱ་བ་སྤྱི་བསྡོམས་བྱས་ཤིང་།   རྩོམ་སྒྲིག་པ་འབའ་སྣང་གྲོལ་དང་མགོན་པོ་རྡོ་རྗེ།  འཇམ་དབྱངས་ཡེ་ཤེས་སོགས་ཀྱིས་མ་འོངས་བར་དྲ་བ་ཇི་ལྟར་རྒྱུད་འཛིན་བྱེད་པ་དང་དྲ་བའི་ནུས་པ་དང་རྩོམ་སྒྲིག་སོགས་ཀྱི་ཐད་ནས་གཏམ་བཤད་གནང་ཞིང་།  དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་དྲ་བའི་རྩ་དོན་དང་ཁ་ཕྱོགས།  ཁྱད་པར་ཐོན་མིའི་སློབ་གསོ་ལས་འཕྲོས་ཏེ་བཀའ་སློབ་ཡིད་འཁུལ་བ་གནང་ཞིང་།  ཐེངས་འདིར་གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས་དང་བློ་བཟང་ཆོས་གྲགས།  སེར་སྐོར་འཇམ་ཚེ་གསུམ་ལ་ཕུལ་བྱུང་གསར་འགོད་པའི་བྱ་དགའ་གནང་བར་མ་ཟད།  གསར་འགོད་པ་ཡོངས་ལ་རང་དྲ་བའི་གསར་འགོད་ཀྱི་ལག་རྟགས་གནང་།

    ཕྱི་དྲོར་སློབ་གླིང་རང་གི་དཔེ་མཛོད་ཁང་སྟེ་སྒྲ་སྒྱུར་གཙུག་ལག་ཁང་དུ་དྲ་བའི་མདུན་ལམ་ཐད་ཀྱི་བགྲོ་གླེང་ཟབ་རྒྱས་ངང་འཚོགས་ཤིང་།  དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དབུར་བཞུགས་སྒོས་གསར་འགོད་པ་གྱི་ལིང་འཇིགས་མེད་དང་སྐལ་ལྡན་རྒྱ་མཚོ། སྐལ་བཟང་ལུང་རིགས། ཉི་མ་རྒྱལ་མཚན་སོགས་གསར་འགོད་པ་སོ་སོས་རང་རེའི་དྲ་བ་འདི་ཡིས་བོད་རང་གི་ཐུན་མོང་མ་ཡིན་པའི་ཐོན་མིའི་སློབ་གསོ་རྒྱུད་འཛིན་དང་དར་སྤེལ་ཇི་ལྟར་གཏོང་དགོས་ཚུལ་སོགས་ཀྱི་ཕྱོགས་ནས་རང་རང་གི་བསམ་ཚུལ་སྣ་ཚོགས་ལྷུག་བརྗོད་གནང་སྟེ་འཁྲུག་ཆ་དོད་པོ་བྱུང་ཞིང་།  མཐར་དུས་ཚོད་ཀྱི་དབང་གིས་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བཀའ་སློབ་གནང་བ།

ཚོགས་རའི་ཟུར་དངོས་ཤིག

ཚོགས་རའི་ཡུལ་དངོས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུའི་སྟེང་ཕེབས་པའི་ཚོགས་ཞུགས་མི་སྣའི་མཉམ་པར།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།   སྤེལ་མཁན།: གྲགས་པ། སྤེལ་དུས:2016/9/9
དགེ་འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་དྲིན་བླ་མེད་ཆེ་ཞུ། ཁྱེད་ལྟ་བུ་བོད་ལ་གང་མང་ཞིག་ཡིད་ན་བོད་ཀྱི་ཤེས་ཡོན་དང་སློབ་གསོའི་ཁ་ཕྱོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་ངེས་པ་རེད། དེས་ཁྱེད་ཀྱི་སྐུ་ཚེ་རིང་བར་སྨོན
  ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།   སྤེལ་མཁན།: བོད་བཙན་པོ། སྤེལ་དུས:2016/9/8
སློབ་དཔོན་རྣམ་པའི་སྐུ་ཚེ་རིང་།མ་ཡུལ་སློབ་གླིང་ཁྲི་ལོར་ཤོག
  ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།   སྤེལ་མཁན།: ཁྲི་འཁྱམས་པོ། སྤེལ་དུས:2016/9/8
དགེན་འཇིགས་མེད་གཙོ་བྱས་དགེ་སློབ་ཡོངས་ཀྱི་སྐུ་ཚེ་རིང་ཞིང་ལས་དོན་ཁག་ཡར་ཟླའི་དཔལ་ལ་འགྲན་པས་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུ།   སྤེལ་མཁན།: སྐལ་བཟང་། སྤེལ་དུས:2016/9/8
རྒན་འཇིགས་མེད་རྒྱལ་མཚན་གྱི་ཚོང་ལས་སྐོར་གྱི་གསུང་བཤད་གློག་བརྙན་མང་ཙམ་འཇོག་རོགས་ཞུ། སྐོམ་པ་ཆུ་འདོད་ལྟར།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5865414
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号