བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་ལྔ་བ།༽
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 18 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་ལྔ་བ།༽
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་ལྔ་བ།༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-09-03ལྟ་ཀློག (2830)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།

ཡིག་མཁན། ཨ་བུ་འབྲོང་།

༦བོད་པ་རྣམས་ཀྱིས་རྒྱ་མཚོ་འགྲམ་དུ་བཞག་སྟེ་ཀོ་གྱོང་མཆིལ་མས་སྦོང་གིན་འདུག

    ང་ཚོ་བོད་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་གྱ་ནོམ་པ་དེ་འདྲ་ཞིག་ཡོད་པ་རེད། འོན་ཀྱང་མང་བོ་ཞིག་གིས་བོད་པས་ཟོག་འཚོས་ནས་བསྡད་ཡོད་པ་རེད། ཟོག་རྗེས་ཟོག་གིས་དེད་དེ་བསྡད་ཡོད་ ཅེས་མཐོང་ཆུང་ལྟ་བུའི་སྐད་ཆ་སྨྲ་མཁན་ཡོད། སྐད་ཆ་དེ་དག་ངོ་མ་དགོད་བྲོ་བ་ལ། ཁྱོད་ཚོས་ཤེས་སམ། ཕྱུགས་འཚོས་ནས་བསྡད་ཡོད་པ་དེ་ཐོན་ཁུངས་རེད། དེ་ནི་གཞན་ལ་མེད་པའི་ཐོན་ཁུངས་རེད། ནོར་ནི་འཛམ་གླིང་གི་རིན་པོ་ཆེའི་ནང་གི་རིན་པོ་ཆེ་ཞེས་བཤད་ཀི་ཡོད་པ་རེད། འུ་ཅག་ལ་དེ་འཚོ་རྒྱུ་ཡོད་པ་ནི་བསོད་ནམས་སུ་མི་འདོད་པར་ད་རུང་རྗེས་ལུས་ལ་བརྩི་རྒྱུ་ཡིན་ནམ། དེ་ནི་རིན་ཐང་མ་ཤེས་པའི་རྟགས་མ་ཡིན་ནམ། དེང་སྐབས་རྒྱ་ནང་དུ་གཡག་གཅིག་གི་རིན་གོང་ལ་སྒོར་ཁྲི་༣༧གྱི་གོང་ཐང་གཅོད་ཀྱིན་འདུག་ཟེར། ང་ཚོས་སྒོར་ཁྲི་༣༧ཕར་ཟད་ཐ་ན་སྒོར་ཁྲི་༡ཡང་ལོན་གི་ཡོད་པ་མ་རེད། དེ་ནི་རིན་ཐང་ངོས་མ་ཟིན་པ་དང་རིན་ཐང་ལ་བེད་མ་ཆོད་པ་རེད། གལ་ཏེ་འདིའི་ཐད་གཅིག་པུ་ནས་གོང་གི་ཚོང་རའི་འགྲན་རྩོད་ཞེས་པར་འདང་ཞིག་བརྒྱབ་ན། ང་ཚོར་གཞན་སུ་ཞིག་གིས་ཀྱང་འགྲན་ནུས་པ་མ་རེད། གང་ཡིན་ཞེ་ན་གཞན་རྣམས་ལ་ནོར་ལུག་ཡོད་པ་མ་རེད། ང་ཚོས་མུ་མཐུད་དུ་ཕྱུགས་ལས་བསྐྱངས་ཏེ་རང་གི་ཐོན་ཁུངས་འདི་དོ་དམ་དང་བེད་སྤྱོད་བྱ་ཐུབ་ན། གཞན་སུ་ཞིག་འདི་ལྟ་བུའི་མཐོ་སྒང་ཞིག་ལ་ཡོང་སྟེ་ཕྱུགས་ཟོག་འཚོས་ནས་འདུག་རྒྱུ་རེད། དེང་སང་ཁྲི་ཀ་སོགས་སུ་དེ་ལྟ་བུ་ཁར་ཁེར་ཡོད་པ་རེད། གལ་ཏེ་ང་ཚོས་ཀྱང་ནམ་ཞིག་ལ་ཕྱུགས་ལས་བསྐྱུར་བཏང་ན་མ་འོངས་པར་འདི་ཕྱོགས་སུའང་དེ་ལྟ་བུ་མེད་པའི་ངེས་པ་མེད། ཡིན་ནའང་མི་རིགས་རང་གི་འཚོ་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཆ་ནས་བསྡུར་ན་ནོར་ལ་བརྟེན་ནས་འཚོ་བ་ལ་ང་ཚོ་ལྟ་བུའི་ཆ་རྐྱེན་འཛོམས་པོ་ཅན་ཞིག་ཡོད་པ་མ་རེད། ཡང་ནོར་ལ་བརྟེན་ནས་འཚོ་བ་ཞེ་ན་ལ་ལས་ནོར་ཡོད་ཚད་བཤའ་བཙོང་བྱ་རྒྱུ་ཞིག་ལ་འདང་རྒྱག་ངེས། དེ་འདྲ་གཏན་ནས་མ་རེད། ང་ལ་སྔོན་ཆད་ཀྱང་དེ་འདྲ་ཟེར་མྱོང་། ཐེངས་ཤིག་ང་ཡུལ་ཤུལ་ཕྱོགས་སུ་སོང་སྟེ་ནོར་གྱི་རིན་ཐང་སྐོར་ནས་སྐད་ཆ་རེ་བཤད་པ་ཡིན། རྗེས་ནས་དགོན་པ་ཞིག་གིས་ང་ལ་ཁ་པར་བཏང་ཡོང་སྟེ། ཁྱོད་ཀྱིས་ནོར་ལ་རིན་ཐང་ཆེ་རབས་བཤད་ཀི་འདུག་ཟེར། ང་ཚོར་ནོར་ཚེ་བླུ་བཞི་བརྒྱ་ལྷག་ཡོད་མོད་རིན་ཐང་བསྔོག་མི་ཐུབ་པས་ཁྱོད་ལ་སྟེར་འཇོག་ཟེར། ངས་ང་ལ་དེ་མི་དགོས། ངས་བོོད་རིགས་མང་ཚོགས་ལ་ལམ་སྟོན་རེ་ཨེ་ཐུབ་བསམ་པ་ལས་ང་རང་གི་ཁ་མ་གསོས་པར་མེད་ཅེས་བཤད་པ་ཡིན། ནོར་མ་བཤས་ན་རིན་ཐང་མི་ལོན་པ་ག་ལ་ཡིན་སྟེ། འདིའི་རྒྱབ་ན་ཁུ་ལུ་དང་རྩིད་པ་ཡོད་ནི་རེད། འཛམ་གླིང་ན་དཀོན་པའི་ནོར་བུ་རེད། འདི་བཞོོས་ན་འོ་མ་རེད། འོ་མ་གཅིག་པུའི་རིན་ཐང་འདིའང་གཞལ་དུ་མེད་དེ་འཛམ་གླིང་ན་འོ་མའི་ཐོན་རྫས་བགྲང་གིས་མི་ལོང་བ་ཡོད། གཞན་དང་གཞན་མི་བཤད་སྤྲི་ཆུར་༼རྒྱ་སྐད་ཀྱིས་(奶酪)ཟེར།༽གཅིག་བུ་ལའང་ད་སྔ་འཛམ་གླིང་ན་ཐོན་རྫས་སྣ་ཁ་མི་འདྲ་བ་༢༨༠༠ཡོད། ད་ལྟ་༣༠༠༠བརྒལ་འདུག་ཟེར། སྤྲི་ཆུར་གཅིག་པུར་རིགས་མི་འདྲ་བ་འདི་འདྲ་མང་བོ་ཞིག་ཡོད་ན། འོ་མའི་ཐོན་རྫས་ཡོད་ཚད་ཅིག་བརྩིས་ན་ཁྲི་ཕྲག་མང་བོ་ཡོད་རྒྱུ་རེད། ང་ཚོར་འདི་འདྲའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་འདུག དགོན་པ་དག་གིས་ཀྱང་ཚེ་ཐར་གྱི་འབྲི་མོ་རྣམས་བཞོས་ཏེ་འོ་མའི་ཐོན་རྫས་ཤིག་བཟོས་དང་རང་ཁ་རང་གསོ་ཐུབ་ཁོ་ཐག་རེད། གྲྭ་བ་རྣམས་ཀྱིས་ཀྱང་ཤ་ནི་ཟ། འོ་མ་ནི་འཐུང་། དེ་བས་འོ་མའང་བཞོས་བཏང་ན་སྡིག་པ་མེད་པ་ག་ལ་ཡིན་མོད་རང་ཁ་རང་གསོ་འོང་གི་རེད། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཞེས་བཤད་ཀི་ཡོད་པ་དེའང་གཙོ་བོ་ཚོང་རའི་དཔལ་འབྱོར་བཤད་ཀི་ཡོད་དེ་ཁྲོམ་རའི་མཐུན་སྦྱོར་དང་ཁྲོམ་རའི་འཁྲིད་ཕྱོགས་(市场导向)སོགས་བཤད་ཀྱིན་ཡོད། འདི་དག་ཚང་མ་ཧ་ཅང་གསལ་བོར་ཤེས་དགོས། འདི་མ་ཤེས་ཚེ་ཁྲོམ་རའི་སྔོན་དཔག་(市场预测)གསལ་བོ་ཞིག་ཤེས་ཐུབ་པ་མ་རེད། ཚོང་རའི་སྔོན་དཔག་དེ་ཚོང་བ་སུ་ཡིན་ཡང་ཧ་ཅང་གལ་ཆེན་ཡིན། ཆ་བཞག་ན་ད་ལྟ་ཚོང་འདི་ཧ་ཅང་བྲིན་མོད་ལོ་ཁ་ཤས་འགོར་ན་ཚོང་འདི་གཉེར་མཁན་ཡོད་དམ་མེད། ངས་འདིའི་རྣམ་པ་བསྒྱུར་དགོས་སམ་མི་དགོས། བསྒྱུར་ན་ཇི་ལྟར་བསྒྱུར་དགོས་པ་སོགས་སྔོན་དཔག་དེ་དག་ངེས་པར་གསལ་བོར་ཡོད་དགོས།

   ང་ཚོས་ཚོང་ར་དང་སློབ་གྲྭ་གང་ཞིག་བསྒྲུབ་ནའང་སྔོན་དཔག་འདི་རིགས་མེད་དུ་མི་རུང་། དེང་གི་བོད་ཀྱི་སློབ་གྲྭ་མང་བོ་ཞིག་གིས་སློབ་མ་བསྐྱེད་སྲིང་བྱེད་པ་ལ་སྔོན་དཔག་ཅིག་གཏན་ནས་ཡོད་པ་མ་རེད། སློབ་མ་ཡོད་ཚད་མཐར་ཕྱིན་ཐབས་ཙམ་ལས་འདི་མཐར་ཕྱིན་རྗེས་སྤྱི་ཚོགས་ལ་དགོས་མཁོ་ཡོད་མེད་དང་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ལ་ཤེས་ཡོན་པ་གང་གི་རིགས་དགོས་མཁོ་ཆེ་བ་བཅས་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད། དཔེར་ན། དེང་སྐབས་ང་ཚོ་བོད་མི་རིགས་ལ་མཚོན་ན་ཚོང་ལས་དཔལ་འབྱོར་ལ་མཁས་པའི་སློབ་ཆེན་པ་མང་བོ་དགོས་པ་རེད། དེ་ན་ཡོད་པ་ཨེ་རེད་ཟེར་ན་ཡོད་པ་མ་རེད། ང་ཚོས་དེ་བསྐྱེད་སྲིང་བྱེད་ཀྱིན་མི་འདུག ཐ་ན་ཚོང་ལས་དཔལ་འབྱོར་ལ་དགའ་བའི་སློབ་ཆེན་པ་རེ་གཉིས་ཡོད་པར་གྱུར་ཀྱང་ནི་དེའི་ཕ་མ་དང་གཉེན་ཉེ་དུ་རྣམས་ཀྱིས་ངོ་རྒོལ་བྱེད་ངེས་རེད། དེ་ང་ཚོའི་ལུགས་སྲོལ་ལྟ་བུར་གྱུར་འདུག ཅིའི་ཕྱིར་ཞེ་ན། ཁོ་ཚོར་རང་གི་མི་རིགས་དང་ས་གནས་ཡར་རྒྱས་གཏོང་བའི་འདུ་ཤེས་ཡོད་པ་མ་རེད། རང་ཁོ་ན་འཚོ་ཐབས་དང་སྐྱིད་ཐབས་ཤིག་བསམ་ནས་བསྡད་ཡོད། སྤྱིར་བཏང་ཁེ་ལས་ནི་མི་རིགས་དང་ས་གནས། རྒྱབ་ཁབ་དང་འཛམ་གླིང་བཅས་འཕེལ་རྒྱས་ཀྱི་ལམ་དུ་སྣེ་ཁྲིད་ཐུབ་པའི་ལས་རིགས་ཤིག་ཞིག་ཡིན་མོད་རང་རེ་རྣམས་ལ་ད་དུང་ཁེ་ལས་གཉེར་བ་ནི་ཐ་ཤལ་བ་ཞིག་ཡིན་སྣང་སྐྱེ་བཞིན་ཡོད། གལ་ཏེ་སློབ་གྲྭ་ཆེན་མོ་བ་ཞིག་ལ་ཁྱོད་ངེད་ཅག་གི་ཁེ་ལས་སུ་ཤོག་དང་ངས་ཁྱོད་ལ་ཟླ་རེར་སྒོར་༢༠༠༠རེ་སྟེར་ཞེས་ན་བཤད་ན་ཕལ་ཆེར་ཞིག་མི་འོང་བར་འདུག གོང་རིམ་གྱིས་གནས་སྐབས་ཙམ་གྱི་བྱ་བ་རེ་བཀོད་སྒྲིག་བྱས་ཏེ་ཟླ་རེར་སྒོར་༦༠༠རེ་སྟེར་ན་འདང་རྒྱག་མེད་པར་བྱ་བ་དེར་འཇུག་པར་བྱེད། འདི་ཅི་ཡིན་ཟེར་ན། ཁོ་ཚོར་ཕུགས་བསམ་དང་སྙིང་སྟོབས་མ་ཡོད་པས་རེད། རང་ཉིད་རང་གི་ཀླད་པ་དང་ལག་པ་དང་རྐང་བ་བཅས་ལ་བརྟེན་ནས་བྱ་བར་ཞུགས་ཤིང་རང་ཁ་གསོ་བའི་སྤོབས་པ་དེ་ཡོད་པ་མ་རེད། དེ་མེད་པས་རང་ཉིད་འཆི་རག་བར་དུ་རྒྱལ་ཁབ་སོགས་གང་ཡང་རུང་བ་ཞིག་གིས་གསོས་ནས་འདུག་པ་ལ་རེ་བ་རྒྱག་གི་ཡོད། ལྟ་སྟངས་དེ་མ་གཏོགས་ཡོད་པ་མ་རེད། ངས་ནམ་ཡང་བཤད་མྱོང་བ་བཞིན། འཛམ་གླིང་དུ་མིའི་འཇོན་ཐང་ལ་རིགས་གསུམ་བཀར་ཡོད་པ་ལས་གཞུང་གི་ལས་བྱེད་པ་ནི་ཆེས་ཐ་མ་བོ་རེད། ཅིའི་ཕྱིར་ཞེ་ན། ཁོ་ཚོས་རང་གི་འཇོན་ཐང་ངོམ་མི་ཐུབ་པར་གཞན་ལ་གཡོག་བྱས་ཏེ་དེའི་གླ་ལ་བརྟེན་ནས་མི་ཚེ་སྐྱེལ་བ་ལས་རང་གི་ནུས་པར་བརྟེན་ནས་འཚོ་བའི་སྤོབས་པ་དང་བྲལ་ནས་ཡོད་དོ། །      ༼མུ་འགོད།༽

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5931052
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号